དངུལ་ཁང་ཆེན་པོ་དྲུག་གིས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་སྐོར་ལ་བཏོན་བའི་ནོར་སྲིད་ཀྱི་སྐྱེད་ཀ་ཁ་གསབ་སྲིད་ཇུས།ཉེ་ལམ་བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་། སྦྲགས་སྲིད་གསོག་ཉར་དངུལ་ཁང་བཅས་ཀྱིས་སྤྱི་བསྒྲགས་སྤེལ་དོན། མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལས་ནོར་སྲིད་ཀྱི་སྐྱེད་ཀ་ཁ་གསབ་སྲིད་ཇུས་ལེགས་སྒྱུར་སྐོར་གྱི་འབྲེལ་ཡོད་ཞབས་ཞུ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན་འདི་ལྟར།
གཅིག མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལས་ནོར་སྲིད་ཀྱི་སྐྱེད་ཀ་ཁ་གསབ་སྲིད་ཇུས་ལག་བསྟར་གྱི་དུས་ཡུན2026ལོའི་ཟླ12ཚེས31རིང་བསྲིངས་ཡོད།
གཉིས། རྒྱབ་སྐྱོར་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་སྟེ། ཡིད་རྟོན་བྱང་བུའི་རྩིས་ཁྲ་དུས་བགོས་ཀྱི་ལས་སྒོ་དེ་རྒྱབ་སྐྱོར་གྱི་ཁོངས་སུ་འཇུག་རྒྱུ།
གསུམ། སྐྱེད་ཀ་ཁ་གསབ་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་སྟེ། ཐེངས་གཅིག་ལ་འཛད་སྤྱོད་སྒོར་ཁྲི་ལྔ་དང་དེ་ཡན་གྱི་ཁྱབ་ཁོངས་ཚད་བཀག་མེད་པར་བཟོས་པ།
བཞི། སྐྱེད་ཀ་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་བཏང་སྟེ། ཐེངས་གཅིག་ལ་འཛད་སྤྱོད་བྱས་པའི་སྐྱེད་ཀའི་ཁ་གསབ་ཀྱི་དངུལ་གྲངས500ཡོད་པ་ཚད་བཀག་མེད་པར་བཟོ་རྒྱུ་དང་། དངུལ་བུན་སྐྱི་མཁན་གྱིས་བརྒྱུད་སྒྲུབ་ལས་ཁུངས་ཀྱི་ལག་ཏུ་སྒོར་ཁྲི5མན་ནས་སྔ་ཕྱིར་འཛད་སྤྱོད་བྱས་ན་སྐྱེད་ཀ་ཆེས་མཐོ་བ་སྒོར1000ཡོད་པའི་བླང་བྱ་དེ་མེད་པར་བཟོ་རྒྱུ།
དེ་སྔོན《མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལས་ནོར་སྲིད་ཀྱི་སྐྱེད་ཀ་ཁ་གསབ་བྱེད་པའི་ཞབས་ཞུའི་གན་རྒྱ》བཞག་ནས་དངུལ་བུན་བླངས་པ་རྣམས་ལ་གཞིགས་ཏེ། དངུལ་ཁང་མང་པོ་ཞུ་དོན། 2026ལོའི་ཟླ1ཚེས1ཉིན་གྱི་རྗེས་སུ་འཛད་སྤྱོད་བྱས་པ་རྣམས་ལ་ནོར་སྲིད་ཀྱི་སྐྱེད་ཀ་ཁ་གསབ་བྱེད་པའི་སྲིད་ཇུས་གསར་པ་འདི་རང་འགུལ་གྱིས་ལག་བསྟར་བྱ་རྒྱུ་ཡིན་པས། ལོགས་སུ་གན་རྒྱ་བསྐྱར་དུ་འཇོག་མི་དགོས་ཞེས་གསལ་འགྲེལ་བྱས་འདུག