ཟླ1ཚེས31ཉིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་ཟབ་མོ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ལ། བྱ་བར་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ། ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ལ། ཕྱོགས་ཡོངས་ནས་འགན་སྒྲུབ་དང་ངར་ཤུགས་ཆེན་པོས་ཁག་ཁུར་བྱས་ཤིང་། རིགས་སོ་སོའི་ཉེན་ཁ་དང་འགོག་རྐྱེན་ནུས་ལྡན་སྒོས་འགོག་སེལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་རང་རྟོགས་སྒོས་ཞབས་འདེགས་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་མུ་མཐུད་བདེ་འཇགས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས་པས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད་མཐོ་གནས་གསར་པར་སླེབས་ཏེ། སྲིད་ཁྲིམས་དཔུང་ཁག་གི་རྣམ་པ་གསར་པ་མངོན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་དངོས་འབེབས་ཟབ་མོ་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། ཏང་གི་འགོ་ཁྲིད་བརྟན་པོ་རྒྱུན་འཁྱོངས་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས། ཆབ་སྲིད་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་། རྨང་གཞིའི་འཛུགས་སྐྲུན་འདེགས་སྐྱོར་དུ་འཛིན་པ། དཔུང་ཁག་འཛུགས་སྐྲུན་འགན་སྲུང་དུ་བྱས་ཏེ། ཞིང་ཆེན་ཡོོངས་ཀྱི་སྲིད་ཁྲིམས་བྱ་བའི་དེང་རབས་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་མུ་མཐུད་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཤིང་། བཀའ་དྲིན་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་གཙོར་འཛིན་པའི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་སྲིད་ཁྲིམས་ཀྱི་ཁག་ཁུར་དང་བྱེད་ཕྱོགས་མངོན་པར་བྱེད་དགོས།
ལི་ཧུང་ཡ་དང་། ཀྲང་ཙི་ཅུན། ཀྲ་ཆིན་ཅིའུ། སུང་པའོ་ཧའེ་སོགས་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ཏུ། ཟི་ལིང་དང་། མཚོ་ཤར། མཚོ་བྱང་། རྨ་ལྷོ་བཅས་ཀྱི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་བརྗེ་རེས་གཏམ་བཤད་བྱས།