【ཞིང་ཆེན་གྱི་ཚོགས་ཆེན་གཉིས་གནད་གླེང་། ང་ནི་གཞི་རིམ་ནས་ཡོང་བ་ཡིན།】ཚོགས་ཆེན་གཉིས་ཀྱི་ཡུལ་དངོས་གཏམ་རྒྱུད་ལས་འཆར་གཞི་ཆེན་པོའི་རིས་ལྗོངས་འགོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་གྱི་ས་གཞི་ཆེན་པོ་ལ་གསོན་ཤུགས་ཀྱིས་ཀུན་ནས་བརྟས་ཤིང་། “གནས་བཞི”འཛུགས་སྐྲུན་གྱི་འཆར་ཇུས་ཆེན་མོ་དེ་འཆར་འགོད་རིས་ཁྲ་ལས“ཡར་བསླངས”ཏེ། ཚ་ཚ་འུར་ཚུར་གྱི་ཐོན་སྐྱེད་དང་། འོད་ཧྥུ་པར་ལེབ་འོག་གི་རྫི་གླུ། གངས་རི་དང་མཚོ་མོའི་བར་གྱི་དགོད་སྒྲ། “མཚོ་སྔོན་རྟགས་ཅན”གྱི་དངོས་ཟོང་འདྲུད་མཁན་རླངས་འཁོར་དཔུང་སྡེ་བཅས་ཀྱི་གཟུགས་སུ་སྤྲུལ་ཡོད། ད་ནི་ང་ཚོས་ཚོགས་ཆེན་གཉིས་ཀྱི་ཡུལ་དངོས་སུ་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཐོན་ཁུངས་ཀྱི་དགེ་མཚན་དེ་རིགས་འདོན་སྤེལ་དང་། འབྱུང་འགྱུར་གྱི་བདེ་སྐྱིད་གཏམ་རྒྱུད་གསར་གཏོད་ལ་ཇི་ལྟར་འབད་འབུངས་བྱས་ཚུལ་དང་བསམ་འཆར་ཅི་ཡོད་ལ་གསན་པར་བྱ།
  ལོ་གཅིག་གི་ནང་དུ་ཚོང་ཁང14ཕྱེ་སྟེ་སྤུས་ལེགས་སྐམས་ཤའི་མཚན་སྙན་ཕྱོགས་ཀུན་བསྒྲགས།

  ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཀྲ་ཤིས་དོན་འགྲུབ།

  2024ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིཁག་གསུམ་ཚོ་བརྒྱ་ཁོག་གསོལ་ཁང་ཟི་ལིང་གི་ཧའེ་ཧུའུ་ཁུལ་གསར་དུ་བཙུགས་ཤིང་། གཙོ་བོ་མཐོ་སྒང་གི་སྐམས་ཤའི་རྒྱ་ཁོག་གི་ཐུན་མིན་དྲོ་བ་ལ་བརྟེན་ནས་སྐུ་མགྲོན་མང་པོ་ཕྱོགས་སུ་བཀུགས། ལོ་གཅིག་གི་ནང་དུ་ཟོང་རྟགས་དེའི་འཕེལ་རྒྱས་ལ་ཐོལ་བརྒལ་ཆེན་པོ་བྱུང་།

  “ང་ཚོསཁག་གསུམ་ཚོ་བཞེས་པའི་ཟོང་རྟགས་ལ་བརྟེན་ནས་ཟི་ལིང་དང་། ཧོར་གྲོང་། གསེར་ཆེན། པདྨ། རྨ་ཆེན། ལུང་མདོ་བཅས་ཀྱི་ཚོང་ཁྲོམ་ལྟེ་བར་སྐམས་ཤའི་རྒྱ་ཁོག་གསོལ་ཁང་དང་། ཕིན་ཐང་གསོལ་ཁང་བཅས་ཚུད་པའི་གསོལ་ཁང14གཉེར་ཡོད། ཅེས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མགོ་ལོག་ཁུལ་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཀྲ་ཤིས་དོན་འགྲུབ་ཀྱིས་དེ་ལྟར་ངོ་སྤྲོད་བྱས་བྱུང་བ་དང་། དེ་ལས་ལས་ཕྱོད་ཆེས་བཟང་བ་ནི་གསོལ་ཁང་གཅིག་གི་ཟླ་འདིའི་གཉེར་སྐྱོང་དངུལ་འབོར་སྒོར་ཁྲི45ལས་བརྒལ་བ་དེ་རེད་ཟེར།   “ཁག་གསུམ་ཚོ་བལེགས་འགྲུབ་བྱུང་བ་ནི་རྒྱ་ཁོག་ཁོ་ན་མ་ཡིན། པདྨ་རྫོང་གིསནོར་ནག་ལུས་ཡོངས་རིན་ཆེནཡིན་པའི་རིན་ཐང་སྔོག་འདོན་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བསྲིངས།  བཀྲ་ཤིས་དོན་འགྲུབ་ཀྱིས་འདི་སྐད། ཟླ་སྔོན་མར་ང་ཚོསས་འཕུརརྣམ་པས་གཡག་ཀོའི་ཨེ་སྤྱིན་གྱི་ཐོན་རྫས་གསར་བཟོ་བྱས་ནས་ཐོན་སྐྱེད་བྱས་པས། གཡག་ཀོ་ཡི་ཟུར་སྣོན་རིན་ཐང་ཆེ་ཆེར་འཕར། དེ་དང་ཆབས་ཅིག སྐམས་ཀྱི་རྒྱུས་ཤས་བཟོས་པའི་ཤ་རིལ་དང་། སྐམས་མགོས་བཟོས་པའི་བཟོ་རྩལ་ཐོན་རྫས་བཅས་ལ་ཡང་ཁྲོམ་རར་ཁས་ལེན་ཐོབ།ཅེས་བཀྲ་ཤིས་དོན་འགྲུབ་ཀྱིས་བལྟས་ཡོང་ན་དེ་ནི་པདྨ་རྫོང་གིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་པར་འདོད།

  ཟོང་རྟགས་འཛུགས་སྐྲུན་གྱི་རྒྱབ་ཕྱོགས་ན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་ཕན་དངོས་ཐོན་གྱི་ཡོད། ད་སྔའི་བར་དུ། གཉེར་སྐྱོང་ཚོང་ཁང་དང་གསོལ་ཁང་གི་སྤྱིའི་ཡོང་འབབ་དེ་སྒོར་ཁྲི620ལ་བསླེབས་ཤིང་། དེའི་ནང་དུ་པདྨ་རྫོང་གི་སྐམས་ཤའི་མ་བཅོས་རྒྱུ་ཆ་ཉོས་པའི་རིན་ཐང་སྒོར་ཁྲི210ཟིན་པ་དང་། ཞོར་དུ་ཞིང་ཞོར་ཐོན་རྫས་བྲིན་འཚོང་བྱས་པར་སྒོར་ཁྲི120ལྷག་ཟིན། ཟོང་རྟགས་འཕེལ་རྒྱས་ཀྱིས་ཐད་ཀར་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན་པ་སྟེ། མགོ་ལོག་ས་གནས་ཀྱི་ཡིན་པའི་ལས་ཀ་བ55ལ་སྔ་གཞུག་ཏུ་ལས་ཞུགས་ཀྱི་གོ་སྐབས་སྤྲད་ཅིང་། ད་ལྟ་ལས་ཐོག་ཏུ་མི21ཡོད་པ་དང་། སྔ་གཞུག་ཏུ་གླ་ཕོགས་སྒོར་ཁྲི158སྤྲད།

  བཀྲ་ཤིས་དོན་འགྲུབ་ཀྱིས་འདི་སྐད། སྔོན་ཆད་པདྨ་རྫོང་གི་ཞིང་འབྲོག་པར་སྤུས་ལེགས་ཀྱི་ཐོན་ཁུངས་ཡོད་ན་ཡང་འགྲིམ་འགྲུལ་དང་བཟོ་སྣོན། ཁྲོམ་ར་ལ་སོགས་ཀྱི་ཚད་བཀག་ཐེབས་ཏེ། ཐོན་ཁུངས་ཀྱི་དགེ་མཚན་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་ཁག་པོར་གྱུར། ད་ཆཁག་གསུམ་ཚོ་བས་སོགས་པའི་ཁྱད་ལྡན་ཟོང་རྟགས་རབ་དང་རིམ་པ་གསར་གཏོད་དང་། སྲོལ་རྒྱུན་གྱི་གསོ་སྤེལ་ནས་ཐད་ཀར་གསོལ་ཅོག་ཏུ་བསྐྱོད་པ། ཐོག་མའི་ཐོན་རྫས་ཀྱི་རིམ་པ་ནས་ཐོན་རྫས་སྦྲེལ་ཐག་གི་ཕྱོགས་སུ་འཕེལ་བའི་བར་གྱིཔདྨ་མའི་ཐབས་ལམཉིན་རེ་བཞིན་ཇེ་གསལ་ཏུ་གྱུར་ནས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་གཞི་རིམ་གྱི་མ་དཔེ་བརྟན་པོ་ཞིག་འདོན་སྤྲོད་བྱས་ཡོད་ཟེར།

མཐོ་སྒང་གི་སྔོ་ཚལ་བསིལ་རིགས“མཚོ་སྔོན་ནས་རྒྱལ་ཕྱིར”བསྐྱོད་དུ་བཅུག་པ།  

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཞིང་ལས་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བཟོ་བ། ཆི་ཝའེ་ཧྲོའུ།

 ང་རང་ཞིང་ལས་ཀྱི་ལས་ཀ་འདི་གཉེར་ནས་ལོ་ངོ26དང་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ཀ་གཉེར་ནས་ལོ17འགོར་ཡོད། ཧོར་གྲོང་གི་སྔོ་ཚལ་བསིལ་རིགས་འདི་ཐོག་མར་མགོ་རྩོམ་པ་ད་ད་ལྟའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་ང་ལ་མཚོན་ན་མིག་ཐོག་ལག་ཟིན་ཏུ་གྱུར་བ་ཞིག་རེད། ཞེས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཞིང་ལས་དཔེ་སྟོན་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བཟོ་པ་ཆི་ཝའེ་ཧྲོའུ་ཡིས་དེ་ལྟར་བཤད། ང་རང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ངས་མུ་མཐུད་དུ་སྔོ་ཚལ་བསིལ་རིགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ། ཧོར་གྲོང་གི་མཐོ་སྒང་སྔོ་ཚལ་བསིལ་རིགས་ཀྱི་ཟོང་རྟགས་ཇེ་རྒྱས་ཇེ་ལེགས་འགྲོ་བར་ནུས་ཤུགས་ཅི་ཡོད་ཀྱིས་རམ་འདེགས་བྱ་རྒྱུ་ཡིན་ཟེར།

 ཆི་ཝའེ་ཧྲོའུ་ཡིས་འདི་སྐད། ཧོར་གྲོང་རྫོང་གིས་ལྷད་མེད་སྐྱེ་ལྡན་གྱི་འཕེལ་ཕྱོགས་ལ་གཞུགས་ཏེ། མཐོ་སྒང་གི་སྔོ་ཚལ་བསིལ་རིགས་ཀྱི་ཐོན་ལས་དེ་འགག་སྒོ་གཏོར་ས་ཞིག་ཏུ་བརྩིས་ནས་ཞིང་ལས་བརྗེ་སྒྱུར་རིམ་སྤར་ལ་སྐུལ་འདེད་ཤུགས་ཆེན་བྱ་དགོས། ལྷག་པར་དུ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་དང་། ལྷད་མེད་འདེབས་འཛུགས་ཀྱི་ལག་རྩལ་ཁྱབ་གདལ་བཅས་ལ་བརྟེན་དགོས། ད་སྔ་རྫོང་ཡོངས་སུ་གཉེར་སྐྱོང་བྱེད་པོ21ལ་ལྷད་མེད་དང་སྐྱེ་ལྡན། སྤུས་ལེགས་མིང་གྲགས་ཅན་གྱི་ཞིང་ལས་ཐོན་རྫས་གསར་པའི་དངོས་དཔང་ར་སྤྲོད་ཐོབ་ཡོད་ཟེར།

 ང་ཚོས་མགོ་ཁུངས་ནས་དམ་འཛིན་བྱས་ཏེ། ལྗང་མྱུག་ནས་བྲིན་འཚོང་གི་གོ་རིམ་ཧྲིལ་བོར་རྒྱུ་སྤུས་ཁུངས་འདེད་ཀྱི་མ་ལག་བཙུགས་ཏེ། ཞིང་སྨན་དང་ལུད་རྫས་ཉུང་སྤྱོད་ཀྱི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བྱས་ནས་སྔོ་ཚལ་རེ་རེའི་སྤུས་ཚད་ཚད་ལྡན་ཡོང་བར་འགན་ལེན་བྱས་པ་ཡིན་ཞེས་ཆི་ཝའེ་ཧྲོའུ་ཡིས་དེ་ལྟར་བཤད་བྱུང་། ཧོར་གྲོང་གི་ས་མཐོའི་སྔོ་ཚལ་བསིལ་རིགས་ཀྱིས་རང་སྟེང་གི་རྒྱུ་སྤུས་བཟང་བོར་བརྟེན་ནས་ཐད་ཀར་ཞང་ཀང་དང་ཨོ་མན་ས་ཁུལ་གྱི་ཁྲོམ་ར་དང་། རྒྱལ་སྤྱིའི་ཁྲོམ་ར་བཅས་སུ་བསྐྱོད་ཐུབ་ཡོད་པ་རེད།

 མ་འོངས་བའི་འཕེལ་ཕྱོགས་ཐད་ནས་ཆི་ཝའེ་ཧྲོའུ་ཡིས་འདི་སྐད། ང་ཚོས་མུ་མཐུད་དུ་ཐོན་ལས་ཀྱི་སྦྲེལ་ཐག་རིམ་སྤར་ལ་སྐུལ་རོགས་བྱ་རྒྱུ་ཡིན། དེ་ལ་ཕྱོགས་བཞི་ནས་ནུས་ཤུགས་འདོན་དགོས་པ་སྟེ། ཐོན་ཡུལ་གྱི་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་དང་། ཐོན་ལས་སྦྲེལ་ཐག་གི་ཟུར་སྣོན་རིན་ཐང་ཇེ་མཐོར།  ཟོང་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན། ཞིང་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱ་དགོས། དེ་ལྟར་ཧོར་གྲོང་རྫོང་གིས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་སྔར་ལས་མཐོར་འདེགས་དང་།  ཧོར་གྲོང་ཞིང་ལས་ཐོན་རྫས་ཀྱི‘གསེར་གྱི་ཟོང་རྟགས’ཇེ་གསལ་དུ་བཏང་ནས་མཚོ་སྔོན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ལག་རྗེས་སྔར་ལས་ཆེ་བ་འདོན་འཆར་ཡོད་ཟེར། 

རེབ་གོང་སྒྱུ་རྩལ་དེ་འཛམ་གླིང་རིམ་པའི་རིག་གནས་ཟོང་རྟགས་སུ་བསྒྱུར་བར་སྐུལ་འདེད་གཏང་དགོས།

ཚོགས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་པ་དང་གཉེར་པ། བན་དེ་རྒྱ་མཚོ།

ཟླ1པའི་ཚེས26ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་པ་དང་གཉེར་བའི་འགན་གཅིག་ལྕོགས་སུ་འཁུར་བའི་བནྡེ་རྒྱ་མཚོ་ཡིས་བཅར་འདྲི་ལ་དང་ལེན་བྱེད་སྐབས།“རེབ་གོང་སྒྱུ་རྩལ་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་རུ་བསྐྲུན་ནས་རིག་གནས་ཀྱི་འདེགས་སྐྱོར་གལ་ཆེན་དང་འཛམ་གླིང་དུ་ཕྱོགས་པའི་རྟེན་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན”ཟེར། འདས་པའི་ལོ་གཅིག་གི་རིང་དུ། ཁོ་རང་ཡུལ་ཕྱོགས་སོ་སོར་ཕྱིན་ནས་གཟུགས་འདས་རིག་གནས་ཤུལ་སྲུང་སྐྱོབ་དང་འཛིན་སྐྱོང་། ཁྱབ་གདལ་ཐད་ལ་ལས་མང་པོ་བསྒྲུབས། 

ཐུན་རེན་གྲོང་ཁྱེར་ནི་རེབ་གོང་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན། བནྡེ་རྒྱ་མཚོ་ཡིས་འདི་སྐད། ད་སྔ་རེབ་གོང་སྒྱུ་རྩལ་དང་འབྲེལ་བའི་ཐོན་ལས་ཀྱི་ལོ་གཅིག་གི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར10ལས་བརྒལ་ཡོད་ཅིང་། དེས་ཐད་ཀར་མང་ཚོགས་ཁྲི4.17ཡི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད་ཟེར།

ཁོས་མུ་མཐུད་དུ“མི་རིགས་ཁག་གི་མང་ཚོགས་ཀྱིས་གནས་འདིར་ཐོག་མར་བརྗེ་སྤེལ་དང་རིམ་གྱིས་ཕན་ཚུན་གཅིག་ཏུ་འདྲིས་པས། རེབ་གོང་སྒྱུ་རྩལ་ཡང་རང་བཞིན་གྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། ཡུལ་སྐོར་ཉམས་རོལ་གྱི་ནང་དོན་ཕུན་སུམ་ཚོགས་པའི་རྟེན་གལ་ཆེན་ཞིག་ཏུ་གྱུར་བ་རེད་ཟེར། དེ་ལྟའི་གློད་ཅིང་དཀྱེལ་ཡངས་པའི་རྒྱུད་འཛིན་བྱེད་སྟངས་ལ་བརྟེན་ནས་རེབ་གོང་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་རྒྱས།

འབྱུང་འགྱུར་གྱི་འཕེལ་ཕྱོགས་གླེང་ཡོང་དུས། ཁོས་འདི་སྐད། “སྲུང་སྐྱོབ་རྨང་གཞི་དང་། གསར་གཏོད་གཤོག་ཟུང་། ཐོན་ལས་འབྲེལ་ཟམ”དུ་བྱས་པའི་འཕེལ་རྒྱས་ཐབས་ལམ་མུ་མཐུད་དུ་རྒྱུན་བསྐྱངས་དགོས་པའི་བསམ་འཆར་བཏོན་པ་སྟེ། དེ་ལ་ཡང་རེབ་གོང་རིག་གནས་ཚད་ལྡན་ཅན་དུ་འགྱུར་བའི་མ་ལག་འཐུས་ཚང་བཙུགས་ནས་བརྩམས་ཆོས་ཀྱི་རྒྱུ་སྤུས་ཁུངས་འདེད་སྒྲིག་སྲོལ་བཟོ་དགོས། ལག་རྩལ་དང་ཐོན་རྫས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། གཟུགས་འདས་རིག་གནས་ཤུལ་བཞག་དེ་སྔར་ལས་ཀྱང་དེང་གི་འཚོ་བའི་ཁྲོད་འདྲེས་སུ་འཇུག་དགོས། ཁྲོམ་རའི་དྲ་རྒྱ་རྒྱ་བསྐྱེད་དེ་རེབ་གོང་སྒྱུ་རྩལ་དེ་སྲོལ་རྒྱུན་གྱི“བཟོ་རྩལ་ཐོན་རྫས”ནས་འཛམ་གླིང་རིམ་པའི་རིག་གནས་ཟོང་རྟགས་ཕྱོགས་སུ་འཕེལ་པའི་རིམ་པ་སྤར་དགོས་ཞེས་བྱེ་བྲག་གི་བྱེད་ཐབས་ཁག་བཏོན་ནོ། །

མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དེ་རིག་གནས་ཡུལ་སྐོར་གྱི་སྒུལ་ནུས་སུ་བསྒྱུར་བ།  

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཐོ་ཞི་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།  ལའེ་ཡུས།

འཁྱགས་རོམ་དང་གངས་རི། མཚོ་མོ་དང་ན་འདམ། རྩྭ་ཐང་དང་མྱ་ངམ་ཐང་སོགས་མཚོ་སྔོན་གྱི་ཐུན་མིན་ས་ཁམས་ཀྱིས་གཞན་ན་མེད་པའི་སྐྱེ་ཁམས་ཀྱི་མ་གདན་བཞེངས་ཡོད། དེ་ཇི་ལྟར་བེད་སྤྱོད་དང་རིག་གནས་ཡུལ་སྐོར་གྱི་འགུགས་ཤུགས་སུ་བསྒྱུར་དགོས་ཞེ་ན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཐོ་ཞི་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལའེ་ཡུས་ཀྱིས་ཚུལ་དེར་དམིགས་པའི་གྲོས་གཞི་ཞིག་འཁྱེར་ཡོང་ཡོད། མཚོ་སྔོན་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་གཅིག་གྱུར་གྱི་ཕྱོགས་བསྡུས་ཞབས་ཞུའི་ཚོང་པ་ཞིག་ཡིན་པའི་མཚོ་སྔོན་ཐོ་ཞི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་རྣམ་གྲངས་གསོ་སྐྱོང་དང་། ཡུལ་སྐོར་ལམ་ཐིག་གསར་སྤེལ། མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ། རིག་ནུས་བདེ་འཇགས་འགོག་སྲུང་སོགས་ལྟེ་བའི་མངའ་ཁོངས་ལ་དམིགས་ཏེ། ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཐག་ཡོངས་ལ་ཁྱབ་པའི་ཆེད་ལས་ཞབས་ཞུའི་མ་ལག་བཙུགས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་སྡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མུ་མཐུད་དུ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་འབྲེལ་ཐུབ་པ་བྱས།

 ལའེ་ཡུས་ཀྱིས་འདི་སྐད། འདས་པའི་ལོ་གཅིག་རིང་ལ་མཚོ་སྔོན་ཡུལ་སྐོར་ཁྲོམ་རར་འཕར་སྣོན་གྱི་འཕེལ་ཕྱོགས་ཤིག་མངོན། ཞིང་ཆེན་ཡོངས་ནས་སྣེ་ལེན་བྱས་པའི་ཡུལ་སྐོར་གྱི་གྲངས་འབོར་ཡར་འཕར་ཚད་གཏན་འཇགས་ཡིན་པ་དང་། ཟི་ལིང་གནམ་ཐང་གི་ཡུལ་སྐོར་འགྲོ་འོང་གི་གྲངས་འབོར་མི་ཐེངས་ཁྲི788.5ལ་བསླེབས། ཡུལ་སྐོར་སྐུ་མགྲོན་གྱི་འགྲོ་འོང་འཕར་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་ལྟེ་གནས་གྲོང་ཁྱེར་དང་ཐད་གཏོགས་གྲོང་ཁྱེར་གྱི་གནམ་ཐང་ཁྲོད་ཡང་དང་པོ་ཟིན། མཚོ་སྔོན་གྱི་ཡུལ་སྐོར་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པ་དང་བསྟུན་ནས་ཀུང་སིའི་ལས་སྒོ་ཁང་ཡང་བབ་ཀྱིས་འཕར་སྣོན་བྱུང་ཡོད་ཟེར།

ལའེ་ཡུས་ཀྱིས་དམིགས་འབེན་བརྟན་པོ་བཟུང་ནས་འདི་སྐད། ད་ལོར་ང་ཚོས་གྲངས་ཀ་ཅན་གྱི་ཐབས་ལམ་བརྒྱུད་དེ་རྒྱལ་ཡོངས་སུ‘མི་སྒེར་གྱི་གནོད་མེད་འགྲོ་སྐྱོད’སྟེགས་བུ་ཐོག་མ་བཟོས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་རིན་ཐང་དེ་དཔལ་འབྱོར་གྱི་རིན་ཐང་དུ་བསྒྱུར་བ་སྐུལ་འདེད་བཏང་ནས་སྐུ་མགྲོན་རྣམས་ལ་སྐྱེ་ཁམས་ཡུལ་སྐོར་གྱི་མྱོང་རོལ་སྤུས་ལེགས་འདོན་སྤྲོད་བྱ་རྒྱུ། དེ་དང་ཆབས་ཅིག ང་ཚོས་རྒྱལ་སྤྱིའི་ཁྲོམ་རའི་སྟེང་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་ཁྱབ་སྤེལ་ཐད་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་དེ་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པར་ནུས་ཤུགས་འདོན་འཆར་ཡོད་ཅེས་བརྗོད།

སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད། 

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ས་མཐོའི་རང་བྱུང་ཐོན་ཁུངས་རྟོག་ཞིབ་ཞིབ་འཇུག་གླིང་གི་གླིང་གཙོ། ཀྲང་ཡུང་།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ས་མཐོའི་རང་བྱུང་ཐོན་ཁུངས་རྟོག་ཞིབ་ཞིབ་འཇུག་གླིང་གི་གླིང་གཙོ་ཀྲང་ཡུང་ནི་དུས་ཡུན་རིང་བོར་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་ཕྱག་ལས་གནང་མཁན་ཞིག་ཡིན། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”ཡི་སྐབས་སུ་ཁོས་དཔུང་སྡེ་དང་མཉམ་དུ་ཚན་ཞིབ་ལག་ལེན་ལ་འབད་ཅིང་། རྨ་ཆུ་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རྨ་ཆུ་མགོ་ཁུངས་ཀྱི་ཨ་མྱེས་རྨ་ཆེན་བསྐོར་རིམ་དུ་མའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན། དེ་མིན་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་བེད་སྤྱོད་ལ་སོགས་པའི་སྐོར་དམིགས་སུ་བཟུང་ནས་གྲོས་གཞི་འཁྱེར་ཏེ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་ལ་བརྟེན་ནས་མཚོ་སྔོན་གྱི“གནས་བཞི”འཛུགས་སྐྲུན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་འཆར་ཡོད། 

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་སྐབས་སུ། ཀྲང་ཡུང་གིས་དཔུང་སྡེའི་སྣེ་ཁྲིད་དེ་མཚོ་སྔོན་དུ“བར་སྣང—ནམ་མཁའ—ས་གཞི”བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་མ་ལག་གཟུག་པར་རམ་འདེགས་བྱས་ཏེ། ས་གཤིས་དང་རླངས་ཁམས་ཆེན་མོ། ཆུའི་ཐོན་ཁུངས། སྲོག་ཆགས་དང་སྐྱེ་དངོས། སྤྱི་ཚོགས་ཚན་རིག་ལ་སོགས་ཁྱབ་ཁོངས་སུ་རིག་ཚན་དུ་མའི་སྣོལ་སྡེབ་མཉམ་འདྲེས་ཀྱི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱས། དུས་ཡུན་རིང་པོར་ལྟ་ཞིབ་ཚད་ལེན་བྱས་པའི་ཁྲོད། ཨ་མྱེས་རྨ་ཆེན་ལ་གླིང་ཆེན་ཨེ་ཤ་ཡ་ཤར་མའི་དུས་རླུང་གི་ཤུགས་རྐྱེན་ཐེབས་པར་བརྟེན་ནས2022ལོ་ནས2025ལོའི་བར་དུ་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1100ནས་ཧའོ་སྨི1300ལ་བསླེབས་ཤིང་། དེ་ནི་རྨ་ཆུ་འབབ་རྒྱུད་ཀྱི་ཆར་ཆུ་ཆེས་མོད་པའི་ས་ཁོངས་ཡིན་པས། རྨ་ཆུའི“བརླན་ས”རུ་གྲགས། 

“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་ཆེད་དུ་ཀྲང་ཡུང་གིས་དམིགས་སུ་བསམ་འཆར་འདི་འདྲ་ཞིག་བཏོན་ཡོད་དེ། རྨ་ཆུའི་མགོ་ཁུངས་ལས་ཨ་མྱེས་རྨ་ཆེན་ས་ཁུལ་དུ་ས་གཤིས་དང་། གནམ་གཤིས། འཁྱགས་རོམ། ཆུ་དཔྱད་ལ་སོགས་རྒྱུ་དུ་མ་དང་སྐོར་རིམ་དུ་མའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ཏེ། ལྟ་ཞིབ་ཚད་ལེན་དང་གཞི་གྲངས་བསྡུ་ལེན་དུས་སུ་བྱེད་ཐུབ་པ་བརྒྱུད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་དང་། རྨ་ཆུ་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་དང་། རང་བྱུང་གི་གནོད་འཚེ་ཉེན་བརྡ་ལ་སོགས་པར་ཚན་རིག་གི་གཞི་འཛིན་ས་དང་གཞི་གྲངས་ཀྱི་འདེགས་སྐྱོར་ཞིག་མཁོ་འདོན་བྱེད་དགོས། མཁའ་དབུགས་དྲོད་བརླན་དུ་འགྱུར་བའི་གནས་ཚུལ་འོག་མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་འགྱུར་ལྡོག་ལ་དམིགས་ཏེ། ཆུ་ལོག་གི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་སྐུལ་འདེད་གཏང་དགོས།

ཀྲང་ཡུང་གིས་འདི་སྐད། མ་འོངས་པ་ན་དཔུང་སྡེ་ཡི་སྣེ་ཁྲིད་དེ་མུ་མཐུད་དུ་ཨ་མྱེས་རྨ་ཆེན་ལ་སོགས་ས་ཁུལ་གྱི་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་ཏེ། སྐྱེ་ཁམས་ལྟ་ཞིབ་དང་ཚད་ལེན་གྱི་ལག་རྩལ་གནད་འཁེལ་ལ་བརྟེན་ནས་མཚོ་སྔོན་གྱི“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་ཐད་ལ་སྟོབས་ཤུགས་འབུལ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།