མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་ཨང་ཞེ་བརྒྱད་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མགོ་ལོག་ཁུལ་གྱིས་བདམས་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མི་ཡེ་ཝན་པིན་རང་ཞིང་ནས་ལས་གནས་བརྗེ་སྤོར་བྱས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོ་སོས་ཚའོ་ཡའོ་མེན་དང་ཝང་ཧྲུའུ་ཡུག ཨ་ཁི་མེན་བཅས་ཀྱི་ཞིང་ཆེན་སྐབས་བཅུ་བཞི་བའི་དམངས་ཆེན་འཐུས་མིའི་ལས་གནས་ཀྱི་དགོངས་ཞུ་དང་ལེན་བྱེད་རྒྱུ་ཐག་གཅོད་བྱས། འཐུས་མིའི་བཅའ་ཁྲིམས་དང་འདེམས་བསྐོའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས། ཡེ་ཝན་པིན་གྱི་འཐུས་མིའི་ཐོབ་ཐང་རང་འགུལ་གྱིས་མཚམས་བཞག་ཡོད། ཚའོ་ཡའོ་མེན་དང་ཝང་ཧྲུའུ་ཡུག ཨ་ཁི་མེན་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་བཞག་ཡོད།

ཟི་ལིང་གྲོང་ཁྱེར་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་སོ་ལྔ་བའི་སྟེང་མཱ་ཡུན་ལུང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིར་གསབ་འདེམ་བྱས། མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་གྲོས་ཚོགས་ཐེངས་སོ་བདུན་པའི་སྟེང་ཚའོ་ཅོན་དང་ལིས་ཀྲན་གོ་ཞིང་ཆེན་སྐབས་བཅུ་བཞི་བའི་དམངས་ཆེན་འཐུས་མིར་གསབ་འདེམ་བྱས། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་སོ་བཞི་བའི་སྟེང་ཞུང་ཡོན་ལའེ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིར་གསབ་འདེམ་བྱས། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་ཀྲང་ཧྥིན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིར་གསབ་འདེམ་བྱས། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་སངས་འབུམ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིར་གསབ་འདེམ་བྱས།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་སྟེང་འཐུས་མིའི་ཐོབ་ཐང་ཞིང་བཤེར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་སྙན་ཞུ་ལྟར། མཱ་ཡུན་ལུང་དང་དང་ཚའོ་ཅོན། ལིས་ཀྲན་གོ། ཞུང་ཡོན་ལའེ། ཀྲང་ཧྥིན། སངས་འབུམ་བཅས་ཀྱི་འཐུས་མིའི་ཐོབ་ཐང་ནུས་ལྡན་ཡིན་པ་གཏན་ཁེལ་བྱས།

མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་ད་ཡོད་འཐུས་མི382ཡོད།

ཆེད་དུ་སྤྱི་བསྒྲགས་བྱས་པ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2026ལོའི་ཟླ1པའི་ཚེས24ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།