མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་ཞིང་ཆེན་འཛུགས་སྐྲུན་བྱ་བར་ཤུགས་བསྣན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཞེས་པ་བརྗོད་དོན་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་རབ་དང་རིམ་པ་ལས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆེད་དོན་ཚོགས་འདུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྤུས་ཚད་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་ལས་སྒོ་སྔར་ལས་ཇེ་མགྱོགས་སུ་བཏང་ནས། སྤུས་ཚད་དང་འབྲེལ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མུ་མཐུད་འཐུས་ཚང་དུ་བཏང་བ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་ཕན་ནུས་བརྟན་པོའི་ངང་མཐོ་རུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་སྣ་མང་མཉམ་འདུས་ཀྱི་སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་གསར་གཏོད་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། མཐོ་སྒང་གི་སྐས་རིམ་ས་བབ་ཀྱི་ཕྱི་རོལ་ལས་ཀའི་གནས་ཚུལ་ཚོད་ལྟའི་ར་བ་བསྐྲུན་པ། རྒྱལ་ཡོངས་ཀྱི་3Hས་མཐོའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མ་ལག་དང་པོ་ཁྱབ་སྒྲོག་བཅས་བྱས་ཏེ། ས་མཐོའི་ཁོར་ཡུག་གི་སྤུས་ཚད་དཔང་དངོས་བདེན་པ་ཡིན་པའི་སྟོང་ཆ་བསྐངས། ནུས་ཁུངས་གསར་པའི་སྒྲིག་ཆས་སོགས་གཙོ་གནད་ཐོན་ལས་ཕྲེང་འབྲེལ་ས་ཁོངས་ལས་བརྒལ་བའི་ངང་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྒྱལ་ཁབ་ཀྱི་བོད་ལུགས་ས་གདན་དང་རྒྱུ་ཆ་དང་འབྲེལ་བའི་སྤུས་ཚད་ཞིབ་བཤེར་ལྟེ་གནས། རྒྱལ་ཡོངས་ཀྱི་ཚྭ་དང་འབྲེལ་བའི་རྫས་འགྱུར་བཟོ་ལས་ཀྱི་ཞབས་ཞུའི་སྟེགས་བུ་ཐོག་མ་བསྐྲུན་རྒྱུ་རེད། རྒྱལ་ཡོངས་སུ་སྔོ་ལྗང་རྩིས་ཤུགས་ཀྱི་ས་གནས་ཚད་གཞི་ཁག་ལྔ་སྔོན་ལ་ཁྱབ་སྒྲོག་བྱས་པ་དང་། འོད་ཤུགས་དང་དངུལ་རྩའི་ཁྱབ་ཁོངས་ནས་ཁེ་ལས་ཀྱི་ཚད་གཞིའི“སྣེ་ཁྲིད་པ”ཐོན་ཡོད། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཐོ་སྒང་གི་ལྷད་མེད་སྐྱེ་ཁམས་དང་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་གི་ཞིང་ཆེན་སྟོབས་ལྡན་མཉམ་དུ་འཛུགས་སྐྲུན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།