[ཡིད་ཆེས་བརྟན་པོས་དངོས་སྒྲུབ་བརྩོན་ལེན་བྱེད།]འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བཏིངས་ནས་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།—— 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ལོ་མཇུག་གི་དཔལ་འབྱོར་ལྟ་ཞིབ་ལས་གཉིས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

གཞོང་ཐང་རྫོང་ཙུང་པའོ་ཤང་ཧ་ཅ་གྲོང་ཚོའི་གྲུ་ཁར་མཁོ་སྤྲོད་བྱེད་པའི(ཕྱིར་གཏོང་བྱེད་པའི)བསིལ་གྲང་སྔོ་ཚལ་བསྡུ་རུབ་བྱེད་པའི་རྣམ་པ།

ལུང་དབྱང་འཇའ་ཉར་ཐོག་མར་ལས་སྣོན་བྱེད་ས།

ལིའི་བསྲེགས་གོ་རེ་བཟོ་ས།  

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་ཙོང་ལུང་ཁུལ་གྱི་ནས་ཞིང་དུ་གསེར་གྱི་རླབས་འགྱུ་འཕྱོ་ཞིང་། མཚོ་སྔོན་པོ་འགྲམ་གྱི་སྐམ་གཡག་ལ་ཤ་ཤེད་རྒྱས། ཙོང་ཆུ་འགྲམ་གྱི་སྔོ་ཚལ་འཁྱགས་སྦྲེལ་རླངས་འཁོར་དུ་བཞག་སྟེ་རྒྱལ་ཡོངས་སུ་བསྐྱོད་པས། 2025ལོའི་མཚོ་སྔོན་ཞིང་ཕྱུགས་ལས་དཔལ་འབྱོར་གྱིས“བརྟན་ལྷིང”གི་རྨང་གཞི་དང་། “ཡར་ཐོན”གྱི་རྣམ་པ། “སྤེལ་ལེགས”ཀྱི་སྒུལ་ཤུགས་བཅས་ཀྱིས་སྐྱེ་ཁམས་དང་དཔལ་འབྱོར་མཉམ་གནས་ཀྱི་ཐུན་མོང་ཁེ་བཟང་ལ་རྒྱུགས་འབྲས་ལེགས་པོ་ཞིག་བླངས།   

རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་གལ་ཆེན་དང་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ཞིག་ཡིན་པའི་མཚོ་སྔོན་གྱིས“རྒྱུན་མཐུད་གཉིས་དང་། འཕར་སྣོན་གསུམ། འབད་བརྩོན་བཞི”ལ་དམིགས་ཏེ། སོན་བཟང་དང་། བྱེད་ཐབས་བཟང་པོ། དེ་བཞིན་ལག་རྩལ་བཟང་པོ་བཅས་ལ་བརྟེན་ནས་ཐོན་ནུས་ཇེ་མཐོར་དང་། ཞིང་པར་འབྲེལ་གཏུགཞིང་པར་ཁྲིད་སྟོན་བཅས་བྱས་ནས་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ་དང་། སྤུས་རྟགས་ནུས་པ་སྤྲད་ནས་ཁྲོམ་ར་རྒྱ་བསྐྱེད་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”ལ་སྲུང་སྐྱོབ་བྱས་པར་མ་ཟད། རོང་འབྲོག་པའི“སྒོར་ཁུག”དངུལ་གྱིས་་གང་བར་བྱས་ཡོད།

གཞི་གྲངས་ལས་མངོན་པར། 2025ལོར་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི119ལས་བརྒལ་བ་དང་། དབུལ་ཐར་མི་འབོར་གྱི་ལས་བཟོ་གཞི་ཁྱོན་ཁྲི24ལས་བརྒལ་བ། ནོར་ཤ་དང་ལུག་ཤ་དང་། འཕང་འབྲས།  བསིལ་གྲང་སྔོ་ཚལ། ཆུ་གྲང་ཉ། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བཅས་ལ་ཤུགས་ཆེན་པོ་བརྒྱབ། 2025ལོ་ནས་བཟུང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་ལས་གྲོང་གསེབ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཞིང་། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་ཕྱིན་པ་དང་། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་ཕྱིན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པར་མཇུག་བསྒྲིལ་བ་དང་། གྲོང་གསེབ་དཔལ་འབྱོར་བརྟན་ལྷིང་ཁྲོད་ཡར་རྒྱས་ཡོང་བ་དང་། བརྟན་ལྷིང་ཁྲོད་ཡར་རྒྱས་ཡོང་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན།

ཕན་འབྲས་ཆེ་རུ་གཏོང་བ། 

ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་པོ་ཡོང་བ།  

2025ལོར་མཚོ་སྔོན་གྱི་འབྲུ་རིགས་ཐོན་སྐྱེད་ཀྱིས་ཐོག་མའི་དུས་ཀྱི་ཐན་ཞོད་ཆུང་བའི་གནོན་ཤུགས་ཐེག་ནས་གཟེངས་སུ་ཐོན་པའི་དྲིས་ལན་སྤྲད་པ་སྟེ། འབྲུ་རིགས་མུའུ་ཁྲི459.22(སྤྱི་ཆིང་ཁྲི30.61)འདེབས་འཛུགས་དང་། སྣུམ་རྒྱུ་མུའུ་ཁྲི227.1(སྤྱི་ཆིང་ཁྲི15.14)བཏང་སྟེ་ལོ་འཁོར་གྱི་དམིགས་ཚད3.2%དང་། 2.3%ལས་བརྒལ་ནས་འབྲུ་རིགས་དང་སྣུམ་གྱི་སྤྱིའི་ཐོན་ཚད་ཏུན་ཁྲི119དང་ཏུན་ཁྲི35ཡན་ཟིན་ནས་དབྱར་འབྲུ་ཐོན་ཚད་བརྟན་པོ་དང་སྟོན་འབྲུས་འབྲུ་མཛོད་ཁེངས་ཐུབ་པ་བྱུང་ཡོད། “བརྟན་པའི”གྲུབ་འབྲས་དེའི་རྒྱབ་ཏུ“འབྲུ་རིགས་ཞིང་ས་བརྟེན་དགོས་པ་དང་། འབྲུ་མཛོད་ལག་རྩལ་ལ་བརྟེན་དགོས”པའི་འཐབ་ཇུས་ཀྱི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་པས། མཐོ་སྒང་གི་ཞིང་ལས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བའི་ནང་སྐྱེས་སྒུལ་ཤུགས་སྔར་བས་མངོན།

སྟོན་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་གི་ནས་ཞིང་དུ་གཏམ་བཟང་ཡང་ཡང་ཁྱབ་ཡོད། གསར་དུ་ཁྱབ་གདལ་བཏང་བའི“མཚོ་བྱང་གི་ནས་ཨང15པའི”སོན་རིགས་ལ་རྨོ་འདེབས་མི་དགོས་པར་སོན་འདེབས་དང་། ས་བོན་ཐུམ་འབྱེད། མི་མེད་གནམ་གྲུ་འཕུར་འགོག་སོགས་དེང་རབས་ཅན་གྱི་ཞིང་ལས་ལག་རྩལ་ལ་བརྟེན་ནས་དུམ་བུ་སྐམ་ནས་བསྡུ་རུབ་བྱེད་པའི་གསར་གཏོད་བྱེད་སྟངས་དང་སྡེབ་སྒྲིག་བྱེད་སྟངས་སྤྱད་པས་མུའུ་རེའི་ཐོན་ཚད་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ཡོད་པ་སྟེ། མུའུ་རེའི་ཐོན་ཚད་མཐོ་ཤོས་སྤྱི་རྒྱ500ལས་བརྒལ་བ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ440ཟིན་ཡོད། ལྡོག་འགོག་རང་བཞིན་ཆེ་བ་དང་སྤུས་ཚད་ལེགས་པའི་ལེགས་ཆ་མངོན་གསལ་དོད་པར་བརྟེན་སོན་རིགས་་དེའི་ཁྲོམ་རའི་ཉོ་སྒྲུབ་རིན་གོང་རིགས་མཐུན་ལས15%མཐོ་བ་དང་། མུའུ་རེར་རོང་འབྲོག་པའི་ཡོང་འབབ་སྒོར300འཕར་ནས། ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི“གསེར་གྱི་ལྡེ་མིག”ཞིག་ཏུ་གྱུར་ཡོད།

རྒྱ་མདོས“ལག་རྩལ”ལ་བརྟེན་ནས་ནུས་པ་འདོན་སྤྲོད་བྱེད་པ་དང་དུས་མཚུངས་ཟི་ལིང་ཧོང་ཀྲུང་ཆུས་ཐེན་ཅ་ཀྲའེ་གྲོང་རྡལ་གྱིས“ས”ལ་བརྟེན་ནས་རྨང་གཞི་འཛུགས་བཞིན་ཡོད། དེ་སྔའི་ཆུ་དང་ལུད་ས་གསུམ་གཅིག་ཀྱང་གསོག་འཇོག་མི་ཐུབ་པའི་ཞིང་ལ། ཚད་གཞི་མཐོ་བའི་ཞིང་ས“གཟར་ངོས་ནས་སྐས་རིམ་ཅན་དུ”བསྒྱུར་བཀོད་བྱས་པ་བརྒྱུད། ཆུ་དང་། ལུད་ས་གསུམ་གསོག་འཇོག་ཐུབ་པའི“སྲུང་གསུམ་ཞིང”དུ་བསྒྱུར་ནས་ས་ཆུ་ཤོར་བ་བཀག་འགོག་བྱས་པ་མ་ཟད། འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏིངས་ཡོད། “སྐས་ཞིང་དུ་ཆུ་ལུད་གསོག་འཇོག་བྱེད་ཐུབ་པས། ཡེ་གྲོ་མུའུ་རེར་ཐོན་འབབ་སྤྱི་རྒྱ50འཕར་ཡོད་ལ། སྤུས་ཀ་ཡང་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད”ཅེས་འབྲུ་རིགས་འདེབས་མཁན་ཞིང་པ་ཆེ་གྲས་མ་ཡིའུ་ཞང་དགའ་སྤྲོ་ཆེན་པོ་བྱུང་། ལེ་ལག་ཚང་བའི་ཞིང་རའི་བགྲོད་ལམ་གྱིས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་སྟབས་བདེ་བྱུང་བས། ཁོང་གིས་གནས་བབ་དང་བསྟུན་ནས་འདེབས་འཛུགས་གཞི་ཁྱོན་སྤྱི་ཆིང་66.67བར་རྒྱ་ཆེར་བཏང་བ་མ་ཟད། ད་དུང་ཧོ་ནན་ཁེ་ལས་དང་ཡུན་རིང་གི་མངགས་ཐོར་ཡང་མིང་རྟགས་བཀོད།

“འབྲུ་རིགས་ས་ཞིང་དུ་ལ་བརྟེན་པའི”ཐོན་སྐྱེད་གཉེར་སྐྱོང་གི་གཞི་རྩའི་ངོས་སྲ་བརྟན་དུ་གཏོང་བ་དང་། “འབྲུ་རིགས་ལག་རྩལ་དུ་ལག་རྩལ་ལ་བརྟེན་དགོས་པའི”ཐོན་སྐྱེད་འཕར་སྣོན་ཡོང་འབབ་ཀྱི་སྒུལ་ཤུགས་གསར་པ་སྐུལ་སློང་བྱེད་ཀྱི་ཡོད། འཕར་སྣོན་བྱུང་བའི་གཞི་གྲངས་རེ་རེ་ལས་ཞིང་ཆེན་ཡོངས་ཀྱི་རིམ་པ་ནས་སྲིད་ཇུས་སྡེབ་སྒྲིག་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་དཔལ་འབྱོར་འགན་སྲུང་མ་ལག་བཙུགས་པ་རྟོགས་ཐུབ 2025ལོར་མཚོ་སྔོན་གྱིས་ཐོན་ཚད་མཐོར་འདེགས་རྫོང་འཛུགས་པ་དང་། ལྗང་མདོག་ཐོན་ཚད་མཐོ་ཞིང་ཕན་ནུས་ཆེ་བའི་ས་ཞིང་སྤྱི་ཆིང་ཁྲི8.65བསྐྲུན་པ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཚབ་གཉེར་ཞབས་ཞུའི་སྤྱི་ཆིང་ཁྲི3.64ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་སོན་རིགས་དང་ལག་རྩལ་གཙོ་བོ་ཁྱབ་གདལ་གྱི་ཁེབས་ཚད་སོ་སོར98.2%དང་95%ཡན་ཟིན་ནས་གཞི་ཁྱོན་གྱི་ཕན་འབྲས་ལ་བརྟེན་ནས་མ་གནས་ཇེ་ཆུང་དུ་གཏོང་བ་དང་ཕན་འབྲས་ཇེ་ཆེར་ཕྱིན ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་ཁྲི2.31འཛུགས་སྐྲུན(ལོ་ལྔའི་རིང་གི་གཞི་ཁྱོན་ཆེ་ཤོས་ཡིན)“ཉིན་བརྒྱ་འགག་སྒྲོལ”བྱས་པ་བརྒྱུད་མགྱོགས་མྱུར་ངང་ལག་ལེན་བསྟར་བ་དང་། ས་ཞིང་ཐོན་ནུས་ཀྱི་ཁེ་སྤོགས་སྔར་བས་ཕྱིར་གཏོང་བྱས་ཏེ། ཞིང་ལས་གཞི་ཁྱོན་ཅན་དང་ཞིབ་ཚགས་ཅན་གྱི་གཉེར་སྐྱོང་ལ་རྨང་གཞི་བཏིངས།

རིགས་རྒྱུད་ལེགས་བཅོས་བྱེད་པ་ནས་ཞིང་ས་རིམ་སྤོར་བར་དང་། ལག་རྩལ་གྱི་ནུས་པ་འདོན་སྤྲོད་བྱེད་པ་ནས་སྲིད་ཇུས་ཀྱི་སྲུང་སྐྱེལ་བར་མཚོ་སྔོན་གྱིས་མ་ལག་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས་མཐོ་སྒང་གི་ཞིང་ལས་འཕེལ་རྒྱས་ཀྱི་འགག་གནད་ཐག་གཅོད་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་དམའ་ཐིག་སྲུང་འཛིན་བྱས་པར་མ་ཟད། ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་གཉེར་སྐྱོང་རྣམ་པ་གསར་གཏོད་བྱས་པ་བརྒྱུད་ཞིང་ལས་དཔལ་འབྱོར་གྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་སྟེ།  ལོ་མང་བསྟུད་མུར་ི་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བསྐྲུན། 

གྲོང་གསེབ་ས་ཁུལ་སྔར་བས་དར་རྒྱས་སུ་བཏང་བ།  

ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བརྟན་པོ་ཡོང་བར་ཇི་ལྟར་སྐུལ་འདེད་གཏོང་རྒྱུ་ནི་གྲོང་གསེབ་ས་ཁུལ་དར་རྒྱས་ཡོང་ཐུབ་མིན་གྱི་རྩ་བ་ཡིན།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཧྲང་ཝུའུ་ཀྲོང་གྲོང་རྡལ་ཡིའུ་ཨའེ་གྲོང་ཚོའི་ཧའེ་ཡ་ལིའི་བསྲེགས་གོ་རེའི་ཐོན་ལས་རྟེན་གཞིར་བསྐྱོད་པ་ན། ལས་མི་མ་ཕིན་གྱིས་མྱུར་དུ་ཐབ་ནས་ཐོན་མ་ཐག་པའི་གོ་རེར་ཐུམ་བརྒྱབ་ནས་ཁག་བགོས་བྱེད་བཞིན་འདུག  དེ་སྔ་དྲ་འོག་ནས་ཐོར་འཚོང་གི་ས་གནས་ཀྱི་དམིགས་བསལ་ཐོན་རྫས་དེ་ད་ཆ་གློག་རྡུལ་ཚོང་དོན་གྱི་ཤར་རླུང་དང་བསྟུན་ནས་མཐོ་སྒང་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད། ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས་ས་གནས་དེའི་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ལ་ཡང་གསོན་ཤུགས་རྒྱས།

“སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཚོང་གཉེར”གྱི་བྱེད་ཐབས་བརྒྱུད་ཞིང་པར་འབྲེལ་གཏུག་དང་སྣེ་ཁྲིད་ནས་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་དང་། མཚོ་སྔོན་ཧའེ་ཡ་བཟའ་བཅའ་ཚད་ཡོད་ཀུང་སིས་སྔོན་ལ་མཐའ་འཁོར་གྱི་གཞིས་སྲུང་བུད་མེད་དང་། དབུལ་ཐར་མང་ཚོགས་དེ་བཞིན་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ངལ་རྩོལ་ནུས་ཤུགས་བཅས་ལས་ཞུགས་བསྡུ་ལེན་བྱས་ཏེ། ཕྱེ་སྙོམ་པ་དང་། བསྲེགས་བཟོས། ཐུམ་འཇུག ཐད་གཏོང་སོགས་ལས་རིགས་མང་པོ་ཚུད་ཡོད་པས། ཚང་མས“ཁྱིམ་ཚང་ལ་བདག་སྐྱོང་དང་སྒོར་མོ་བཙལ་བ་གཉིས་ཀར་གང་ཡང་ལ་ཤུགས་རྐྱེན་མི་ཐུབ་པར”རོགས་རམ་བྱས།

“ཟླ་རེའི་གླ་ཕོགས་སྒོར4000ཡིན་ན། སྒོ་འགྲམ་དུ་ལས་ཚོགས་ཞུགས་པ་དང་སྒོར་མོ་བཙལ་ནས་ཁྱིམ་ཚང་ལ་བདག་སྐྱོང་བྱེད་ཐུབ་པས། ཉིན་རེར་ལས་ཀ་བྱེད་སྐབས་ཧ་ཅང་དགའ་པོ་བྱུང་འདུག”མ་ཕིང་གི་སྐད་ཆ་ལས་གྲོང་མི་མང་པོ་ཞིག་གི་སེམས་ཀྱི་སྐད་ཆ་མཚོན་ཡོད། སྒོ་འགྲམ་གྱི་ལས་ཞུགས་བརྟན་པོ་དང་གྲོང་གསེབ་ཀྱི་སྡོད་གནས་ཆ་རྐྱེན་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ཁོ་མོ་དང་འདྲ་བའི་གྲོང་གསེབ་བུད་མེད་ཀྱི་འཚོ་བར་གསོན་ཤུགས་ཀྱིས་ཁེངས་ཡོད། 

སྣེ་ཁྲིད་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། སྦྲེལ་ཐག་གསབ་པ། ལས་རིགས་དར་རྒྱས། ཡུལ་མི་ཕྱུག་འགྱུར་བཅས་ཀྱི“ཁེ་ལས་ཀྱིས་སྐུལ་ཁྲིད་དང་། ཐོན་ལས་ཀྱི་ནུས་པ་འདོན་སྤྲོད། མང་ཚོགས་ཀྱི་ཡོང་འབབ་འཕར་བའི”གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མཚོ་སྔོན་ས་གཞི་ཡི་གང་སར་མེ་ཏོག་བཞད་ཅིང་འབྲས་བུ་ཐོན་བཞིན་ཡོད།

གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱི་རིན་ཐང་གང་དུ“འཕར་”ཡོད་དམ་ཞེ་ན། “འཕར་སྣོན”ནི་རྒྱུན་མཐུད་ངང་རིམ་སྤར་བྱེད་པའི་འཚོ་བའི་ཁོར་ཡུག་ཁྲོད་དུ་ཡོད་དེ། གནས་སྤོ་གཅིག་སྡུད་བཀོད་སྒྲིག་ཁུལ297གཙོ་གནད་དུ་བཟུང་སྟེ། ས་གནས་དེ་གའི་མ་དངུལ་སྒོར་དུང་ཕྱུར་1.3བསྡུ་སྒྲིལ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་རིགས་ཀྱི་རྣམ་གྲངས་24ལག་བསྟར་བྱས་་པ་དང་།  དམངས་ཚིས་འགན་སྲུང་གི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་

གྲོང་གསེབ་ཀྱི་འཚོ་བ་དར་རྒྱས་ཀྱི་ཚད་དེ་གང་དུ་ཡོད་ཅེ་ན།“འཕར་སྣོན”ནི་ཞིང་པས་ཐོན་ལས་ཀྱི་ཕོར་བ་བཟུང་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལས་ཀའི་ཁྲོད་དུ་ཡོད། མ་དངུལ་སྒོར་ཁྲི5269.3བསྡུ་སྒྲིལ་བྱས་ནས་ཐོན་ལས་རྣམ་གྲངས24ལག་ལེན་བསྟར་བ་དང་། མང་ཚོགས་ཁྲི1.1གཉེར་སྐྱོང་ནང་ཞུགས་ཏེ་ལས་ཞུགས་བརྒྱུད་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས། ཤར་ནུབ་མཉམ་ལས་ཀྱི་མ་དངུལ་དོན་འཁྱོལ་བྱས་ནས་རོགས་སྐྱོར་རྣམ་གྲངས215སྐུལ་འདེད་བཏང་བ་དང་། ཁེ་ལས23ནང་འདྲེན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར48.7དམིགས་སུ་བཏང་ནས་འཛད་སྤྱོད་རོགས་སྐྱོར་སྒོར་དུང་ཕྱུར་5.73མངོན་འགྱུར་བྱས། ངལ་ལས་རོགས་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་མི2964ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། དེ་ནི་སྔ་ལོ་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ཐོན་ལས་ཀྱི་ནུས་པ་སྤྲད་པའི་འོག གནས་སྤོ་མང་ཚོགས་ཀྱི་ལོ་འཁོར་གྱི་ལས་མི་ཁྲི5.57ཟིན་ནས་དམིགས་ཚད་ལས་འགན་གྱི་129.7%ལེགས་གྲུབ་བྱུང་བ་དང་། ངལ་རྩོལ་ནུས་ཤུགས་ཡོད་པའི་གནས་སྤོ་ཁྱིམ་ཚང་ཚང་མར་མི་གཅིག་ཡན་ལས་ཞུགས་ཐུབ་པ་བྱུང་ཡོད།

གཞི་གྲངས་ལས་མངོན་པར། 2025ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་འབོར་གྱི་ལས་བཟོ་གཞི་ཁྱོན་ཁྲི24.43ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི136.4%ལེགས་འགྲུབ་བྱུང་། རོང་འབྲོག་པ་སྔར་ལས་མང་བ་ཞིག་གིས་ཐོན་ལས་སྦྲེལ་ཐག་ཐོག་རྐང་པ་བརྟན་པོ་ལངས་ནས་བདེ་སྐྱིད་བརྟན་པོ་ཐོབ་ཀྱི་ཡོད།

མིང་གྲགས་ཆེ་རུ་གཏོང་བའི“མཚོ་སྔོན་གྱི་སྤུས་རྟགས”ཁྲོམ་ར་སྔར་བས་རྒྱ་བསྐྱེད།

2025ལོའི་ཟླ12པའི་ཟླ་མཇུག་ཏུ། ཟི་ལིང་གི་གཙོ་གནད་ཞིང་ཕྱུགས་ལས་སྣོན་ཁེ་ལས་མཚོ་སྔོན་ཆའོ་མུའུ་ཅེ་མ(乔穆杰玛)དངོས་ལས་ཁེ་ལས་ཚད་ཡོད་ཀུང་སིའི་སྐམས་ཤའི་ཐོན་རྫས་ཨའོ་མོན་དུ་སྐྱེལ་འདྲེན་བྱས་པ་དང་། ཁག་དང་པོ་སྐྱེལ་འདྲེན་བྱས་རྗེས་གཟའ་འཁོར་རེར་ཏུན2ནས3བར་གཏན་འཇགས་ངང་མཁོ་སྤྲོད་བྱེད་བཞིན་ཡོད།  དེ་གོང་ཁེ་ལས་དེ་ནི་མཚོ་སྔོན་གྱི་ཚད་ལྡན་ཐབས་ལམ་དང་འགྲོ་ལུགས་ལྡན་པའི་ཁེ་ལས་དང་པོ་དང་གཅིག་པུ་དེ་ཡིན་པ་དང་ཤང་ཀང་ལ་ཚོང་ཟོག་འབོར་ཆེན་མཁོ་འདོན་བྱེད་ཀྱི་ཡོད།

ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཝུའེ་ཡིས་ཞང་ཀང་དང་ཨའོ་མོན་གྱི་མངགས་ཐོ་བརྟན་པོ་ཡོད་པ་ཕུད། ཞིང་ཆེན་ཕྱི་རོལ་གྱི་བཟའ་བཏུང་དང་ཚོང་ཁང་མི་ཉུང་བ་ཞིག་གིས་ཀྱང་རང་འགུལ་གྱིས་མཉམ་ལས་གྱི་འབྲེལ་བ་འཛུགས་པའི་མོས་པ་བསྟན་པ་དང་། ཞང་ཀང་ཁྲོམ་རའི་རྒྱལ་སྤྱིའི་ཤུགས་རྐྱེན་གྱིས་ཁེ་ལས་ལ་རྒྱལ་སྤྱིའི་ཁྲོམ་རའི་སྒོ་མོ་སྔར་བས་མང་བ་ཕྱེ་ཐུབ་ཅེས་དྲང་བདེན་ངང་བཤད། སྟོང་སྐོར་ཏ་ཧྭ་བཟོ་ལས་གླིང་ཁུལ་གྱི་འཁོར་ཁང་ཞིག་ནས་མགོ་བཙུགས་ཏེ་ཆའོ་མུའུ་ཅེ་མས་ལོ་གཅིག་ཀྱང་མ་འགོར་བར་ས་གནས་ཀྱི་ལས་སྣོན་བཟོ་གྲྭ་ནས་ཤང་ཀང་ཁྲོམ་རའི“ཚད་ལྡན་དམག”བར་གྱི་མཛེས་སྡུག་ལྡན་པའི་འགྱུར་ལྡོག་ལེགས་འགྲུབ་བྱུང་།

ཆའོ་མུའུ་ཅེ་མའི་ཚོང་ལས་དར་རྒྱས་བྱུང་བ་ནི་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྲུན་ལས་བྱུང་བའི་འབྲས་བུ་ཆེན་པོ་ཞིག་རེད། 2025ལོར་མཚོ་སྔོན་གྱིས“ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི”དམིགས་ཚད་གཏན་འཁེལ་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱིས“འདེབས་འཛུགས་ཡག་པོ་བྱེད་པའི”ཕྱོགས་སུ་མཆོང་སྐྱོད་བྱ་བར་སྐུལ་འདེད་བཏང་བ་སྟེ། ལྗང་མདོག་བཟའ་བཅའ་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས117གསར་སྣོན་བྱས་པ་དང་། སྐྱེ་ལྡན་རྩྭ་ཐང་ཁས་ལེན་རྒྱ་ཁྱོན་མུའུ་དུང་ཕྱུར4.5ཟིན་ནས་རྒྱལ་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཐོག་མ་དེ་ཡོངས་སུ་ཁྱབ་ཐུབ་པ་དང་། ཧྲང་ཧའེ་དང་ཧྲན་ཏུང་སོགས་སུ་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ཐོན་རྫས་རིགས8དང་སྣ་ཁ་བརྒྱ་ཀྲུང་དབྱང་ཁེ་ལས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུའི་ནང་ཞུགས་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཕྱི་རོལ་དུ་ཆེད་གཉེར་མཁོ་སྤྲོད་རྟེན་གཞི་དང་ཉམས་ལེན་ཚོང་ཁང26བཀོད་སྒྲིག་བྱས་ནས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར10.85ཟིན་པ་དེ་དུས་མཚུངས་ལས4.2%འཕརད། “ཞང་ཀངSTCམཚོ་སྔོན་ཚོད་ལྟ་ཁང”ལ་བརྟེན་ནས་མཚོ་སྔོན་དང་ཞང་ཀང་གི་ཞིབ་དཔྱད་ཚད་ལེན་དང་ཁས་ལེན་ཕན་ཚུན་ཁས་ལེན་བྱས་པ་དང་ཐོན་རྫས་59ཞང་ཀང་དང་ཨའོ་མོན་ཁྲོམ་རར་བདེ་བླག་ངང་བསྐྱོད་པ་དང་། སྔོ་ཚལ་གྲང་མོ་དང་ཆུ་གྲང་ཉ་ཕྱིར་གཏོང་བྱེད་པར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་།

སྤུས་རྟགས་ཀྱི་མིང་གྲགས་ཇེ་མཐོར་ཕྱིན་པའི་རྒྱབ་ཏུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་ནུས་པ་གཏིང་ཟབ་ཐོན་ཡོད། མཚོ་སྔོན་གྱིས་རྨང་གཞི་སྟོབས་ཆེར་གཏོང་བ་དང་། འབྲེལ་ཐག་སྲིང་བ། གྲུབ་ཆ་ལེགས་སྒྲིག སྤུས་རྟགས་འཛུགས་པ་བཅས་ཀྱི་ཐད་རྒྱུན་མཐུད་ངང་ནུས་ཤུགས་ཇེ་ཆེར་བཏང་སྟེ་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ལོ་ནང་མིང་གྲགས་དང་དམིགས་བསལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས37གསར་དུ་བསྣན་པ་དང་། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི1གསར་འཛུགས་བྱས། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི6རེ་ཞུ་བྱས། མངོན་གསལ་དོད་པའི་གཞི་གྲངས་ཁག་ཅིག་གིས་འཕེལ་རྒྱས་ཀྱི་ཕན་འབྲས་བདེན་དཔང་བྱས་པ་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་ཐོག་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཏུན་ཁྲི430.77ཕྱིར་གཏོང་བྱས་པ་དང་རིན་ཐང་སྒོར་དུང་ཕྱུར678.12ཟིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད40%ལས་བརྒལ་པ། མུའུ5000ཡི་འཕང་འབྲས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་དང་། 2025ལོའི་དུས་ཚིགས་གསུམ་པར་འཕང་འབྲས་ཏུན1150ཕྱིར་ཚོང་ཟིན་ནས་ན་ནིང་ལས་ཏུན400ཇེ་མང་དུ་ཕྱིན།

མཐོ་སྒང་གི་འབྲོག་ར་ནས་ཤང་ཀང་དང་ཨའོ་མོན་གྱི་ཟས་ཅོག་བར་དང་། དེ་ནས་སྔར་བས་རྒྱ་ཆེ་བའི་རྒྱལ་སྤྱིའི་ཁྲོམ་རའི་བར་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ནི“སྐྱེ་ཁམས་དང་སྤུས་ཚད”ཀྱི་ལེགས་ཆ་ཉིས་བརྩེགས་ལ་བརྟེན་ནས་མཐོ་སྒང་གི་མིང་བྱང་ཞིག་ཏུ་གྱུར་ཏེ། ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་གྱི་ལེའུ་གསར་པ་བྲིས་ཡོད།

“འབྲས་ཁུག”སྲུང་སྐྱོབ་བྱེད་པ་ནས“དངུལ་ཁུག”འབུར་བའི་བར་དང་། “འགན་འཁྲིའི་ཞིང་”གཏིང་ཟབ་ཏུ་རྨོ་འདེབས་བྱེད་པ་ནས“གོ་ལ་ཧྲིལ་པོའི་གྲོང་ཁྱེར”གསར་གཏོད་བྱེད་པའི་བར2025ལོའི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་དཔལ་འབྱོར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དོ་མཉམ་ཁྲོད་ཐབས་ལམ་གསར་པ་རྙེད། འབྱུང་འགྱུར་ས་བོན་ལས་རིགས་དར་རྒྱས་དང་། ཐོན་ལས་མཉམ་འབྲེལ། སྤུས་རྟགས་རིམ་སྤོར་བཅས་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས། མཚོ་སྔོན་གྱིས་ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྨྱུག་རྩེ་ལ་དྲངས་ནསནས་གངས་ལྗོངས་མཐོ་སྒང་གི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྔར་བས་མཛེས་སྡུག་ལྡན་པའི་རི་མོ་བཞེངས་ངེས

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།