ཟླ2པའི་ཚེས3ཉིན་ནས་ཚེས4ཉིན་བར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས2025ལོའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་བྱེད་པའི་ཆོད་སེམས་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་འབེབ་བྱེད་པ། ཀྲུང་དབྱང་གི་སྐོར་ཞིབ་དང་། རིམ་པ་སོ་སོའི་སྐོར་བཤེར་སྐོར་ཞིབ་ལྟ་ཞིབ་དང་། བཏོན་པའི་གནད་དོན་བཅོས་སྒྲིག་རྩིས་བཤེར་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་བཟང་པོ་སྤྱད་ནས་འཐབ་ལམ་གསར་པར་འབད་པས་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་མ་ཟད་སྤྱི་བསྡོམས་གཏམ་བཤད་བྱས། ཏང་ཙུའུ་ཡི་ཁོངས་མི་མིན་པའི་ཀྲུའུ་ཞི་གཞོན་པ་ཟུར་ཞུགས་བྱས་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་དགུ་པའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས།
ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བྱ་བའི་ཇུས་གཞི་ཞིབ་ཚགས་བཟོས་པ་དང་གྲ་སྒྲིག་བྱ་བ་སྣ་ཚོགས་ཞིབ་ཚགས་སྒོས་སྤེལ་བཞིན་ཡོད། གྲོས་ཚོགས་ཀྱི་སྔོན་ལ། ཏང་ཙུའུ་ཁོངས་མིས་ སློབ་སྦྱོང་དང་གྲོས་བསྡུར། བསམ་འཆར་བསྡུ་ལེན། སེམས་གཏམ་དང་གླེང་མོལ་བྱེད་པ། རང་ཉིད་ལ་ཞིབ་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་གནད་དོན་བཤེར་འདོན་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ། རྒྱུ་ཆ་ལྟ་བསྡུར་ཞིབ་བཤེར་བྱས་པའི་གནས་ཚུལ་ནན་ཏན་གྱིས་བྲིས་པས། སྤུས་ཚད་མཐོ་བའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཡག་པོ་འཚོགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས2025ལོའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་བསམ་འཆར་བསྡུ་ལེན་གྱི་གྲོས་གཞིའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་དམངས་གཙོའི་འཚོ་བའི་གྲོས་ཚོགས་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་གནས་ཚུལ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སློབ་སྦྱོང་སློབ་གསོའི་བཅོས་སྒྲིག་ གནས་ཚུལ་བཅས་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་འགོ་ཁྲིད་ཀྱི་ཚབ་བྱས་ཏེ་ལྟ་བསྡུར་ཞིབ་བཤེར་བྱས་པ་མ་ཟད། སྣེ་ཁྲིད་དེ་མི་སྒེར་ལ་ལྟ་བསྡུར་ཞིབ་བཤེར་བྱས་པ་དང་། ཚན་ཁག་གི་ཁོངས་མི་གཞན་དག་ལ་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་རྒྱུར་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གཞུང་ལུགས་ཀྱི་དྲག་ཆས་ལ་རྒྱུན་མཐུད་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས། ལྟེ་བའི་ཞབས་ཞུའི་སྤྱི་ཡོངས་ལ་དམིགས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་དང་། དམངས་གཙོའི་ལྟ་སྐུལ་གྱི་ཁྱད་སྟོབས། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་བྱེད་ནུས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གྲོས་ཀྱི་བྱ་སྤྱོད་དང་སྲིད་གྲོས་ཀྱི་བློ་གྲོས། སྲིད་གྲོས་ཀྱི་སྟོབས་ཤུགས་བཅས་སྔར་ལས་ལྷག་པའི་སྒོ་ནས “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཚུགས་པར་ཞབས་འདེགས་ཞུ་བའི་དངོས་སྒྲུབ་བྱ་སྤྱོད་དུ་བསྒྱུར་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་མོ་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང“ལས་གཅིག་འགན་གཉིས”བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་བླངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། “སྤྱོད་ངན་བཞིའི”བཅོས་དཀའི་གཅོང་ནད་མཐའ་གཅིག་ཏུ་དག་བཅོས་བྱས་ཏེ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་ལ་བརྟེན་ནས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་རྨང་གཞི་བརྟན་པོ་དངོས་གནས་འཛུགས་དགོས།