རྨ་ལྷོ་ཁུལ་གྱིས་ཐོན་ལས་ཆེན་པོ་ལྔ་གཙོ་བོར་བཟུང་ནས་ཁྱད་སྟོབས་ཅན་གྱི་དཔལ་འབྱོར་སྟོབས་ལྡན་དུ་གཏོང་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉིན་རེའི་ཆ་སྙོམས་ཉོ་ཚོང་གྲངས་འབོར་ཕྱུགས་ཟོག200དང་ཉོ་ཚོང་གྲངས་འབོར་སྒོར་འབུམ་བདུན་ལས་བརྒལ་ཡོད། ལོ་གསར་པ་ཚེས་མ་ཐག་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཕྱུགས་རིགས་ཉོ་ཚོང་ལྟེ་གནས་སུ་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་གིས་བཀང་ཡོད། ཟླ1པའི་ཚེས12ཉིན། ལྟེ་གནས་ཀྱི་འགན་འཁུར་བ་ལ་ཡུང་ཆིང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ལ། ཐོན་ཁུངས་ཀྱི་སྐྱེས་ཐོབ་དངོས་ནས་རྐང་ཚུགས་པར་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཛིན་རྒྱུ་འབུར་ཐོན་ཡོང་བར་བྱས་ནས། མ་ལག་ཚང་བའི་ཞབས་ཞུ་མུ་མཐུད་འཐུས་ཚང་དུ་བཏང་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཕྱུགས་ཟོག་ཉོ་ཚོང་ལྟེ་གནས་ཀྱི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་མཚོ་སྔོན་གྱི་ནོར་གནག་ཉོ་ཚོང་ལྟེ་གནས་འབད་པས་སྐྲུན་རྒྱུ་ཡིན་ཟེར།

འདི་ནི་རྨ་ལྷོ་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཐོན་ལས་འཕེལ་རྒྱས་ཀྱི་ཐོག་མའི་ལས་སྒོ་ཡིན་ལ།  ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། ཐོན་ལས་གཙོ་བོ་འབུར་ཐོན་ཡོང་བར་བྱེད་པ་དང་ས་ཁོངས་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་གལ་ཆེན་ཞིག་ཀྱང་ཡིན།ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། རྨ་ལྷོ་ཁུལ་གྱིས་ཕྱུགས་ལས་དང་རིག་གནས་ཡུལ་སྐོར། ནུས་ཁུངས་གཙང་མ། མི་རིགས་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་ཁྱབ་ཁོངས་ཆེན་པོ་ལྔ་གཙོ་གནད་དུ་བཟུང་ནས་ཤུགས་འདོན་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།