ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ནང་མཁོ་རྒྱ་བསྐྱེད་དང་འཛད་སྤྱོད་ལ་སྐུལ་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ལེགས་པོར་རྩོམ་པ་ནི་རྒྱལ་ཁབ་ལེན་པའི་གནད་འགག་ཡིན་པ་དང་འགོ་བརྩམས་མ་ཐག་ནས་འབད་བརྩོན་བྱེད་པའི་སེམས་ཤུགས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་ལེན་ཐུབ་པའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྔོན་ལ་འཆར་འགོད་དང་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་ཇུས་ཆོད་གཏན་འབེབས་བཟོས་པར་མ་ཟད། ཟླ1པའི་ཚེས19ཉིན་འགོ་རྩོམ་ཚོགས་འདུ་བསྡུས་ནས། 2026ལོའི་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་འགོ་དངོས་སུ་བརྩམས་པ་རེད།
ཞིང་ཆེན་ཚོང་དོན་ཐིང་གིས་2026ལོའི་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་བཀོད་སྒྲིག་སྒྲོག་སྤེལ་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་དང་། ས་ཁུལ། དངུལ་རྩའི་ལས་ཁུངས་དང་ཚོང་དོན་ཁེ་ལས་ཀྱི་འཐུས་ཚབ་བཅས་སོ་སོས་ལོ་ཧྲིལ་བོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་ཡོངས་བསྒྲགས་བྱས། 2026ལོར། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱིས1+9+Nསྤྱིའི་སྒྲོམ་གཞི་སྟེ། གཅིག་ནི་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་འགོ་རྩོམ་ཚོགས་འདུ་དང་། དགུ་ནི་ཞིང་ཆེན་རིམ་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་བརྗོད་བྱ་དགུ Nནི་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཚོང་ལས་མཐུན་ཚོགས། དངུལ་རྩའི་ལས་ཁུངས། ཁེ་ལས་སོགས་ཀྱིས་སྤེལ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་མང་པོ་བཅས་ཀྱི་བཀོད་སྒྲིག་ལྟར། ལོ་ཧྲིལ་བོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་རིགས་མི་འདྲ་བ་བཞི་བརྒྱ་ཡན་སྤེལ་བའི་འཆར་གཞི་བཀོད་དེ། 2025ལོ་དང་བསྡུར་ན་འཕར་སྣོན་ཆེན་པོ་བྱུང་ཡོད།
ཞིང་ཆེན་རིམ་པའི་ངོས་ནས། གཙོ་བོ་བརྗོད་བྱ་ཆེན་པོ་དགུ་ལ་དམིགས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་སྟེ། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེས་ལག་བསྟར་བྱེད་པ་དང་། ཚོང་རྫས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་པ། བྱ་དགའ་ཡོད་པའི་པ་སེ་སྟེར་བའི་ཚོད་ལྟའི་གནས་ལ་སྐུལ་འདེད་གཏོང་བ་དང་། པ་སེ་ཆུང་བས་འཛད་སྤྱོད་ཆེན་པོར་སྐུལ་སྤེལ་བྱེད་པ། མཚོ་སྔོན་གསོལ་སྟོན་གྱི་ཚོང་རྟགས་འཛུགས་པའི་ལོ་གསུམ་འགུལ་སྐྱོད་སྤེལ་འགོ་རྩོམ་པ་དང་། ཁྱད་ལྡན་བཟའ་བཏུང་ཚོང་རྟགས་ཀྱི་མིང་གྲགས་ཆེ་རུ་གཏོང་བ། ལོ་གསར་གྱི་ཚོང་རྫས་འགྲེམ་པའི་བྱ་འགུལ་སྤེལ་བ་དང་། ས་ཚིགས་གཅིག་ཅན་གྱི་ལོ་གསར་འཛད་སྤྱོད་ཁོར་ཡུག་བསྐྲུན་པ། མཚོ་སྔོན་ནས་འཛད་སྤྱོད་བྱས་ཏེ་དུས་ཆེན་གཉིས་ལ་སྤྲོ་དགའི་རྣམ་པ་བསྐྲུན་པའི་དྲ་ཐོག་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་དང་། དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་ལེན་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། དྲ་ཐོག་ཉོ་ཚོང་དུས་ཆེན་སྐབས་བརྒྱད་པ་ལེགས་པོར་སྤེལ་བ་དང་། ཚོང་རྟགས་ཀྱི་འཛད་སྤྱོད་གསོན་ཤུགས་སྐུལ་སྤེལ་བྱེད་པ། སྤུས་ལེགས་ཐོན་རྫས་ཀྱི་འཛད་སྤྱོད་ཟླ་བའི་བྱ་འགུལ་སྤེལ་བ་དང་། ལོ་མཇུག་གི་ཕབ་གཅོག་མང་པོས་འཛད་སྤྱོད་ལ་སྐུལ་སྤེལ་བྱེད་པ། མཚོ་སྔོན་གྱི་དངོས་རྫས་བཟང་པོ་ཁྱབ་གདལ་གཏོང་བ་དང་། ཁྱད་ལྡན་ཐོན་རྫས་ཀྱིས་རྒྱལ་ཕྱི་ནང་གི་ཁྲོམ་ར་རྒྱ་བསྐྱེད་པར་རོགས་ཤུགས་འདོན་པ། ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་བཅས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་རྣམ་མང་པོ་མཐུན་སྦྱོར་སྒོས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་འདུས་ཡོད།
གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་བཅས་སོ་སོའི་ཚོང་དོན་སོགས་ཀྱི་སྡེ་ཁག་གིས་ས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཁུལ་ཁོངས་ཀྱི་འཛད་སྤྱོད་སྐུལ་འདེད་གཏོང་བའི་བྱ་འགུལ་ཐེངས་ཉིས་བརྒྱ་ལྷག་སྤེལ་རྒྱུ་རེད། ཁྲོམ་རའི་བྱེད་པོ་སོ་སོས་དུས་ཚིགས་དང་དུས་ཆེན་གྱི་འདྲེས་མཚམས། དུས་ཆེན་གྱི་གུང་གསེང་། ལུས་རྩལ་འགྲན་སྡུར། རིག་རྩལ་འཁྲབ་སྟོན། ཡུལ་སྐོར་ཕྱི་སྐྱོད་སོགས་འཛད་སྤྱོད་ཚ་གནད་ཀྱི་ཐེག་ནུས་ལ་བརྟེན་ནས། རིན་གོང་ཕབ་གཅོག་དང་ལེགས་སྐྱེས་སྟེར་བ་སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་ཐེངས་ཉིས་བརྒྱ་ལྷག་སྤེལ་རྒྱུ་རེད།