ཟླ1ཚེས13ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བསྒྲགས་པ་ལྟར་ན། ཚད་གཞི་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ལྗང་མདོག་འཕེལ་རྒྱས་སྒུལ་ནུས་ཇེ་དྲག་ཏུ་གཏོང་བའི་འཐབ་ཇུས་ངེས་གནས་ལ་རྐང་བཙུགས་ནས་བྱེད་ཐབས་སྣ་མང་སྤྱོད་རྒྱུ་རྒྱུན་འཁྱོངས་དང་། ཆེད་མཁས་པར་བློ་འདྲི་བ་དང་གོང་འོག་མཉམ་སྒུལ་སོགས་བརྒྱུད་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ནགས་རྩྭའི་འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བར་སྐུལ་འདེད་ནན་མོ་བཏང་།
ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམིགས་ནས་འཆར་འགོད་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ1124འཕེལ་རྒྱས་བསམ་ཕྱོགས་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དམིགས་འབེན་དུ་བྱེད་པ། སྐྱེ་ཁམས་བྱེད་ནུས་ཆེན་པོ་མངོན་འགྱུར་བྱེད་རྒྱུ་གཙོ་ཐིག་ཏུ་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་མཚོན་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་སྐུལ་འདེད་གཏོང་རྒྱུ་གཙོར་འཛིན་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་། ལུགས་མཐུན་བེད་སྤྱོད། གྲངས་རིག་ཅན་བཅས་ཀྱི་ནགས་རྩྭའི་རྩོམ་ཡིག་བཞིར་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་དགོས།
ཆེད་མཁས་པའི་བློ་གྲོས་གཅིག་བསྡུས་བྱས་ཏེ་མཐོ་སྒང་གི་ནགས་རྩྭ་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་རྒྱུ་འགོ་རྩོམ་སར་བྱེད་པ་དང་། མཚོ་སྔོན་གྱི་ནགས་རྩྭའི་ཐོན་ཁུངས་ཀྱི་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་བྱང་གསུམ་བཟོ་སྐྲུན་གྱི་མཁྲེགས་གཏོར། ས་ནག་ཐང་བཅོས་སྐྱོང་། ནགས་རྩྭའི་ཐཱན་འདུས་གསར་སྤེལ། ཁྱད་ལྡན་ཐོན་ཁུངས་ཐོན་ལས་ཅན་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། འཆར་འགོད་སྒྲིག་བཟོ་གཏན་འབེབས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་ནགས་རྩྭ་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་ལག་བསྟར་བྱེད་ཐབས་སྔར་ལས་གསལ་བོ་བྱས་ནས་འཆར་འགོད་སྒྲིག་བཟོ་གཏན་འབེབས་ཀྱི་ཚན་རིག་རང་བཞིན་དང་མདུན་ལྟའི་རང་བཞིན། བྱེད་སྤྱོད་རང་བཞིན་བཅས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས།
གོང་འོག་མཉམ་སྒུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་བློ་འདྲི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བཟོ་སྐྲུན་ལས་གཞི་གཙོ་བོའི་སྦྲེལ་མཐུད་རྟོག་ཞིབ་བྱ་བ་ཐེངས་མང་སྤེལ་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་བཟོ་སྐྲུན་ལས་གཞིའི་ཕན་འབྲས་དང་མི་འདང་སར་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་བཟོ་སྐྲུན་ལས་གཞིའི་དགོས་མཁོར་འཆར་འགོད་ནན་མོ་བྱེད་པ། གཞི་རིམ་གྱི་དངོས་ཡོད་གནས་ཚུལ་ཚུར་སྣང་བཟང་བོ་བྱེད་པ། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱིས་མཐུན་སྦྱོར་བྱེད་པ། གོང་འོག་མཉམ་སྒུལ་བཅས་ཀྱིས་སྒྲིག་བཟོ་གཏན་འབེབས་ཀྱི་ཆགས་སྟངས་གྲུབ་པར་བྱེད་པ། ལས་གཞི་གལ་ཆེན་གྱི་འཆར་འགོད་དང་ལྷག་པར་དུ་སྣེ་ཁྲིད་རང་བཞིན་གྱི་ལས་གཞིའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ།ལས་གཞི་གཙོ་བོའི་གསལ་ཁྲ་རྒྱུན་མཐུད་ངང་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་འཆར་འགོད་བེད་སྤྱོད་བྱེད་ཆོག་པ་དང་དོན་འཁྱོལ་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།
སྒྲིག་བཟོ་གཏན་འབེབས་ཀྱི་སྤུས་ཚད་ཚོད་འཛིན་ནན་མོ་བྱེད་པ་དང་། འཆར་འགོད་སྒྲིག་བཟོ་གཏན་འབེབས་ཀྱི་ཆེད་མཁས་པའི་ཚན་ཁག་བཙུགས་ནས་འཆར་གཞི་དང་དུས་ཚོད་གཏན་འཁེལ་བྱེད་དགོས་ལ། བདེ་འཇགས་འགོག་ར་འཛུགས་སྐྲུན་དང་ཐོན་ཁུངས་སྲུང་སྐྱོབ་དོ་དམ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཚན་རྩལ་འདེགས་སྐྱོར་མ་ལག་བསྐྲུན་པ། སྒྲིག་གཞིའི་རྐྱེན་སྲོལ་བཅོས་སྒྱུར་གསར་གཏོད་སོགས་ལ་དམིགས་ནས་དམིགས་འབེན་ཚད་གཞིའི་ཚན་རིག་རང་བཞིན་དང་ལས་འགན་གཙོ་བོའི་བཀོལ་སྤྱོད་རང་བཞིན། འགན་སྲུང་བྱེད་ཐབས་ཀྱི་དམིགས་སའི་རང་བཞིན་བཅས་ལ་རིགས་སྒྲུབ་ཐེངས་མང་བྱེད་དགོས་པར་མ་ཟད། འཆར་འགོད་སྒྲིག་བཟོ་གཏན་འབེབས་ཀྱི་གོ་རིམ་དོན་འཁྱོལ་ནན་མོ་བྱས་ཏེ་འབྲེལ་ཡོད་སྡེ་ཁག་གི་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་དགོས།