ཟླ1ཚེས21ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་ཚོགས་འདུར་ཞུགས།
ཚོགས་འདུ་ལས་མཚོ་སྔོན་འཐུས་ཚབ་ཚོགས་པ་དང་འཐུས་མིའི་གྲོས་གཞི་དང་བསམ་འཆར་གྲ་སྒྲིག་གནས་ཚུལ་དང་། འཐུས་མིས་ཁྲིམས་ལུགས་ཁྲིམས་གཞི་ཞིབ་ཀློག་གནས་ཚུལ་དང་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་དོན་དག་གི་བརྡ་ཐོའི་བླང་བྱ་བཅས་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་ཞབས་ཞུའི་འབྲེལ་ཡོད་བྱ་བ་གཏན་འཁེལ་དང་ཞིབ་འཇུག་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་འཐུས་ཚབ་ཚོགས་པའི་བྱ་བའི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཐེངས་འདིར་མི་དམངས་འཐུས་མིའི་ཚོགས་ཆེན་འཚོག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་དངོས་སུ་མཐོར་འདེགས་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཚོགས་ཆེན་བདེ་བླག་ངང་འཚོགས་ཐུབ་པར་ཞབས་ཞུ་འགན་སྲུང་བཅས་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་དང་བསམ་བློའི་ཉམས་འགྱུར་མངོན་པར་བྱེད་དགོས། གྲ་སྒྲིག་བྱ་བ་དེ་མིག་སྔའི་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་གྲ་སྒྲིག་བྱ་བར་ཚད་མཐོའི་འཆར་འགོད་དང་སྐུལ་འདེད་གཏོང་བ། སོ་སོའི་བྱ་བའི་ལས་འགན་ཚད་བསྡུར་བྱེད་པ་དང་། ནུས་མཐོའི་འབྲེལ་འདྲིས་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་བཅས་བྱས་ཏེ། གྲ་སྒྲིག་དང་ཞབས་ཞུ་འགན་སྲུང་བྱ་བ་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས། ལས་འགན་ལས་བགོས་དང་དུས་རིམ་དབྱེ་མཚམས་ལ་ནན་མོར་གཞིགས་ནས། གྲོས་གཞི་བསམ་འཆར་བྱ་བ་ཞིབ་མོར་བསྒྲུབ་པ་དང་། འཐུས་མིས་གྲོས་ཞིབ་བྱེད་པའི་ཁྲིམས་ལུགས་གྱོད་དོན་རྩ་འཛུགས་ལེགས་པོ་བྱས་ཏེ། དྲིལ་སྒྲོག་སྒྲོག་སྤེལ་བྱེད་ཐབས་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡིག་ཆའི་ཞབས་ཞུ་འགན་སྲུང་ཞིབ་ཚགས་སྒོས་ལེགས་པོར་བསྒྲུབ་པ། བྱ་བ་སྣ་ཚོགས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ནས། ལས་རིམ་སོ་སོ་ཚད་ལྡན་རིམ་ལྡན་དང་གནད་འཁེལ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། འགན་འཁྲི་ཁག་ཁུར་བརྟན་སྲུང་བྱེད་པ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་མོར་བསྲུང་བ་བཅས་བྱས་ཏེ། ཚོགས་ཆེན་གྱི་སྒྲིག་སྲོལ་གཙང་ཞིང་དེ་བདེ་བླག་ངང་ཚོགས་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།