ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་ཚོགས་འདུ་ཐེངས་བཞི་པ་བསྡུས། ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ2པའི་ཚེས6ཉིན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་ཚོགས་འདུ་ཐེངས་བཞི་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།     སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བྱ་བའི་བཀོད་སྒྲིག་ལྟར་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ།    “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།      

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།     ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་བརྟན་པོར་ཁུར་བ་དང་།     སྤྱོད་གཙང་སྒྲིག་ནན་རུལ་རྒོལ་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་།     ཆབ་སྲིད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ།     སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།     ལྟ་སྐུལ་དང་ལྟ་སྡོམ་ནན་འཛིན་དང་དམ་འཛིན་བྱས་པ།     དངོས་སྒྲུབ་སྔོན་བརྩོན་བྱེད་པའི་རྣམ་པ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ཏེ།     ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།    

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་བ་དང་།     ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱིས་ལག་བསྟར་དང་དོན་འཁྱོལ་བྱ་དགོས།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་ཞིབ་བསྡུར་བྱས་ཏེ། ཕྱོགས་ཡོངས་ནས་གཏིང་ཟབ་དང་གནད་ལ་འཁེལ་བའི་སྒོ་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་དང་།     ཆབ་སྲིད་ཀྱི་བྱས་འབྲས་ལྟ་བ་ཡང་དག་ཆགས་པ་དང་ལག་ལེན་བསྟར་ནས་ཚད་གཞི་སྔར་ལས་མཐོན་པོའི་ཐོག་ནས་ལག་བསྟར་པ་དང་བྱ་སྤྱོད་སྤེལ་མཁན།    དངོས་སྒྲུབ་པ་བཅས་ལེགས་པོ་བྱེད་དགོས།     སྔར་ལས་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་གཟེབ་ཏུ་བཅུག་ནས། ལམ་ལུགས་ལྟར་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་ཕན་ཚུན་གཅིག་གྱུར་རྒྱུན་འཁྱོངས་དང་།     ལམ་ལུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ།   ལྟ་སྐུལ་གྱི་དྲ་རྒྱ་དམ་ཚགས་བཟོ་བ།   སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་དབང་ཆ་ཡང་དག་པར་སྤྱོད་པར་འགན་ལེན་བྱེད་དགོས།     སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་།     ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།     ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་།   ནུས་ཆོད་སྤྱི་ཡོངས་ནས་མཐོར་འདེགས་གཏོང་བར་བརྟེན་ནས་བྱ་བ་སོ་སོ་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།     ནོར་སྲིད་ཀྱི་མ་དངུལ་དོ་དམ་ནན་མོ་དང་བེད་སྤྱོད་ལེགས་པོ་བྱེད་པ་དང་།     ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་མོ་བྱེད་པ།     རྩིས་བཤེར་ལྟ་སྐུལ་དང་ནོར་རྩིས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། ཚད་ཡོད་ཀྱི་འབྱོར་སྟོབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་ཐད་སྤྱོད་དགོས།   གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་འགོག་ཟོན་དང་ཆད་པ་གཅོད་པར་ཤུགས་རྒྱག་དགོས་པ་དང་།     མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ།     རུལ་སུངས་བྱེད་མི་ཕོད་པ་དང་།     རུལ་སུངས་བྱེད་མི་ཆོག་པ།     རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་།     དབང་ཆ་གཡར་སྤྱོད་ཀྱི་བར་སྟོང་ཚད་ཆེ་ཤོས་ནས་ཇེ་ཆུང་དུ་གཏོང་དགོས།     ཚོང་གཉེར་ཁོར་ཡུག་རྩེ་གྲ་འབད་པས་བསྐྲུན་ནས“ལས་ཆོད་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པའི”བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།     རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་དང་སྔར་ལས་ལེགས་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་དགོས།     ཀྲུང་དབྱང་གི་སྐོར་ཞིབ་དང་རྩིས་བཤེར་གྱི་ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་ལེགས་པོ་བྱས་ཏེ། བཅོས་སྒྲིག་ཕན་འབྲས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གོམ་སྟབས་གསར་པ་སྤོ་དགོས།    

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་ཏང་ཙུའུ་དང་། སྡེ་ཁག་ཁག་གི་ཏང་ཙུའུ(ཏང་ཨུ)ཡིས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི“སྔར་བས་དོན་འཁྱོལ་ལྔ”དང་ཡིད་ཆེས་བརྟན་པོ་དང་།     དངོས་གཉེར།     འགན་ཁུར།  རང་གཅུན་བཅས་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།     ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་བརྩེ་བ་ཡོད་པ།    དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ།     ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་ལ་བརྟེན་ནས་ཕྱོགས་སོ་སོའི་འགན་འཁྲི་དུས་མཉམ་དུ་དོན་འཁྱོལ་བྱེད་པར་སྐུལ་ཁྲིད་བྱེད་པ་དང་།    མུ་ཕྲེང་ཡོངས་ཀྱི་མཉམ་ལས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།   སྲིད་བརྩོན་འགན་ཁུར་གྱི་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་སྒྲུབ་དང་ལས་གཏོད་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འགོ་ལེགས་པོ་ཚུགས་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།    

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག   ལས་ཁུངས་བཅས་ཀྱིས་གཏམ་བཤད།    

ལིའུ་མེ་ཕིན་གདན་ཞུ་ལྟར་ཚོགས་འདུར་ཞུགས་པ་དང་ཀྲང་ཅིན་ཀང་གིས་འགོ་འཛིན་བྱས།     ཚེ་རིང་ཐར་དང་ལིའུ་ཐའོ།     དབྱང་ཀྲི་ཝུན།     ལིའུ་ཁྲའོ།     ལི་ཧུང་ཡ།     ཝང་ཧའེ་ཧུང་།     ཁྲེང་ཅི་ཝེ་བཅས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།