ཟླ2པའི་ཚེས6ཉིན། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་བྱས་ཏེ། ནན་ཏན་གྱིས་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་དང་། བྱ་བར་སྤྱི་སྡོམ། གནས་བབ་ལ་དབྱེ་ཞིབ། ད་ལོའི་ལས་འགན་གལ་ཆེན་ལ་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཚའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་མི་དོན་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་རྩ་འཛུགས་བྱ་བར་འཕྲད་པའི་གནས་བབ་ལས་འགན་དམ་འཛིན་བྱེད་པ། མུ་མཐུད་དུ་རྩ་འཛུགས་བྱ་བའི་འགན་འཁྲི་བསམ་བློ་དང་འོས་འགན་གྱི་བསམ་བློ་ལེགས་པོར་བསྒྲུབ་པ། སྔར་ལས་ལྷག་པའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རྩ་འཛུགས་ཐོན་ཁུངས་གཅིག་བསྡུས་དང་། རྩ་འཛུགས་ཀྱི་འགན་ཁུར་མངོན་པ། རྩ་འཛུགས་ཀྱི་བྱས་རྗེས་འཇོག་པ་བཅས་བྱེད་དགོས། གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ལག་ཆ་གཏིང་ཟབ་དང་དོན་དངོས་སུ་འགྱུར་བར་རྒྱུན་འཐུད་ངང་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོག་གིས་སློབ་སྦྱོང་བྱེད་པ་དང་བསམ་བློ་གཏོང་བ། བེད་སྤྱོད་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཤེས་བྱ་དང་ལག་ལེན་གཅིག་གྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། དངོས་འཛིན་དངོས་སྒྲུབ་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་གཡུལ་ས་གཙོ་བོར་ཞུགས་དགོས། ཡང་དག་པའི་མི་འདེམས་པ་དང་མི་བཀོལ་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། སྐབས་བརྗེ་གོ་སྐབས་སུ་བྱས་ནས་རིམ་པ་ཁསོ་སོའི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། དོ་དམ་ནན་མོ་དང་དགའ་ཞེན་ཟབ་མོ་ཟུང་འབྲེལ་བྱེད་པ་དང་། ལྕག་སྐུལ་དང་གཅུན་འདོམས་གལ་ཆེན་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། གཞི་རིམ་དམ་འཛིན་བྱེད་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་ཏན་ཏིག་གཏོང་དགོས། ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མི་གསོ་སྐྱོང་དང་གཅིག་སྡུད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། འཇོན་མིའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དཔེ་སྟོན་སྡེ་ཚན་དང་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས།