ལི་ཆང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་སྐོར་ཞིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》ཁྱབ་བསྒྲགས་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་སྐོར་ཞིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ3པའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་བསྒྱུར་གྱི་དགོངས་དོན་དོན་འཁྱོལ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ། སྲིད་འཛིན་ཁྲིམས་སྲོལ་གྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མཐོ་འདེགས་གཏོང་བར་ནུས་ཤུགས་བཏོན་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྲོལ་ལ་གཙང་བཤེར་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ9ཡི་དོན་ཚན་སྐོར་ཞིག་ལ་བཟོ་བཅོས་རྒྱབ་པ་དང་། སྲིད་འཛིན་ཁྲིམས་སྲོལ2མེད་པར་བཟོ་བར་གཏན་འབེབས་བྱས།

《གྲོང་ཁྱེར་གྱི་ལྗང་སྒྱུར་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་པ་དང་། ལེགས་སྒྲིག་བྱས་ཟིན་པའི་སྒྲིག་གཞིའི་མིང་དང་འགན་འཁྲི་དང་འབྲེལ་བ་ཡོད་པའི་སྒྲིག་གཞིའི་མིང་ལེགས་སྒྲིག་བྱས་ཏེ། མིག་སྔའི་རང་རྒྱལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞིའི་ལག་ལེན་དང་སྔར་ལས་ལེགས་པར་འཚམ་པ་རེད།

《ཡུལ་ལྗོངས་གྲགས་ཅན་ཁུལ་གྱི་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་པ་དང་། འབྲེལ་ཡོད་འཆར་འགོད་ཞིབ་བཤེར་ཆོག་མཆན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅོས་བསྒྱུར་སྲིད་ཇུས་དང་སྦྲེལ་མཐུད་ཡག་པོ་བྱས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལམ་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་པ་དང་། གསར་དུ་བཟོ་བཅོས་བྱས་པའི《ཀྲང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཅིག་མཐུན་ཡིན་པ་རྒྱུན་འཁྱོངས་བྱས།

《གྲོང་རྡལ་གྱི་རྡོ་སོལ་གཏེར་ཁའི་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་མེད་པར་བཟོས་ནས། མིག་སྔའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལག་ལེན་དགོས་མཁོ་དང་། དེ་མིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བྱ་བའི་དོན་དངོས་དང་མཐུན་པར་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།