མཚོ་སྔོན་ཞིང་ཆེན་གྱི་ཁྲལ་དོན་བྱ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2ཚེས4ཉིན། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས།      ཚོགས་འདུ་ལས2025ལོ་དང་དེ་བཞིན“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་ཁྲལ་བསྡུའི་བྱ་བ་ཕྱོགས་བསྡོམས་དང་།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་བྱ་བའི་སྤྱིའི་རིག་ལམ་ཇུས་འགོད་བྱས་ཏེ།     2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།    

ཚོགས་འདུ་ལས་བསྟན་དོན།     “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ།     མཚོ་སྔོན་ཁྲལ་དོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང་ལས་འགན་བདེ་བླག་ངང་དོན་འཁྱོལ་བྱས་པ་དང་།     ཁྲལ་བསྡུའི་བཅོས་སྐྱོང་ནུས་ཆོད་རྒྱུན་མཐུད་རིམ་སྤར་བྱས་ཤིང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་ཁྲལ་བསྡུའི་འགན་ནུས་ནུས་པ་སྔར་བས་མངོན་གསལ་དོད་པོ་བྱུང་ཡོད།   ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་ཁྲལ་རིན་ཡོང་འབབ་བསྡུ་ལེན་བྱས་པ་སྒོར་ཁྲག་ཁྲིག་བཞི་ཐེར་ཆེན་ལྔ་ཐེར་འབུམ་གསུམ་དུང་ཕྱུར་གཅིག་ལ་སླེབས་པ་དང་ཆ་སྙོམས་ལོ་རེར་བརྒྱ་ཆའི་བདུན་གྲངས་ཆུང་གཉིས་དགུ་འཕར་ཡོད།   ཁྲལ་རིན་གཉིས་ཆག་དང་ཁྲལ་སློག་ཁྲལ་འགྱངས་རིན་འགྱངས་བཅས་ཀྱི་བྱེད་ཐབས་གསར་པ་བརྒྱུད་དེ་གཟིགས་སྐྱོང་སྒོར་ཐེར་ཆེན་དགུ་ཐེར་འབུམ་ལྔ་ཡན་ལ་སླེབས་ཤིང་། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས།     2025ལོར་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་སྡེ་ཁག་གིས་ཁྲལ་བསྡུའི་དཔལ་འབྱོར་ལྟ་བ་དང་།     ཁྲིམས་སྐྱོང་ལྟ་བ།     སྐྱེ་ཁམས་ལྟ་བ་བཅས་ཡང་དག་ཆགས་པ་དང་ལག་ལེན་བསྟར་བ་དང་།    གཙོ་འགན་གཙོ་ལས་བློ་བརྟན་འགྱུར་མེད་ངང་འཁུར་བ་དང་།     རིམ་རྩིས་བྱས་ན་ཁྲལ་རིན་ཡོང་འབབ་སྒོར་ཐེར་ཆེན་དགུ་ཐེར་འབུམ་བདུན་དུང་ཕྱུར་གཉིས་ས་ཡ་བདུན་ལ་སླེབས་པ་དང་།    ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གཉིས་གྲངས་ཆུང་བརྒྱད་དྲུག་འཕར་ཡོད།     “རྨང་གཞི་བརྟན་གཏོང་གི་ལས་གྲྭ”ལག་བསྟར་གཏིང་ཟབ་བྱས་ནས་ཁྲལ་བསྡུའི་བཅོས་སྐྱོང་ནུས་ཆོད་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད།      

ཚོགས་འདུ་ལས་ནན་གྱིས་བསྟན་དོན།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ།     ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་སྡེ་ཁག་གིས“ངེས་པར་དུ་གསུམ”ཁ་ཕྱོགས་གཙོ་བོར་བཟུང་ནས།     “འབྲེལ་མཐུད་གསུམ”འགག་རྩའི་འཛིན་བྱེད་དུ་བཟུང་སྟེ།     “ཤུགས་སྣོན་གསུམ” སྐུལ་འདེད་བྱེད་ཐབས་སུ་བརྩིས་ཏེ།     འགོ་ཚུགས་ས་གསར་པའི་ཐོག་ནས་ཁྲལ་བསྡུའི་བྱ་བར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།     2026ལོར་ཆུ་ཚད་མཐོ་བའི་ནུས་ཆོད་ཀྱི་ཁྲལ་དོན་འཛུགས་སྐྲུན་བྱ་རྒྱུ་དེ་གནས་ངེས་སུ་བྱས་ཏེ།    བཅའ་ཁྲིམས་ལྟར་ཁྲལ་དོན་བཅོས་སྐྱོང་དང་།     གཞི་གྲངས་ལ་བརྟེན་ནས་ཁྲལ་དོན་བཅོས་སྐྱོང་།    གཟབ་ནན་གྱིས་ཁྲལ་དོན་བཅོས་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། གྲངས་འཛིན་ཅན་དུ་འགྱུར་བའི་ཆ་རྐྱེན་འོག་གི་ཁྲལ་བསྡུའི་དོ་དམ་གྱི“རྨང་གཞི་བརྟན་གཏོང་གི་ལས་གྲྭ”རྒྱུན་མཐུད་ངང་ལག་ཏུ་བསྟར་ཏེ།     ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཕྱོགས་ཡོངས་ནས་ཁྲལ་དོན་གཟབ་ནན་གྱིས་བཅོས་སྐྱོང་།      ཁྲལ་དོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ཁྲལ་དོན་ལག་ལེན་གྱི་རྣམ་པ་གསར་པ་འབད་པས་གཏོད་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།