མཐིང་མདོག་གི་ཚོས་གཞི་སྣུམ་པོ་བཏིངས་ནས་འཕེལ་རྒྱས་གསར་པའི་སྣེ་ཁྲིད། ——ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་སྐོར་གླེང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

“དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཀྱིས་འཕེལ་རྒྱས་སྤྱིའི་ཆ་ལ་གཅིག་གྱུར་སྣེ་ཁྲིད་བྱས་ཏེ།  ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་།  བྱེད་ཐབས་ཏན་ཏིག་གི་སྒོ་ནས་མ་ལག་བཅོས་སྐྱོང་ལ་སྐུལ་འདེད།  ཡངས་པའི་ཐབས་ལམ་ལ་བརྟེན་ནས་རིན་ཐང་བརྗེ་སྒྱུར་ལ་སྐུལ་འདེད་བཅས་བཏང་སྟེ། དོན་དངོས་ཐོག་རི་ཆུ་སྔོ་ཞིང་དྭངས་པ་གསེར་རི་དངུལ་རིར་བསྒྱུར་ཐུབ་པ་བྱ་དགོས”། ཞེས་ད་ལོའི་མཚོ་སྔོན་གྱི་ཚོགས་ཆེན་གཉིས་ཀྱིས་སྐྱེ་ཁམས་ཀྱི་ལྗོངས་རིས་བཞེངས་རྒྱུ་ནི་བྱེ་བྲག་གི་བྱ་བ་བཀོད་སྒྲིག་ཅིག་ཡིན་པ་མ་ཟད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཡི་དུས་སྐབས་སུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དེ་ཀུན་གྱིས་སྔོན་དུ་སྐྱོད་ཐུབ་པར་སྐུལ་འདེད་གཏང་བའི་འབད་འཐབ་ཀྱི་ལམ་ཕྱོགས་གསལ་འབེབས་བྱས་པ་ཞིག་དེ་ལས་ཀྱང་ཡིན། 

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ།  “རིམ་བཞི་བའི་རིགས་གསུམ་པ”ཅན་གྱི་རྒྱལ་ཁོངས་ས་ཞིང་གི་བར་སྟོང་འཆར་འགོད་མ་ལག་གཞི་རྩའི་ཐོག་བཙུགས་ཤིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས་པ་དང་། “ནམ་མཁའ་དང་བར་སྣང་ས་གཞི”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་གྲུབ་འབྲས་མངོན་གསལ་ཡིན།  ན་འདམ་གྱི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཡང་རྩེ་ན་བརྟན་པོར་ཚུགས་ཡོད་ཅིང་།  བྱེ་རྒོད་ཅན་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་དང་ཤོར་ཚད“གཉིས་ཇེ་ཆུང”དང“གཉིས་མར་ཆག”།   ཚད་གཞི་མཐོ་བའི་སྒོ་ནས་བདེ་སྐྱིད་ཆུ་བོ་དང་མཚོ་མོ་བཏོད་དེ། ལོ་རེར་སྨད་རྒྱུད་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར800ཡི་སྤུས་ལེགས་ཆུ་འདོན་གྱི་ཡོད་པས། རྒྱལ་ཡོངས་སུ་བསྟུན་མར་ལོ་ལྔའི་ནང་ས་ངོས་ཆུ་ལ་རྒྱལ་ཁབ་ཀྱིས་བརྟག་དཔྱད་བྱས་པའི་ཆུ་སྤུས་ལེགས་ཚད100%ཟིན་པའི་ཞིང་ཆེན་གཅིག་པུར་གྱུར།  “ཀྲུང་ཧྭའི་ཆུ་མཛོད”སྔར་བས་བརྟན་ཞིང་ཕུན་སུམ་ཚོགས་པར་གྱུར་ཏེ།   སྐྱེ་ཁམས་ལྟ་ན་སྡུག་ཅིང་། ཐོན་སྐྱེད་ཟླ་བཞིན་འཕེལ་བ།  འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བའི་ལྗོངས་རིས་ཤིག་མཚོ་སྔོན་མཐོ་སྒང་དུ་ཡན་གྱིས་བཤམས།  

 གྲུབ་འབྲས་ནི་འདས་པའི་ལོ་ཟླའི་ཡིན་ལ། འབད་འཐབ་ཀྱིས་འབྱུང་འགྱུར་བསྐྲུན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་ལ། མཚོ་སྔོན་གྱིས་ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་དམིགས་འབེན་ཆེན་པོ་གཏན་འཁེལ་བྱས་ཤིང་།  ཕྱོགས་ཡོངས་ནས《ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཏེ།  ཆུ་གསུམ་མགོ་ཁུངས་ཏེ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་མུ་མཐུད་དུ་གཟུག་དགོས་པ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་ཅན་དང་འཛམ་གླིང་དུ་སྙན་གྲགས་ཆེ་བའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་དཔེ་མཚོན་བཏོད་དགོས།   “བྱང་གསུམ”བཟོ་གྲྭའི་དུས་སྐབས་དྲུག་པའི་འཆར་འགོད་འོས་འགན་ཚད་གཞི་མཐོ་བའི་སྒོ་ནས་བསྒྲུབས་ཏེ།  སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུད་མཐུད་རང་བཞིན་བཅས་མཐོར་འདེགས་བཏང་ནས་ནུས་ཁུངས་གསར་གྲས་ཀྱི་མ་ལག་ཐོག་མར་གཟུག་དགོས།   དུས་ཆད་ལྟར་ཐཱན་རྩེར་སོན་གྱི་དམིགས་འབེན་མངོན་འགྱུར་བྱས་ཏེ།  ལྷད་མེད་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་གཞི་རྩའི་ཐོག་འགྲུབ་དགོས་པ་ལ་སོགས་ལས་ཀ་རབ་དང་རིམ་པ་བཀོད་སྒྲིག་རྒྱག་དགོས། དམིགས་འབེན་གསལ་ལ། བྱེད་ཐབས་དངོས་ཕན་བཀོལ་ནས་སྐྱེ་ཁམས་སྔོན་སྤེལ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་ཤུགས་མངོན་པ་བཅས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ཐད་ལ་འཆར་འགོད་ཀྱི་ལྗོངས་རིས་གསལ་བོ་ཞིག་འབྲི་རྒྱུ་རེད།
  2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཚུགས་པའི་ལོ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་གྱི་ལེའུ་འབྲི་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། མཚོ་སྔོན་ཚོགས་འདུ་གཉིས་ཀྱི་དོ་གནད་གྱི“ཐཱན་གཉིས”སྣེ་ཁྲིད་བྱས་ནས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་མུ་འབྲེལ་རིགས་འབྲེལ་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་སྟེ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱ་བར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཆུ་ཚད་ཆེ་རུ་གཏོང་བ་དང་། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབས་ནས“འོད་ཧྥུ་བྱེ་བཅོས”ཀྱི་ནུས་ཕྱོད་ཇེ་ལེགས་སུ་གཏོང་དགོས། ནམ་མཁའ་སྔོ་ཞིང་བསངས་པ་དང་ཆུ་མོ་དྭངས་ཤིང་གཙང་བ། རི་བོ་སྔོ་ཞིང་འཁྲུག་པའི་དྭངས་གཙང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་དམག་འཐབ་གཏིང་ཟབ་སྤེལ་ནས་སྦགས་བཙོག་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་སྔོ་ལྗང་འབྱུང་འཕྲོད་དང་གནོད་མེད་ཤར་བགྲོད་ཀྱི་བློ་གྲོས་ཀྱི་གྲངས་འཛིན་སྐྱེ་ཁམས་དཔལ་ཡོན་ཐུན་མོང་ཐོག་གཟུག་དགོས། ལས་འགན་དེ་དག་ཞིང་ཅིང་ཕྲ་མོ་ཡིན་པས། མིག་སྔའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གནད་འགག་ལ་དམིགས་ཡོད་པས། མ་ལག་བཅོས་སྐྱོང་དང་། གཙོ་གནད་འགག་གཏོར་གྱི་ལས་ཀ་བྱེད་སྟངས་མངོན་ཡོད།

སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་བ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་། སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་བཅོས་བྱ་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་ཡིན། མཚོ་སྔོན་གྱི་ངོས་ནས་བརྗོད་ན། སྐྱེ་ཁམས་ཤེས་རིག་འཛུགས་སྐྱོང་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀྱུས་མ་ལྷུ་ཚིགས་ཤིག་ཙམ་མ་ཡིན་པར། འཕེལ་རྒྱས་འཆར་འགོད་དང་། ཐོན་ལས་ཁྱབ་ཚུལ་རྣམ་གྲངས་བཅས་ཀྱི་ཐབས་ཇུས་ཚང་མར་ངེས་པར་དུ་དང་ཐོག་བརྒྱུད་བགྲོད་ལ་ཞིབ་ལྟ་བྱས་ཏེ་འཕེལ་རྒྱས་ཀྱི་བྱེད་སྒོ་མཐའ་དག་སྐྱེ་ཁམས་ཕན་འབྲས་ཀྱི་ཐེག་ཚད་ནང་དུ་ཡོང་བར་འགན་ལེན་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལྟ་བས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཕྱོགས་སྟོན་དང་། རྒྱུན་སྲུང་རྒྱུན་འཁྱོངས་ཀྱི་དཔལ་ཡོན་འཛུགས་སྐྱོང་གི་སྐྱེ་ཁམས་འཐབ་ཇུས་ངེས་ཤུགས་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཀ་དག་ལ་ཆུ་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོང་བྱེད་པར་གཅིག་གྱུར་ཐོག་འཆར་འགོད་བཅས་བྱེད་དགོས། རྒྱུན་མཐུད་གྱིས་སྐྱེ་ཁམས་ཀྱི་ཤེས་རིག་ལམ་ལུགས་མ་ལག་འཐུས་ཚང་དང་། ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེར་བསྐྱེད་པ། “རི་བོ་གཉིས”བསྒྱུར་བའི་ཐབས་ལམ་རྒྱ་སྐྱེད་བཅས་བཏང་སྟེ། སྐྱེ་ཁམས་ཕན་འབྲས་དེ་དཔལ་འབྱོར་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས་སུ་བསྒྱུར་ཐུབ་པ་བྱས་ཡོད། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་དང་། རི་ཆུ་སྔོ་ཞིང་དྭངས་པ་ཇི་སྲིད་བར་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་བསྒྱུར་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་མཚོ་སྔོན་གྱི་སྟོབས་ཤུགས་དེ་ལས་མང་པོ་ལེགས་སྐྱེས་སུ་འབུལ་དགོས།

ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཡིས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཕྱོགས་སྟོན་བྱས་ཏེ“རི་ཀླུང་མི་ཡིས་མ་བརླགས་ན་མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ”ཞེས་པའི་ཀྱི་ནང་གནས་གཏན་ཚིགས་གསལ་སྟོན་གཏིང་ཟབ་བྱས་ཡོད་པས། སྐྱེ་ཁམས་དེ་ཐབས་ཇུས་དང་ལག་ལེན་ཀྱི་སྲོག་ཤིང་དུ་བཞག་ནས་ད་གཟོད་བློ་བརྟན་འགྱུར་མེད་ངང་འབྱུང་འཕྲོད་གོང་འཕེལ་ཀྱི་ལམ་དུ་བསྐྱོད་ཐུབ་ལ།  ད་གཟོད་མཚོ་སྔོན་གྱི་ནམ་མཁའ་སྔར་བས་སྔོ་ཞིང་བསངས་པ་དང་། རི་བོ་སྔར་བས་སྔོ་ཞིང་ལྗང་བ། ཆུ་མོ་སྔར་བས་དྭངས་ཤིང་གཙང་བ་ཡོང་ཐུབ་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་རི་ཆུ་སྔོ་ལྗང་གི་ཁྲོད་དུ་རང་བྱུང་གི་མཛེས་སྡུག་དང་། ཚེ་སྲོག་དང་འཚོ་བའི་མཛེས་སྡུག་བཅས་མཉམ་སྤྱོད་བྱེད་ཐུབ་བོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།