ཟླ1ཚེས29ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཚན་ཆུང་བགོས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཚོགས་ར་སོ་སོའི་ནང་འཐུས་མི་ཚོས་རང་རང་གི་བསམ་འཆར་བརྗོད་པ་དང་ཧུར་བརྩོན་ཆེན་པོས་གཏམ་བཤད་པ། ཐབས་ཇུས་བཟང་པོ་འབུལ་བ། འཕེལ་རྒྱས་ཀྱི་སྐོར་ནས་སྐད་ཆ་བཤད་པ་བཅས་བྱས།
འཐུས་མི་ཚོས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཁས་ལེན་གང་ལེགས་བྱས། ཚང་མས་གཅིག་གྱུར་གྱིས་བལྟས་ན། སྙན་ཞུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་ཅིང་། ཆབ་སྲིད་ཀྱི་གནས་བབ་མཐོ་ཞིང་བསམ་ཕྱོགས་དང་བྱེད་ཐབས་གསལ་བ། གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དོན་དངོས་དང་མཐུན་པ། དམིགས་འབེན་གཏན་འཁེལ་བྱས་པ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ། བྱེད་ཐབས་བཏོན་པ་དངོས་སྒྲུབ་ལག་བསྟར་བྱེད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། དེ་ནི་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་དང་མི་དམངས་ལ་བཅངས་པའི་བརྩེ་བ་མཚོན་པའི་སྙན་ཞུ་ཞིག་ཡིན་ཞིང་། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གཏིང་ཟབ་ཏུ་སྤེལ་ནས། བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་བྱ་བ་ཏན་ཏིག་ངང་བསྒྲུབས་ཏེ། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། བདེན་སྲུང་གསར་གཏོད་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སེམས་ཤུགས་གཅིག་སྒྲིལ་སྒོས་ལེའུ་གསར་པ་འབད་པས་བྲིས་པ་བཅས་ཀྱི་དུས་རབས་ཀྱི་རྒྱུགས་ལན་ཡག་པོ་ཞིག་སྤྲད་ཡོད་པར་འདོད།
དུས་རབས་གསར་པར་ལས་འགན་གསར་པ་ཡོད་པ་དང་། འགོ་རྩོམ་ས་གསར་པའི་སྟེང་ཁག་ཁུར་གསར་པ་ཡོད་དགོས། འཐུས་མི་ཚོས་མགྲིན་གཅིག་ཏུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ལེན་པ་དང་། ཁྲིམས་ལྟར་ལྷག་བསམ་ཆེན་པོས་འགན་འཁྲི་སྒྲུབ་པ་དང་ཧུར་བརྩོན་ཆེན་པོས་རང་འགན་ཕྲག་སྟེང་དུ་བླངས་ཏེ། སེམས་ཤུགས་གཅིག་སྒྲིལ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་མུ་མཐུད་འབད་འཐབ་བྱེད་རྒྱུ་ཡིན་ཟེར།