(2026ལོའི་ཟླ་2པའི་ཚེས3ཉིན་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། )
ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་2026ལོའི་ཟླ་2པའི་ཉིན་2ནས་ཉིན་3བར་ཟི་ལིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན34དང་ཟུར་ཞུགས133ཞུགས་པ་རེད། ཞིང་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་གྱི་ཧྲིན་ཀྲང་ལུའོ་ཏུང་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་སྒྲིག་བཤེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་སྒྲིག་བཤེར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། 2025ལོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་ནས2026ལོའི་ལས་འགན་བཀོད་སྒྲིག་བྱས། བློ་མཐུན་ལིའུ་མེ་ཕིན་གྱིས་མཚོན་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནང་བའི་《ཚད་གཞི་སྔར་ལས་མཐོ་བའི་བྱེད་ཐབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས》ཞེས་པའི་ལས་དོན་སྙན་ཞུ་ཕུལ་བ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་བཤེར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་ལས་ཀའི་སྙན་ཞུ་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས། ཚང་མས་མགྲིན་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་པའི་ལོ་གཅིག་ནང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་དུ་འགྱུར་བའི་འགག་རྩའི་དུས་སྐབས་ལ་གཞིགས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་བཀོལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ལས་འགན་དམིགས་འབེན་མངོན་འགྱུར་ལ་འགན་སྲུང་བརྟན་པོ་འདོན་པར་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞིར་འཛིན་པ་འདོན་སྤྲོད་བྱས། བློ་མཐུན་ལི་ཞི་ཡིས་ཕུལ་བའི་ལས་ཀའི་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་ལམ་བུ་གསར་པར་བསྐྱོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་ལ་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། བློ་མཐུན་ཝུའུ་ཞའོ་ཅུན་གྱིས་གནང་བའི་གཏམ་བཤད་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལག་ལེན་མཐར་ཕྱིན་བྱེད་པར་བཀོད་སྒྲིག་བྱས་ནས་བླང་བྱ་བཏོན་ཡོད། ཚང་མས་མགྲིན་གཅིག་ཏུ། བསམ་བློ་དང་བྱ་སྤྱོད་གཉིས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་སྲོལ་སྤྱོད་གཙང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་དུས་བབ་ལ་བརྡར་ཤ་གསལ་བོ་གཅོད་པ་དང་། ལས་འགན་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་དང་། ཏང་སྲོལ་སྤྱོད་གཙང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བྱེད་པར་སྐུལ་འདེད་གཏིང་ཟབ་བཅས་བཏང་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་དམིགས་འབེན་ལ་འགན་སྲུང་བརྟན་པོ་འདོན་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མདུན་དུ་སྐྱོད་པར་འགན་ལེན་བྱས་ཡོད། “སྲུང་སྐྱོང་གཉིས”གནད་དུ་བཟུང་སྟེ་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་བྱ་སྤྱོད་སྔར་བས་བློ་བརྟན་འགྱུར་མེད་བྱུང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ་དང་། “བྱ་སྤྱོད་བཞི”ཡི་ནད་ཚུགས་ལ་བཅོས་སྐྱོང་དག་ཐེར་བྱས་པས། ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་བྱེད་པའི་རང་རྟོགས་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན། གུ་ཡངས་གཏན་ནས་མེད་པར་རུལ་སུངས་ལ་ཉེས་ཆད་བཅད་དེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་ཤུགས་རྒྱུན་འཁྱོངས་དང་། བྱ་སྤྱོད་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད། གྱོད་གཞིར་བརྟེན་ནས་བསྒྱུར་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་གཏིང་ཟབ་བཅས་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་སྣང་ཚུལ་སྔར་བས་གཙང་སེལ་བྱས། དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ལ་བརྟེན་ནས་མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། “སྦྲང་ནག་དང་གྲོག་མའི་རུལ་སུངས་”ལ་ཆད་གཅོད་མཐའ་གཅིག་ཏུ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སེམས་ཁུར་དང་གཅེས་སྐྱོང་། རུལ་སུངས་ལ་ངོ་རྒོལ་དང་དྲང་གཞག་དྲང་བདེན་སོ་སོའི་ཉེ་སར་ཡོད་པར་ཚོར་དུ་བཅུག རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ཏེ། བྱེད་སྟངས་དང་བྱ་ཐབས་ལེགས་བཅོས་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་བཅས་སུ་བཏང་ནས་སྐོར་ཞིབ་ཀྱི་རལ་གྲིའི་རྣོ་ངར་སྔར་བས་མངོན་གསལ་ཕྱིན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ནུས་ཕྱོད་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། “སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལོ”ཡི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཆབ་སྲིད་ཀྱི་ལྷག་བསམ་བརྟན་པོ་རྩ་བར་འཛིན་ཞིང་། འགག་རྩའི་གནད་དོན་ཐག་གཅོད་བྱ་བ་གཙོ་གནད་དུ་བཟུང་སྟེ། ལྷག་བསམ་གཙང་ཞིང་འགན་འཁུར་ཏུ་ལེན་པ། འཐབ་རྩོད་བྱེད་ཕོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་མཁྲེགས་པོ་ལྕགས་ཀྱི་དམག་མུ་མཐུད་དུ་རྡུང་བཟོ་བྱས།
ཚང་འཛོམས་གྲོས་ཚོགས་སྟེང་དུ། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་མགོ་རྩོམ་པའི་ལོ་ཡིན་པས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་བསམ་བློ་གལ་ཆེན་དང་། ཏང་རང་སྟེང་གི་གསར་བརྗེའི་སྐོར་གྱི་བསམ་བློ་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། “གཏན་འཁེལ་གཉིས”སྲ་བརྟན་དུ་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ངོ་རྒོལ་གྱི་བྱ་བ་མུ་མཐུད་དུ་གཏིང་ཟབ་སྤེལ་དགོས་པ་དང་། རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་རུང་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ། རུལ་སུངས་འབྱུང་བའི་རྒྱུ་དང་རྐྱེན་ནུས་ལྡན་ངང་མེད་པ་བཟོ་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བྱས་ནས་ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་ཐོག་ནས་ཏང་ཕྱོགས་ཡོངས་ནས་ནན་པོ་སྐྱོང་བར་སྐུལ་འདེད་བཏང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་དམིགས་འབེན་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།
དང་པོ། ཆབ་སྲིད་དང་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་གྱི་བྱ་སྤྱོད་སྤེལ་ཏེ། ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་ཏན་ཏིག་ཆེ་རུ་གཏོང་བར་སྐུལ་འདེད་དང་། ཏང་གི་ཐོག་མའི་སེམས་རྩ་བར་བྱེད་པ་དང་། ཏང་གི་འཁྲི་འགན་ཚེ་སྲོག་དུ་བརྩིས་ཏེ། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་ལག་ལེན་ཏུ་བསྟར་ནས་བློ་གྲོས་དང་སྟོབས་ཤུགས་ཚང་མ་ཏང་གི་ལྟེ་བའི་ལས་འགན་ཐོག་བསྡུ་དགོས། ལྟ་སྐུལ་ནུས་ལྡན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བཟུང་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་ཐུན་མོང་གཅིག་གྱུར་གྱི་མགོ་ཁྲིད་དེ་ཆབ་སྲིད་ཀྱི་རྩ་བའི་སྒྲིག་ལམ་དང་ཆབ་སྲིད་ཀྱི་རྩ་བའི་སྒྲིག་སྲོལ་དུ་བརྩིས་ནས་བསམ་བློ་ཉིས་འགལ་དང་། ཁ་སེམས་མི་མཐུན་པའི“ངོ་གཉིས་ཅན”ཤེས་མ་ཐག་ཏུ་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་སྲིད་བཀའ་ཤར་མར་བསྒྲགས་ཐུབ་པར་ཁག་ཐེག་དང་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་ཞི་བཅོ་ལྔ་པའི”འཆར་འགོད་འཐབ་ཇུས་ཀྱི་ལས་འགན་ལ་དམ་འཛིན་བྱས་ཏེ། བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་ལྡན་ཅན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་མ་འོངས་པའི་ལྗོངས་རིས་ཡག་པོ་ཞིག་ཐུབ་པར་ཁག་ཐེག་བྱེད་དགོས།
གཉིས་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་རིང་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “བྱ་སྤྱོད་བཞི”བཅོས་སྐྱོང་ནན་པོ་བྱས་ཏེ། སྒྲིག་སྲོལ་དང་འགལ་བའི་ཟ་འཐུང་དང་། སྒྲིག་སྲོལ་དང་འགལ་བའི་ལག་རྟགས་དང་འབུལ་རྟེན་རྫོངས་ལེན། གསོ་སྦྱོང་གི་མིང་གཡར་ནས་གཞུང་དངུལ་གྱིས་ཡུལ་སྐོར་བྱེད་པ་སོགས་ཀྱི་གནད་དོན་ཆེད་དམིགས་བཅོས་སྒྲིག་གཏིང་ཟབ་ཏུ་གཏང་དགོས། “གྲངས་འཛིན་སྲིད་དོན་གྲུབ་འབྲས”རྫུན་བཟོ་དང་། །དོན་དངོས་དང་མི་མཐུན་པའི་ཐབས་ཇུས་བཟོ་བ། རྣམ་གྲངས་དུ་ཡིབ་གཤིས་ཀྱི་བུ་ལོན་མང་པོ་བསྣན་ནས་དམངས་འཚོའི་རྣམ་གྲངས་ལ་བརྟེན་ནས་སྒྲིག་འགལ་གྱིས་ལས་ཁང་ཚོགས་ཁང་མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་འཛུགས་སྐྲུན་བྱེད་པ་སོགས“སྲིད་དོན་ལས་སྒྲུབ་ཀྱི་གྲུབ་འབྲས”ཡིན་བཟོ་བྱེད་པའི་གནད་དོན་མངོན་གསལ་རིགས་མཐའ་གཅིག་ཏུ་དག་ཐེར་བྱེད་དགོས། “དམིགས་བསལ་སྨྲ་བ”དང་“ཁ་གསབ་ཡོད་པའི་སེམས་ཁམས”སོགས་དབང་ཆ་ཁྱད་པར་ཅན་གྱི་བསམ་བློ་དང་བྱ་སྤྱོད་ལ་མུ་མཐུད་དུ་ཞིབ་བཤེར་དང་ཡོ་བསྲང་བྱེད་དགོས། རུལ་སུངས་དང་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱས་ཏེ། བཤེར་བཅོས་གཞི་གཅིག་དང་། དག་ཐེར་དང་བཞེངས་བསྐྲུན་ཟུང་འབྲེལ་བྱེད་དགོས། ལམ་ལུགས་ཀྱི་ལག་བསྟར་བྱེད་ཤུགས་མཐོར་འདེགས་དང་། དགོས་ངེས་ཀྱི་གཅུན་འདོམས་ཇེ་ཆེར་བཏང་སྟེ། ཁྲིམས་སྲོལ་ལམ་ལུགས་དངོས་སུ་གློག་ལྡན་ཀྱི་མཐོ་གནོན་གློག་སྐུད་དུ་འགྱུར་བར་འགན་ལེན་བྱེད་དགོས།
གསུམ་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་། ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ། ངན་པ་ཡོད་པ་གཙང་བཅོས་བཅས་བྱེད་པ་མཐའ་འཁྱོངས་བྱས་ནས་རུལ་སུངས་པ་སྐོང་ས་མེད་པར་བཟོ་དགོས། རུལ་སུངས་བྱེད་མི་རུང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚད་ལྡན། ལྟ་སྐུལ་ལ་ཤུགས་སྣོན་བཅས་བྱས་ཏེ། སྒྲིག་ཁྲིམས་ལྟ་ཞིབ་ཀྱི་གྲངས་གཞི་ཆེན་པོའི་ལྟ་སྐུལ(ཁང་པ་སོགས་ཀྱི)སྟེགས་བུ་འཛུགས་སྐྲུན་བྱས་ནས་གནད་ལ་འཁེལ་བའི་ལྟ་སྐུལ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རུལ་སུངས་བྱེད་མི་འདོད་པ་བསམ་བློ་ཇེ་དྲག་ཏུ་བཏང་སྟེ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་དང་། སློབ་གསོའི་ཉེན་བརྡའི་ནུས་པ་ཆེ་བསྐྱེད་བཅས་སུ་བཏང་ནས་རིམ་པ་དང་རིགས་དབྱེ་ནས་གནད་ལ་འཁེལ་བའི་སློབ་གསོ་གཏང་དགོས་པ་དང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་དྭངས་གཙང་གི་ཁྱིམ་སྲོལ་ལ་བརྟེན་ནས་རུལ་སུངས་འགོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་གཟུག་དགོས།
བཞི་པ། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས། ནུས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དང་འཐབ་རྩོད་ཐག་གཅོད་བྱས་ཏེ། གྲོང་གསེབ་ཐུན་མོང་གི“མ་དངུལ་གསུམ”དོ་དམ་དང་། སྨན་བཅོས་འགན་བཅོལ་དང་ཐེབས་རྩ་དོ་དམ། རྒན་གསོ་ཞབས་ཞུ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བཅས་བཅོས་སྐྱོང་རྣམ་གྲངས་བཞི་འབུར་ཐོན་དམ་འཛིན་དགོས་པ་དང་། “སློབ་གྲྭའི་ཟ་མ”དང་། དུར་འཇུག་ཁྱབ་ཁོངས། རྒན་གསོ་འགན་བཅོལ། དམངས་འཚོ་ཁྱབ་ཁོངས་ཀྱི་ཡིག་སྐུར་ངོ་བཅར་བཅས་ཀྱི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་སོགས་དམངས་འཚོ་དོན་དག་གལ་ཆེན10ལ་སྐུལ་འདེད་གཏང་དགོས། ཕུགས་ཕན་གྱི་ལས་ཀའི་ནང་རྐྱེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། “མང་ཚོགས་ཀྱིས་གནད་དོན་འདོན་པ་དང་། སྡེ་ཚན་གྱིས་གནད་དོན་ལ་ལན་སྐྱོན་པ། སྒྲིག་བཤེར་ཨུ་ལྷན་གྱིས་ལྟ་སྐུལ། སྤྱི་ཚོགས་ཀྱིས་དཔྱད་འཇོག་བཅས་བྱེད་པའི”བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་དེ་ལས་མང་པའི་མྱོང་ཚོར་དང་ཐོབ་སྣང་གི་་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས།
ལྔ་པ། སྐོར་དཔྱོད་སྐོར་ཞིབ་ཀྱི་རྒྱུ་སྤུས་དང་ཕན་ཕྱོད་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། བྱེད་ཐབས་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་ཐོག་སྤྱད་དེ་ཞིང་ཆེན་ཏང་ཨུ་ཡིས་སྡེ་ཚན36ལ་སྐོར་ཞིབ་བྱས་ནས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་འགན་འཛིན་དུས་ཡུན་ནང་དུ་སྐོར་ཞིབ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བཟོ་ལས་གླིང་ཁུལ་ལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་ཆེད་དམིགས་སྐོར་ཞིབ་དང་བཟོ་ལས་གླིང་ཁུལ་རིམ་སྤོར་ཐད་ཀྱི་སྐོར་ཞིབ་སྲུང་སྐྱེལ་བྱེད་དགོས། གྲོང་ཚོའི་སྐོར་དཔྱོད་ལས་དོན་ལ་སྤུས་ཚད་ཡོད་པའི་སྒོ་ནས་ཕན་འབྲས་ལེན་དགོས། སྐོར་ཞིབ་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་སྔར་ལས་ཚན་རིག་དང་མཐུན་ཞིང་། སྔར་ལས་དམ་ཟབ། སྔར་ལས་ཕན་ནུས་ལྡན་པ་ཡོང་བར་སྐུལ་འདེད་གཏང་དགོས།
དྲུག་པ། སྒྲིག་ཁྲིམས་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཨང་དང་པོར་བཞག་སྟེ། ཆབ་སྲིད་བཞུན་བརྡར་ལ་ཧུར་བརྩོན་དང་། ཆབ་སྲིད་ཀྱི་ལྷག་བསམ་དང་བསམ་བློའི་རྨང་གཞི་སྲ་བརྟན། བྱ་སྤྱོད་ལ་རང་རྟོགས་ཡོད་པར་ཤུགས་བསྣན་དགོས། རིམ་པ་དང་རིགས་དབྱེ་ནས་སློབ་གསོ་དང་ཟབ་སྦྱོང་གཉེར་ནས་ལས་ཀའི་ནུས་པ་ཆེ་རུ་བསྐྱེད་དེ། ཆབ་སྲིད་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། བསམ་བློའི་ཆབ་སྲིད་ལས་དོན། གཞི་གྲངས་དབྱེ་ཞིབ་ཆེན་པོ། གྱོད་གཞི་ཚད་བརྒལ་སོགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། སྒྲིག་སྲོལ་དང་སྒྲིག་ཁྲིམས་གཞིར་བཟུང་ནས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་ཏེ། སྤྱོད་ཚུལ་ཧུར་བརྩོན་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་སྒྲུབ་བྱ་སྤྱོད་སྔར་བས་ཚད་ལྡན་དུ་དང་། གྱོད་གཞིའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། ནང་ཁུལ་ཚོད་འཛིན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱོད་གཙང་སྲ་བརྟན་ཡོང་བར་འགན་ལེན་དང་། དཔུང་ཁག་གི་ལས་རིགས་ཀྱི་གཟི་བརྗིད་འདུ་ཤེས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་འོག ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པ་འབོད་སྐུལ་བྱས་སོ། །