ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

​ཟླ1ཚེས30ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས། གྲོས་ཚོགས་སུ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི73ཡོད་པ་དང་། མི69ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན། ཝང་ལི་མིང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

ཝང་ཅིན་ཀྲའེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚོགས་འདུར་བསྡོམས་པའི་གྲོས་རིམ་བདུན་ཡོད་དེ།

གཅིག ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་།

གཉིས།    ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མི་འདེམས་པའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་།

གསུམ།  འཐུས་ཚབ་ཚོགས་པ་སོ་སོས་ཀྲུའུ་ཞི་ཚོགས་པའི་མིང་འདོན་འོས་མི་དང་འོས་མིར་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།  

བཞི།  ཝང་ལི་མིང་དང་ཉི་མ་སྒྲོལ་མས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་དགོངས་ཞུ་བྱས་པའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་འཆམ་བྱུང་།   

ལྔ། གདམ་བྱའི་འོས་མི་དང་འོས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་།    

དྲུག འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་འཆར་ཟིན་དང་།  མིང་འདོན་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པར་གྲོས་འཆམ་བྱུང་།

བདུན།   སྙན་ཞུ་སྣ་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།