ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2025ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་ནས། ཟླ2པའི་ཚེས5ཉིན་ནས་ཚེས6ཉིན་བར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2025ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་།     ཚོགས་འདུ་ལས་ཀྲུང་དབྱང་ཆབ་སྲིད་ཆབ་སྲིད་ཅུས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུ་ཚད་ཤིང་དུ་བྱས་ནས། བྱ་བའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ་གནད་དོན་བཤེར་འདོན་ནན་ཏན་བྱས་ཤིང་། གནད་དོན་གྱི་འབྱུང་རྩ་གཏིང་སྔོག་དང་།   བཅོས་སྒྲིག་གི་ཁ་ཕྱོགས་ཁ་གསལ་བཟོས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་ཏུ་སྤེལ་ཏེ་བསམ་བློ་གཅིག་གྱུར་དང་སྤྱོད་ཚུལ་སྦྱོང་བརྡར།     བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་ལ་སླེབས་ཡོད།     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་ཕྱོགས་སྡོམ་གཏམ་བཤད་སྤེལ།     ཏང་ཙུའུ་ཁོངས་མི་མིན་པའི་ཀྲུའུ་རེན་གཞོན་པ་ཟུར་ཞུགས་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།     ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།    

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོ་བསྡུ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཚོགས་འདུ་མ་བསྡུས་གོང་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་ཤིང་།     བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ།     སེམས་གཏམ་བཤད་པ་དང་གླེང་མོལ་ནན་ཏན་བཅས་བྱས་ཏེ།    ཞིབ་འཇུག་གི་ལམ་ནས་ཞིབ་བསྡུར་ཞིབ་བཤེར་གྱི་རྒྱུ་ཆ་དང་གཏམ་བཤད་གནད་བསྡུས་བྲིས་ནས།     དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོ་བསྡུ་ཆེད་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད།     ཚོགས་འདུའི་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི2025ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་བྱས་ཚུལ་དང་།     ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བཅོས་སྒྲིག་བཅོས་སྐྱོང་བྱས་ཚུལ།     2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གནད་དོན་བཤེར་འདོན་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་བཅས་བརྡ་ཁྱབ་བཏང་།     དབྱང་ཧྥེང་ཁྲུན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་། ཏང་ཙུའུ་ཁོངས་མིས་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་ངང་སྤེལ།    

དབྱང་ཧྥེང་ཁྲུན་གྱིས་ཕྱོགས་སྡོམ་གཏམ་བཤད་ནང་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱེད་པ་དང་།     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་རང་ངོས་ཀྱི་འཛུགས་སྐྲུན་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བར་བླང་བྱ་བཏོན།     རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་།     བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་དགོས།     མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་ཆེན་འགན་ནུས་ཀྱི་བྱ་བ།     མི་དམངས་མང་ཚོགས་ཀྱི་རེ་སྒུག་བཅས་ལ་གཞི་ཚུགས་ནས་ཕྱོགས་ཡོངས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་སོ་སོ་ལག་བསྟར་བྱ་དགོས།     དམངས་ཆེན་གྱི་ཆབ་སྲིད་རང་བཞིན་དང་།     དམངས་གཙོ་རང་བཞིན།     ཁྲིམས་སྐྱོང་རང་བཞིན།     མི་དམངས་རང་བཞིན་བཅས་གཅིག་གྱུར་དམ་ཟབ་བྱས་ཏེ།     དམངས་ཆེན་གྱི་འགན་ཁུར་ལ་བརྟེན་ནས་ཏང་སེམས་བདེ་བ་དང་།     འཐུས་མི་དང་མང་ཚོགས་ཡིད་ཚིམས་པའི་དཔེ་སྟོན་ལས་ཁུངས་འབད་པས་བསྐྲུན་དགོས།     ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་མོ་དང་།     རྒྱུན་ལྡན་རང་བཞིན་གྱི་སློབ་སྦྱོང་དང་སློབ་གསོ་དམ་འཛིན་བྱེད་པ།     ཆབ་སྲིད་ཀྱི་བྱས་འབྲས་ལྟ་བ་ཡང་དག་ཆགས་པ་དང་ལག་ལེན་བྱེད་པ། “སྤྱོད་ངན་བཞི”ཡོ་བསྲང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་།     དམངས་ཆེན་ཏང་ཡོན་དང་ལས་བྱེད་པས་གོམ་གང་མདུན་སྤོས་ཀྱིས་སྤྱོད་ཚུལ་བསྒྱུར་ནས་སྤྱོད་ཚུལ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།    བཅོས་སྒྲིག་གི་ལས་འགན་ལ་དམིགས་པ་དང་།    བཅོས་སྒྲིག་གི་དམིགས་འབེན་ཁ་གསལ་བཟོ་བ།     བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་བཅོས་སྒྲིག་དོན་འཁྱོལ་ཡོང་བ་དམ་འཛིན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།