སྤྱི་ཚོགས་འགན་སྲུང་ལས་སྒོའི་ཐག་ཉེ་རུ་སྒྲུབ་པའི་མཉམ་ལས་དྲ་ཚིགས་ཞིང་ཆེན་ཡོངས་ལ་ཁེབས་པར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

2025ལོར།    སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས་སྐར་མ་བཅོ་ལྔའི་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ཚོགས་པ་བསྐྲུན་པ་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་གཞི་རིམ་དུ་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་ཆེད།   མཚོ་སྔོན་གྱིས་སྤྱི་ཚོགས་འགན་སྲུང་ལས་སྒོའི་རིགས་གོ་ལྔ་གཞི་རིམ་ལ་སྤྲད་དེ་མཉམ་ལས་དངུལ་ཁང་གི་དྲ་ཚིགས་སོགས་སུ་བསྒྲུབ་ཏུ་བཅུག་ནས་ཁེ་ལས་དང་མང་ཚོགས་ཀྱི་ཐག་ཉེ་རུ་སྒྲུབ་པ་དང་གནས་མང་པོ་ནས་སྒྲུབ་པའི་དགོས་མཁོ་བསྐངས།  མིག་སྔའི་བར།   ཐག་ཉེ་རུ་སྒྲུབ་པའི་མཉམ་ལས་དྲ་ཚིགས་ཞིང་ཆེན་ཡོངས་ལ་ཁེབས་ཡོད།

ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཅུས་ཀྱིས་ཞབས་ཞུའི་རྣམ་པ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས་དངུལ་ཁང་དང་མཉམ་ལས་བྱེད་པར་ཤུགས་བསྣན་པ་དང་།   ཆ་རྐྱེན་དང་མཐུན་པའི་དངུལ་ཁང་གི་དྲ་ཚིགས་སྔར་ལས་མང་པོ་ཐག་ཉེ་རུ་སྒྲུབ་པའི་ཞབས་ཞུའི་ཁྱབ་ཁོངས་སུ་བཞག་ནས་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཐག་ཉེ་རུ་སྒྲུབ་པ་མངོན་འགྱུར་བྱས།      ཟི་ལིང་གྲོང་ཁྱེར་སྐོར་ཐེངས་དང་པོ་ཡིན་པའི་སྤྱི་ཚོགས་འགན་སྲུང་ལས་སྒོ་ཐག་ཉེ་རུ་སྒྲུབ་པའི་ཚོད་ལྟའི་ས་ཁུལ་བདམས་པ་དང་།      གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་ཐག་ཉེ་རུ་སྒྲུབ་པའི་དངུལ་ཁང་གི་ཞབས་ཞུའི་དྲ་ཚིགས་ཀྱི་ལས་བྱེད་མི་སྣ་ཉིས་བརྒྱ་ལྷག་གི་བར་སྤྱི་ཚོགས་འགན་སྲུང་དང་དངུལ་ཁང་གི་མཉམ་ལས་འབྲེལ་གཏུགས་ཚོགས་པ་བཙུགས་ཤིང་།    སྤྱི་ཚོགས་འགན་སྲུང་དང་དངུལ་ཁང་གི་མཉམ་ལས་འབྲེལ་གཏུགས་བྱང་བུ་ལས་པར་མ་ཟད།    ཟི་ལིང་གི་ཆུས་བཞིའི་ཁྱབ་ཁོངས་སུ་འཛུགས་སྐྲུན་དངུལ་ཁང་གི་ཞབས་ཞུའི་དྲ་ཚིགས་ལྔ་བདམས་ནས་སྤྱི་ཚོགས་འགན་སྲུང་གི་ཐག་ཉེ་རུ་སྒྲུབ་པའི་ཞབས་ཞུའི་དཔེ་སྟོན་དྲ་ཚིགས་སུ་བྱས་པ་དང་།    སྟོབས་ཤུགས་ཡོད་རྒུས་ཐག་ཉེ་རུ་སྒྲུབ་པའི་ཞབས་ཞུའི་དཔེ་མཚོན་བསྐྲུན་ཏེ་དཔེ་སྟོན་དྲ་ཚིགས་ལ་བརྟེན་ནས་ས་ཁུལ་ཡོངས་ལ་སྐུལ་ཁྲིད་བྱས།

ཟི་ལིང་གྲོང་ཁྱེར་དུ་སྔོན་ལ་ཚོད་ལྟ་བྱེད་པའི་རྨང་གཞིའི་སྟེང་།      ས་ཁོངས་ཡོངས་ལ་ཁེབས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་བཏང་བ་དང་།  སྐུལ་འདེད་ནན་མོ་གཏོང་བའི་བྱེད་ཐབས་སྤྱད་དེ་ཐག་ཉེ་རུ་སྒྲུབ་པའི་ཞབས་ཞུའི་རྣམ་པ་རིམ་བཞིན་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེབས་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས་སོ་སོ་རུ་ཉུང་མཐར་ཡང་དངུལ་ཁང་གཅིག་གིས་ལས་དོན་གྱི་གསལ་ཁྲ་ལྟར་སྤྱི་ཚོགས་འགན་སྲུང་ལས་སྒོའི་ཐག་ཉེ་རུ་སྒྲུབ་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ་མངོན་འགྱུར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།