ཟླ1ཚེས30ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བར་སྤྱི་སྡོམ་དང་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཝང་ལི་མིང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་ཚོགས་འདུར་ཞུགས།
ཝང་ལི་མིང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ལ་དུས་རིམ་ཐུང་ཞིང་ལས་འགན་ལྕི། ཚང་མས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཆད་པ་དང་ཁྱོན་ཡོངས་ལ་དམིགས་པ་གོ་གནས་གཙོ་བོར་བཞག་སྟེ། གྲོས་དོན་རྩ་འཛུགས་ནས་རྒྱུ་ཆའི་འཆར་ཟིན་འགོད་པའི་བར་དང་། གྲོས་གཞིར་ཞིབ་བཤེར་ནས་མི་དམངས་བསྐོ་འཐེན་བྱེད་པའི་བར། ཡིག་སྒྱུར་དྲིལ་སྒྲོག་ནས་བདེ་སྲུང་ལས་རོགས་བར་བཅས་ཀྱི་བྱ་བའི་ཁྱབ་ཁོངས་སོ་སོ་དང་བྱེ་བྲག་གི་ལས་རིམ་སོ་སོར་ཚང་མའི་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་། འགུལ་སྐྱོད་ཀྱི་རང་རྟོགས་མཐོན་པོ། ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཅས་གསལ་བོར་མངོན་ཡོད། གྲོས་ཚོགས་སྐབས་སུ། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་རྩ་འཛུགས་ཞིབ་ཚགས་བྱས་ཏེ། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་ཞིང་མཉམ་ལས་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་པ་དང། ཞབས་ཞུའི་སྤུས་ནུས་མཐོར་འདེགས་བཏང་བའི་རྨང་གཞིའི་སྟེང་བྱ་བ་སྣ་ཚོགས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བར་ཕྱིར། ཚོགས་ཆེན་བདེ་བླག་ངང་འཚོགས་ཐུབ་པར་འགན་སྲུང་བྱས། བྱ་བའི་ཚན་ཆུང་སོ་སོས་རང་འགན་རང་སྒྲུབ་དང་ལེགས་ཐོག་ལེགས་བརྩོན་བྱས་ཏེ། གྲོས་རིམ་སོ་སོ་དམ་ལྷོད་རན་ཞིང་གོ་རིམ་ལྡན་པ་དང་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱས། ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་ཚོགས་པ་དེ་འགོ་རྩོམ་ས་གསར་བར་བརྩིས་ནས། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་ཆེན་འགན་སྒྲུབ་ཀྱི་ལག་ལེན་ཁྲོད་མུ་མཐུད་དུ་ཁག་ཁུར་གསར་བ་མངོན་པ་དང་བྱས་རྗེས་གསར་བ་བཞག་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་ཆེན་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་གཙོ་གནད་བྱ་བའི་ཁ་ཕྱོགས་གཅིག་ཏུ་གཞོལ་བ་དང་གསར་གཏོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་། 《ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ཡི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན》སྒྲོག་འདོན་བྱས་པ་དང་། སྡེ་ཁག་བཅུ་དང་ལས་སྒྲུབ་མི་སྣ་བརྒྱ་དང་དོན་བདུན་ལ་གཟེངས་བསྟོད་ཐོབ།