2025ལོར་མཚོ་བྱང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་ལྔར་སླེབས་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པོའི་ཚེས29ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་གཞུང་ལས་ཁང་ནས་རྒྱས་ལོན་པ་ལྟར་ན། 2025ལོར། མཚོ་བྱང་ཁུལ་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང“སྔོན་དུ་བསྐྱོད་པ་གསུམ”གྱི་དམིགས་འབེན་ལ་དམིགས་པ་དང་། “243”ཡི་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་པར་གཞི་བཙུགས་ནས། “ཐོན་སྐྱེད་དང་པོ་བརྟན་བརླིང་དང་། ཐོན་སྐྱེད་གཉིས་པ་སྲ་བརྟན། ཐོན་སྐྱེད་གསུམ་པ་གོང་འཕེལ”བཅས་ཀྱི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་ས་གནས་ཐོན་སྐྱེད་རིན་ཐང་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་ལྔ་ཡིན་ལ། རིན་གོང་མི་འགྱུར་བའི་རྩིས་རྒྱབ་ན། ན་ནིང་ལས5%འཕར་ཡོད། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤུས་ཚད་མཐོར་འདེགས་དང་ཐོན་ཚད་འོས་འཚམ་གྱིས་འཕར་བ་མངོན་འགྱུར་བྱུང་།

ཐོན་སྐྱེད་བགར་ནས་ལྟོས་ན། ཐོན་སྐྱེད་དང་པོའི་འཕར་སྣོན་རིན་ཐང་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་ས་ཡ་བཞིར་སླེབས་ཡོད་ལ། ན་ནིང་ལས5.4%འཕར་ཡོད། ཐོན་སྐྱེད་གཉིས་པའི་འཕར་སྣོན་རིན་ཐང་ཐེར་འབུམ་གཉིས་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་བཞི་ཡིན་པ་དང་། འཕར་ཚད6%ཡིན། ཐོན་སྐྱེད་གསུམ་པའི་འཕར་སྣོན་རིན་ཐང་ཐེར་འབུམ་དྲུག་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་གཉིས་ཡིན་ལ། འཕར་ཚད4.3%ཡིན། ད་ལོ། མཚོ་བྱང་ཁུལ་གྱིས་རང་འགུལ་ངང་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་ཇུས་ཆེན་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་བྱས་ཏེ། སྐྱེ་ཁམས་ཞིང་ཕྱུགས་དང་དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར་སོགས་ཐོན་ལས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་བཅོས་སྐྱོང་། དམངས་འཚོའི་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་གཙོ་བོ་འཛུགས་བསྐྲུན་ལ་དམིགས་ནས། སྲིད་ཇུས་ཀྱི་གཏོང་ཕྱོགས་དང་མཐུན་པའི་གཙོ་གནད་རྣམ་གྲངས་གསོག་འཇོག་བྱེད་པར་ཇུས་འགོད་བྱས་ཏེ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར606བཏང་བའི་རྣམ་གྲངས2453ཡི་མཛོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བ་ལེགས་པོར་བཟོས་ཡོད། མཚོ་སྔོན་པོའི་མེ་འཁོར་བབས་ཚུགས་དང་། རྐང་ཚའི་གནམ་ཐང་། གཞི་གྲངས་དཔལ་འབྱོར་ཐོན་ལས་གླིང་སོགས་ཀྱི་ལས་གཞི་གཙོ་བོ་ཁག་བརྩོན་ལེན་བྱེད་པར་ཇུས་འགོད་བྱས་ཏེ། མགྱོགས་མྱུར་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བར་སྟོང་འཇོག་པ་དང་རྨང་གཞི་གཏིང་བར་སྐུལ་འདེད་བཏང་།

སྟོང་ཝ་ཁྲི་སྟོང་རིམ་པའི་དག་གཙང་ནུས་ཁུངས་ཀྱི་རྟེན་གཞིའི་དམིགས་འབེན་བསྐྲུན་པར་གཞིགས་ནས། དག་གཙང་ནུས་ཁུངས་ཀྱི་དམིགས་ཚད་སོགས་ཕྱོགས་ཀྱི་གནད་འགག་གི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། མགྱོགས་མྱུར་ངང་སྟོང་ཧྥུའུ750ཡི་གློག་སྐྱེལ་གློག་སྒྱུར་དང་སྟོང་ཝ་ས་ཡ་གཅིག་འབུམ་དྲུག་ཁྲི་ལྔ་ཡི་ལྗང་གློག་ཐད་སྦྲེལ་ལས་གཞི་འཛུགས་སྐྲུན་སོགས་ལ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་རྗེས་གྲབས་རྟེན་གཞི་བསྐྲུན། ཞིང་ཆེན་ཡོངས་ཀྱི་ཐཱན་ཉུང་གླིང་ཁུལ་གྱི་འཛུགས་སྐྲུན་བཀོད་སྒྲིག་ལ་དམིགས་ནས། མགྱོགས་མྱུར་ངང་རྫོང་བཞི་ཡི་ཐོན་ལས་གླིང་ཁུལ་གྱི་ཚུལ་སྒྱུར་རིམ་འཕར་བྱེད་པ་དང་། རྡོ་སོལ་དཀྲུ་བ་དང་ལྕགས་རིགས་བཞུ་བ་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་འཕེལ་རྒྱས་ལ་དངོས་ཕན་རང་བཞིན་གྱི་བྱེད་ཐབས་བཟོས་ནས། བེད་མེད་ས་ཁུལ་བསྐྱར་སོས་ཀྱིས་བེད་སྤྱོད་དང་བཅོས་སྐྱོང་བྱས། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་བསྐྱར་གསོ་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། གོ་རིམ་ལྡན་པའི་ངང་གཏེར་ལས་ཁེ་དབང64ཡི་ཁ་གསབ་ཕྱིར་འབུད་སོགས་ལ་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ནས་རྒྱལ་ཁབ་ལྗང་མདོག་རྩིས་ནུས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་དམིགསས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྤྱི་ཡོངས་འཆར་འགོད་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། མོན་ཡོན་ཧེའེ་རིགས་རང་སྐྱོང་རྫོང་གི་ལྗང་མདོག་གློག་ཤུགས་རྩིས་ནུས་ལྟེ་གནས་ཀྱི་ལག་བསྟར་དོན་འཁྱོལ་བྱས་ཏེ། རྩིས་ནུས་འཛུགས་སྐྲུན་དང་ནུས་ཁུངས་གསར་པ་འཛད་སྤྱོད་པར་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་མངོན་འགྱུར་བྱེད་པར་ཐོལ་བརྒལ་ཆེན་པོ་བྱུང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།