ཟླ1པོའི་ཚེས6ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་བསྒྲགས་པ་ལྟར་ན། ལས་ཁུངས་དེ་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་ལ་མཉམ་འབྲེལ་བྱས་ཏེ《མཚོ་སྔོན་ཞིང་ཆེན་ནགས་རྩྭའི་ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུ་ཡི་བྱེད་ཐབས་ཁག》ཅེས་པ་བཟོས་ནས་པར་འགྲེམ་བྱས།
《བྱེད་ཐབས》ཀྱིས་མཚོ་སྔོན་ནགས་རྩྭའི་ཐོན་ཁུངས་ཀྱི་རང་བྱུང་ཁྱད་ཆོས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་དངོས་ལ་གཞི་བཙུགས་ནས། དངུལ་རྩའི་ཐོན་ཁུངས་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པར་གཅིག་གྱུར་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བསྒྱུར་བཅས་ཀྱི་སྣ་མང་དངུལ་རྩའི་དགོས་མཁོ་ནུས་ལྡན་གྱིས་བསྐང་ཡོད་ལ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་ཕན་འབྲས་མཐོར་འདེགས་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།《བྱེད་ཐབས》ཀྱིས་མིག་སྔའི་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཏེ། ཐུན་མོང་ནགས་ལས་བཅོས་བསྒྱུར་གྱི་དངུལ་རྩའི་ཞབས་ཞུ་ཟབ་སྤེལ་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་གི་དངུལ་བསྒྱུར་དངུལ་རྩའི་རྒྱབ་སྐྱོར་ལམས་ལུགས་འཐུས་ཚང་དུ་གཏོང་བ། ཆ་ཚང་སྲིད་ཇུས་དང་མ་ལག་འགན་སྲུང་སོགས་གནད་འགག་དམ་འཛིན་བྱེད་པ་བཅས་ལ་གཞི་བཙུགས་ནས། བྱེ་བྲག་གི་ལག་བསྟར་རང་བཞིན་དང་དམིགས་གཏད་རང་བཞིན་གྱི་དངུལ་རྩྭའི་རྒྱབ་སྐྱོར་བསམ་འཆར12བཏོན་པ་དང་། དེའི་རྩ་བ་ནི་དངུལ་རྩའི་གསར་གཏོད་དང་ནུས་པ་ལ་བརྟེན་ནས་ཏན་ཏིག་གིས་ནགས་རྩྭའི་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་མ་དངུལ་གྱི་དཀའ་ཁག་སེལ་བ་དེ་ཡིན།
《བྱེད་ཐབས》བྱེད་ཐབས་ཀྱིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་རང་འགུལ་ངང་ནགས་རྩྭའི་དངོས་གཉེར་དཔལ་འབྱོར་ལ་ཞབས་ཞུ་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན་ཡོད་ལ། ནགས་རའི་བདག་དབང་གཏའ་མར་བཞག་ནས་དངུལ་བུན་སྐྱི་བ་དང་། ནགས་རའི་བདག་དབང་གསོག་ཉར་འགན་ལེན། ནགས་རའི་བདག་དབང་ཉོ་ཚོང་བྱེད་པ། ནགས་རའི་དཔལ་འབྱོར། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ། ཁྱད་ལྡན་ནགས་རྩྭའི་ཐོན་ལས་གསོ་སྤེལ་སོགས་གཅོ་གནད་ཁྱབ་ཁོངས་ལ་དམིགས་ནས། སྣ་མང་རང་བཞིན་དང་གནད་ཁེལ་རང་བཞིན། སྟབས་བདེ་རང་བཞིན་བཅས་ཀྱི་དངུལ་རྩྭའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་ལ་འབྲེལ་བ་ཡོད་པའི་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། རོང་འབྲོག་ཁྱིམ་ཚང་སོགས་གཙོ་གཉེར་ཚོང་ཁང་གི་དངུལ་རྩྭའི་རྒྱུད་ལམ་རྒྱ་བསྐྱེད་དང་། ནུས་ལྡན་ངང་འཁོར་ཡུན་ཧྲིལ་བོ་དང་རིམ་པ་མང་བོའི་དངུལ་རྩའི་དགོས་མཁོ་ནུས་ལྡན་གྱིས་བསྐང་ཡོད། 《བྱེད་ཐབས》ལས་ས་གནས་སོ་སོ་རུ་དུངལ་རྩྭའི་རྒྱབ་སྐྱོར་ལ་བརྟེན་ནས་ནགས་རྩྭའི་བཅོས་བསྒྱུར་འཕེལ་རྒྱས་གཏོང་བའི་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་སྦྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་སྤྱི་སྟེགས་འཛུགས་པ། ནགས་ལས་དང་རྩྭ་ཐང་གི་དངུལ་རྩྭའི་འཕེལ་རྒྱས་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། ཏན་ཏིག་གིས་དངུལ་རྩའི་ཉེན་ཁ་འགོག་སྲུང་དང་དོ་དམ་འོས་འཚམ་ལ་ཤུགས་བསྣོན་པ། ཁག་སོ་སོའི་རྒྱབ་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་བྱེད་ནུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད།