ཟླ2པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2026ལོར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་དུ་གསར་དུ་ལས་ཞུགས་བྱས་པའི་མི་ཁྲི6ལ་སླེབས་ཡོད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཚུལ་སྒྱུར་ལས་ཞུགས་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་ལ་སླེབས་པ། སློབ་མཐར་ཕྱིན་ནས་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་རམ་བྱེད་ཚད95%ཡན་ཆད་དང་། མཁར་གྲོང་གི་ལས་ཤོར་བསྡུར་ཚད་བརྟག་དཔྱད་བྱས་ཚད5.5%ཡས་མས་ཡིན་ལ། ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་འབུམ་གཅིག་ཡོངས་འགྲུབ་བྱས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་དོན་ལས་ཁུངས་ཀྱིས་ཡོངས་བསྒྲགས་གདན་ཞུ་བྱས་པའི་མི3000ཡན་དང་། ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་པའི་ཆེད་ལས་ལག་རྩལ་མི་སྣ་ཁྲི་གཉིས་དང་སྟོང་ལྔའི་ཡན་ཆད་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་པ3000ཡན་གསར་དུ་བསྣན་པ། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཞུ་སྦྱོར་གྱོད་བསྒྲིལ་སྡུར་ཚད་དང་། ཞིང་པ་ཞོར་ལས་པའི་གླ་ཕོགས་ཆད་འགྱངས་ཞུ་གཏུག་གྱོད་དོན་ཐག་གཅོད་བྱས་ཚད། ངལ་རྩོལ་མི་དོན་གྱི་རྩོད་གཞི་བར་འདུམ་བྱས་པའི་གྱོད་དོན་ཐག་གཅོད་བྱས་ཚད་བཅས་སོ་སོར97%དང་། 98%། 95%ཡན་བཅས་སུ་སླེབས་ཡོད།
དམིགས་འབེན་དེ་དག་མངོན་འགྱུར་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ལས་ཞུགས་སྔོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ཀྱི་མཛའ་བརྩེའི་རྣམ་པའི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བཙུགས་པ་བརྒྱུད། སྲིད་ཇུས་སྣ་ཚོགས་ཀྱིས་ལས་ཞུགས་ལ་མཐུན་སྦྱོར་རྒྱབ་སྐྱོར་བྱ་རྒྱུར་སྐུལ་འདེད་བཏང་། ལས་གནས་བརྟན་པོ་དང་ཤོང་ཚད་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས། སྲིད་ཇུས་བརྟན་གཏོང་གི་བྱ་བ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ་སོགས་གཙོ་གནད་ཁྱུ་ཚོགས་ཀྱི་གནད་འཁེལ་རོགས་སྐྱོར་དང་ལས་ཞུགས་ཁྲིད་སྟོན་ལ་ཤུགས་བསྣན་ཡོད། ཧུར་ཐག་གིས་ངལ་ལས་ཀྱི་ཟོང་རྟགས་གསོ་སྐྱོང་དང་ལས་ཞུགས་ཀྱི་ནུས་འབྲས་རྒྱ་སྐྱེད་དང་སྐུལ་ཁྲིད་བྱེད་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒན་གསོའི་ཉེན་ཚབ་སོགས་གཙོ་གནད་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། རྒན་གསོའི་འགན་སྲུང་ཚད་གཞི་འོས་འཚམ་གྱིས་མཐོ་རུ་གཏོང་དགོས། སྟབས་བསྟུན་གྱི་ལས་ཞུགས་སོགས་མི་སྣ་ཉེན་ཚབ་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། ལས་རིགས་ཀྱི་གནོད་འཚེའི་རྨས་སྐྱོན་འགན་སྲུང་ལག་བསྟར་ཚོད་ལྟ་བྱེད་པ། ལས་ཤོར་དང་ལས་རྨས་ཀྱི་ཉེན་ཚབ་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་རེད། གོ་མིང་ལམ་ལུགས་དང་ལས་དོན་ལས་ཁུངས་ཀྱི་མི་དོན་དོ་དམ་སོགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། “རྩལ་ནུས་ཀྱིས་མདུན་ལམ་ལ་འོད་སྣང་སྦྱིན་པའི”བྱ་སྤྱོད་སྤེལ་ནས། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། “ལས་གནས་དགོས་མཁོ་དང་གསོ་སྦྱོང་། གདེང་འཇོག་དང་ལས་ཞུགས”བཅས་གཞི་གཅིག་ཅན་གྱི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་པ་བཙུགས་ནས། ཤེས་ལྡན་མི་སྣ་འདོན་སྤྲོད་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད། ངལ་རྩོལ་འབྲེལ་བའི་གྲོས་མོལ་མཐུན་སྦྱོར་དང་རྩོད་གཞི་སྣ་མང་ཐག་གཅོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཁེ་ལས་ཀྱི་གླ་ཕོགས་ཡོང་འབབ་བགོ་བཤའི་མཛུབ་ཁྲིད་ལ་ཤུགས་སྣོན་དགོས་པ་མ་ཟད། བཟོ་སྐྲུན་འཛུགས་སྐྲུན་གྱི་མངའ་ཁོངས་གཙོ་གནད་དུ་འཛིན་པའི་གླ་ཕོགས་ཆད་པའི་འགོ་ཁུངས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། བཅོས་སྐྱོང་བྱེད་སྟངས་དེ“དོན་གྱི་སྔོན་ལ་སྔོན་འགོག་བྱེད་པའི”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།
དེ་དང་ཆབས་ཅིག “མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་ལ་སླེབས་པའི”བྱེད་སྒོ་སྤེལ་བ་བརྒྱུད། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། ཤེས་ལྡན་མི་སྣའི་ཞབས་ཞུའི་གཏིང་ཚད་དང་ཟབ་ཚད་རྒྱ་བསྐྱེད་ཡོད། ལས་སྒྲུབ་རྣམ་པ་ཇེ་ལེགས་སུ་བཏང་སྟེ། “སྒེའུ་ཁུང་གཅིག་ལས་སྒྲུབ་ཐུབ་པ”དང“ས་ཁོངས་ལས་བརྒལ་བའི་སྒྲུབ་པར” སྐུལ་འདེད་གཏོང་དགོས། “མཚོ་སྔོནeལས་ཞུགས”སོགས་གཞི་གྲངས་སྟེགས་བུ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་བྱང་བུའི“བྱང་བུ་གཅིག་གིས་ཀུན་གྱིས་གོ་ཆོད་པའི”བྱེད་ནུས་རྒྱ་ཆེར་གཏོང་བ། ཞབས་ཞུའི་སྟབས་བདེ་མཐོ་རུ་གཏོང་དགོས།