མཚོ་ནུབ་ཁུལ་གྱིས་དགུན་དུས་དང་དཔྱིད་དུས་ཀྱི་བྱེད་སྒོ30ལྷག་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས2026ལོའི“དུས་ཆེན་གཉིས”དང་དགུན་དུས་དང་དཔྱིད་དུས་ཀྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་མིག་སྔར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད། ཕྲེང་བསྟར་བྱ་འགུལ་དེས་དམངས་སྲོལ་དུས་ཆེན་དང་། གངས་འཁྱགས་ཡུལ་སྐོར། དམངས་ཕན་འཛད་སྤྱོད། ལུས་རྩལ་སྦྱོང་བརྡར་བཅས་བརྗོད་གཞི་ཆེན་པོ་བཞི་ལ་དམིགས་ཏེ། ཁྱད་ཆོས་ལྡན་པའི་བྱེད་སྒོ30ལྷག་ཇུས་འགོད་བྱས་ནས་ཟླ3པའི་བར་དུ་རྒྱུན་བསྲིངས་བྱས་ཡོད་པས། རིགས་སོ་སོའི་མང་ཚོགས་ཀྱི་དུས་ཆེན་རིག་གནས་ཐད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད་པར་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྔར་བས་སྐུལ་འདེད་བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  བྱེད་སྒོའི་ནང་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་གྱི་ཡུལ་སྲོལ་གོམས་གཤིས་འབུར་དུ་ཐོན་ཡོད་ལ། ཁུལ་ཡོངས་ནས་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་འབྲི་བ་དང་། བོད་ལུགས་ལོ་གསར་གྱི་དགོང་ཚོགས་སོགས་སྲོལ་རྒྱུན་དམངས་སྲོལ་བྱེད་སྒོ་སྤེལ།  དེའི་ཁྲོད་ན་གོར་མོ་གྲོང་ཁྱེར་གྱི་བཅོ་ལྔའི་དུས་ཆེན་གྱི་དགོང་ཚོགས་དང་། ཝུའུ་ལན་རྫོང་དང་ཐེམ་ཆེན་རྫོང་སོགས་ས་ཁུལ་གྱིས་སོག་རིགས་ཀྱི་མེ་མཆོད་མཛད་སྒོ་དང་། བོད་ཀྱི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་སོགས་སོ་སོར་སྤེལ་ནས།  མི་རིགས་མང་པོའི་རིག་གནས་མཉམ་གནས་མཉམ་དར་གྱི་ཞི་མཐུན་རྣམ་པ་མངོན་ཡོད།

དགུན་དཔྱིད་དུས་ཀྱི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་བསྐྱེད་ཆེད།   མཚོ་ནུབ་ཁུལ་གྱིས་གངས་འཁྱགས་ཐོན་ཁུངས་དང་སྐྱེ་ཁམས་མཛེས་ལྗོངས་ཁུལ།   གཟུགས་འདས་ཤུལ་བཞག་ལས་གཞི་བཅས་ལེགས་སྒྲིག་བྱས་ཏེ་སྤུས་ལེགས་ཡུལ་སྐོར་ལམ་ཐིག་མང་པོ་ཁྱབ་བསྒྲགས་བྱས།  ན་གོར་མོ་གྲོང་ཁྱེར་གྱིས་གངས་འཁྱགས་དང་རིག་གནས།  ལུས་རྩལ།   ཡུལ་སྐོར་བཅས་མཉམ་བསྲེས་བྱེད་པར་དམིགས་ནས་ཚྭ་མཚོའི་མཛེས་ལྗོངས། བཀྲག་མདངས་འཚེར་བའི་ན་གོར་མོ་ཞེས་པའི་དམངས་ཡོངས་ལོ་སར་མཉམ་སྤྲོའི་དགོང་ཚོགས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།   ཐེམ་ཆེན་རྫོང་དང་ཏུའུ་ལན་རྫོང་གཉིས་ཀྱིས་ཧ་ལཱ་མཚོའི་གངས་འཁྱགས་མཛེས་ལྗོངས་དང་ཆུ་ཁོལ་བང་སོའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གངས་འཁྱགས་ཀྱི་མཛེས་སྡུག་ལ་མྱོང་རོལ་དང་རིག་གནས་དཔྱད་གླེང་བྱས།   རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་བཅས་སྤེལ་ནས་ཡུལ་སྐོར་པ་རྣམས་ལ་མཚོ་ནུབ་ཀྱི་དགུན་དུས་ཀྱི་མཛེས་པ་མྱོང་དུ་བཅུག

ཐེངས་འདིའི་བྱེད་སྒོ་རབ་དང་རིམ་པས་དམངས་ཕན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དགུན་དཔྱིད་དུས་སུ་ཁུལ་ཡོངས་ནསAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཉི་ཤུ་རྒྱུན་ལྡན་ལྟར་སྒོ་འབྱེད་བྱས་པ་དང་།   ཚྭ་ཁའི་ཚྭ་མཚོ་སོགས་མཛེས་ལྗོངས་ཁུལ་གྱིས་སྤ་སེ་རིན་གོང་ཇེ་དམར་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ། ས་ཁུལ་སོ་སོས་ད་རུང་རིག་རྩལ་གཞི་རིམ་དུ་སྤེལ་བ་དང་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས། ལོ་སར་གྱི་ཚོང་ར་སོགས་རིག་རྩལ་ཉོ་ཚོང་བྱ་འགུལ་སྤེལ་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་རིག་གནས་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།