ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་དོ་དམ་བྱ་བའི་ཚོགས་འདུ་བསྡུས་ཏེ། 2025ལོ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་བྱ་བ་ཕྱོགས་བསྡོམས་དང་། འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་སྤྱིའི་བླང་བྱ་ཁ་གསལ་བྱས་པ་དང་། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་ལ་སྐུལ་སློང་བྱས་ཏེ་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། དཀའ་ངལ་གདོང་གིས་བསུ་བ། འབད་བརྩོན་ཧུར་ཐག་བྱེད་པ་དང་། འཕྲལ་བསྟུན་དོ་དམ་སྡེ་ཁག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་ལེགས་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བདེ་འཇགས་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།    

ཚོགས་འདུ་ལས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་ཁྱད་ཆོས་གསལ་བོ་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་འཕྲལ་བསྟུན་དོ་དམ་སྒྲིག་སྲོལ་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་པ་དང་། འགྱུར་ལྡོག་མངོན་གསལ་ནི་འཕྲལ་བསྟུན་ཐག་གཅོད་འགན་སྲུང་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ། གྲུབ་འབྲས་འབུར་ཐོན་ནི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ངང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། བྱེད་ཐབས་ནུས་ལྡན་ནི་གཞི་རིམ་གྱི་གནོད་འཚེ་འགོག་པ་དང་ཉུང་འཕྲི། རྒུད་སྐྱོབ་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཉམས་མྱོང་བརྗེད་དུ་མེད་པ་ནི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་བ་དེ་ཡིན།    

ཚོགས་འདུ་ལས་ནན་གྱིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་མཚོ་སྔོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱིས་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་འཛིན་སྐྱོང་སྤེལ་གསུམ་གྱི་དུས་སྐབས་གལ་ཆེན་ཞིག་ཡིན། ཕྱོགས་བསྡུས་བརྡར་གཅོད་བྱས་པ་བརྒྱུད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་དོ་དམ་བྱ་བ་དེ་བཅོས་སྐྱོང་བྱེད་སྟངས་ནས་དོན་རྐྱེན་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་བའི་འགག་རྩའི་འགྲོས་མྱུར་དུས་སྐབས་སུ་གནས་རྒྱུ་རེད། བཅོས་སྐྱོང་བྱེད་སྟངས་ནས་དོན་རྐྱེན་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དོན་རྐྱེན་སྔོན་འགོག་བྱེད་པ་དང་དོན་རྐྱེན་ཁྲོད་ཀྱི་རོགས་སྐྱོབ། དོན་རྐྱེན་རྗེས་ཀྱི་བརྟག་དཔྱད་དཔྱད་འཇོག་བཅས་ཀྱི་མུ་ཕྲེང་ཧྲིལ་པོ་གྲུབ་སྟེ། གནོད་འཚེ་འགོག་པ་དང་ཉུང་འཕྲི། རྒུད་སྐྱོབ་བྱེད་པ་དང་དོན་རྐྱེན་གྱི་གནོད་འཚེ་འཕྲལ་བསྟུན་ཐག་གཅོད་ཀྱི་འགན་སྲུང་ནུས་པ་མཐོ་རུ་བཏང་སྟེ། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་ནུས་པ་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྤྱི་པའི་བདེ་འཇགས་མཉེན་གཤིས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།