ཟླ1ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2025ལོའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བར་ཕྱིར་དྲན་དང་སྤྱི་སྡོམ་བྱས་ཤིང་། 2026ལོའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས2026ལོའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་བྱ་བ་བཟང་བོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གུ་ཡངས་གཏན་ནས་མི་གཏོང་བའི་རྣམ་འགྱུར་དང་མུ་ཕྲེང་ཡོངས་ཀྱི་བསམ་གཞིགས་ལ་བརྟེན་ནས་དྲ་རྒྱའི་འདུ་ཤེས་འཛིན་སྟངས་དང་དྲ་རྒྱའི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས། གནད་ཕིགས་ཅན་དང་ཚོགས་དབྱེ་ཅན་གྱི་བརྒྱུད་སྒྲོག་ལ་ཤུགས་བསྣན་ནས་གཙོ་རྒྱུན་སྣེ་ཁྲིད་དང་མི་སེམས་གཅིག་འདུས་ཀྱི་དུས་རབས་ཀྱི་འབོད་སྒྲ་བསྒྲག་པ་དང་། དྲ་རྒྱའི་དཔལ་ཡོན་གསོ་སྐྱོང་ལ་ཤུགས་བསྣན་ནས་བཟང་བཀུར་དགེ་བརྩོན་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་སྲོལ་གསར་སྤྱོད་བཟང་གསོ་སྐྱོང་བྱེད་དགོས། གླེང་ཕྱོགས་འབྱུང་ཁུངས་ཀྱི་འགོག་ཟོན་ལ་ཤུགས་བསྣན་ནས་ཁོངས་ཡོངས་མཐུན་སྦྱོར་དང་གནད་འཁེལ་དང་ལེན་གྱི་འགོག་སྲུང་མ་ལག་བསྐྲུན་པ་དང་། དྲ་རྒྱའི་འཕྲལ་བསྟུན་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བཀོད་འདོམས་གེགས་མེད་ཡོང་བ་དང་གོང་འོག་མཉམ་འགུལ་གྱི་རྨང་གཞི་བརྟན་པོར་འཛུགས་དགོས། དྲ་རྒྱའི་སྤྱི་ཚོགས་བྱ་བར་ཤུགས་བསྣན་ནས་དྲ་ཐོག་དང་ཡུལ་དངོས་མཉམ་བཅོས་ཀྱི་ལག་ལེན་སྟེགས་བུ་འཛུགས་པ་དང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་གོ་རིམ་ལྡན་ཞིང་བདེ་ཐང་ཡར་བརྩོན་གྱི་དྲ་རྒྱའི་སྐྱེ་ཁམས་བསྐྲུན་དགོས། དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ལམ་ལུགས་ཆ་ཚང་དང་ལག་བསྟར་ནུས་ལྡན་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བློ་དཀར་གཞུང་དྲང་དང་འགན་འཁྲི་ཁུར་ཕོད་པའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་བྱ་བའི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱས་ཏེ་ཧུར་ཐག་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་། ཞིང་ཆེན་སྤྱི་བདེ་ཐིང་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། མཚོ་བྱང་ཁུལ་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། མགོ་ལོག་ཁུལ་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། རྟ་ཐང་རྫོང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ནང་ཆེན་རྫོང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་སོགས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།