2025ལོར་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་ཁྲི3ལས་ཐོག་མར་བརྒལ་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ2པའི་ཚེས5ཉིན་ཚོང་དོན་པུའུ་ནས་ཤེས་གསལ་ལྟར་ན། ཚོང་དོན་གཞི་གྲངས་ཆེན་མོའི་ལྟ་ཞིབ་ཚད་ལེན་གཞིར་བཟུང་ན། 2025ལོར་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་དང་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་གྲངས་འབོར་སོ་སོར་སྒོར་དུང་ཕྱུར་ཁྲི3དང་སྒོར་དུང་ཕྱུར7833.1ལ་བསླེབས་ནས་དུས་མཉམ་ལས་སོ་སོར6.7%དང9.9%འཕར་ཡོད། 

ཚོང་ཟོག་དང་ཞབས་ཞུའི་འཛད་སྤྱོད་རྒྱུན་མཐུད་ངང་འཕར་ཡོད། 2025ལོར་རྫོང་ཁོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་དུ་བརྗེ་བ་དང་ལག་འཁྱེར་ཁ་པར་སོགས་ཉོས་པའི་ཁ་གསབ་ཀྱིས་ཕྱིར་འཚོང་བྱེད་ཚད་ཁྲི4823ལ་བསླེབས་པ་དང་། ཕྱིར་ཚོང་སྒོར་མོ་དུང་ཕྱུར1586ལ་བསླེབས། ཕྱོགས་གསུམ་པའི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། དུས་མཚུངས་སུ་རྫོང་ཁོངས་ཞབས་ཞུའི་ཕྱིར་ཚོང་གྲངས་འབོར་སྒོར་དུང་ཕྱུར་ཁྲི9.1བསླེབས་ནས་དུས་མཉམ་ལས5.9%འཕར་ཡོད། 

གྲོང་གསེབ་ཀྱི་གློག་རྡུལ་ཚོང་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད། 2025ལོར་གློག་རྡུལ་ཚོང་དོན་ལས་སྟེགས་ཐོག་མ་ཡིས་ལོ་ཧྲིལ་པོར་ཞིང་པར་རོགས་རམ་བྱེད་པའི་ཐད་གཏོང་ཐེངས་ཁྲི400ལས་བརྒལ་བ་དང་། ཞིང་ལས་དམིགས་བསལ་ཐོན་རྫས་ཕྱིར་ཚོང་མངག་ཐོ་དུང་ཕྱུར་བརྒྱ་ལས་བརྒལ། ཉིན་རེའི་ཆ་སྙོམས་ཚོང་ཟོག་སྐྱེལ་ཚད་ཁྲི2000ལས་བརྒལ་ཡོད། 

ཟོག་འགྲེམས་དྲ་རྒྱ་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད། 2025ལོར་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས348དང་། ཤང་གྲོང་གི་མྱུར་སྐྱེལ་ཟོག་འགྲེམས་ས་ཚིགས562འཛུགས་རྒྱུར་རྒྱབ་སྐྱོར་བྱས། མིག་སྔའི་བར་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་ཀྱི་ཁྱབ་ཚད100%ལ་བསླེབས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།