2026ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་དོན་བྱ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས16ཉིན2026ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་དོན་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས།     ཚོགས་འདུ་ལས2025ལོའི་ཚོང་དོན་བྱ་བའི་ཕན་འབྲས་ལ་ཕྱིར་ལྟ་བྱས་ཏེ། དེང་སྐབས་ཀྱི་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་བྱས་ནས། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

ཚོགས་འདུ་ལས2025ལོར་ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་དངོས་སྒྲུབ་སྔོན་བརྩོན་དང་ཕན་འབྲས་གཟེངས་སུ་ཐོན་པ་དང་བྱ་བ་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ཡོད།     འཛད་སྤྱོད་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་སྟེ།     སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་ཁྲག་ཁྲིག་ཡན་ལ་སླེབས་པ་དང་ཕྱི་ཕྱོགས་ཉོ་ཚོང་གི་གྲངས་ཚད་དང་སྤུས་ཚད་མཐོ་རུ་ཕྱིན། 2025ལོའི་ཟླ་སྔོན་མ11རིང་ཕྱིར་གཏོང་ནང་འདྲེན་དང་ཕྱིར་གཏོང་གི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།  དྲ་རྒྱའི་འཛད་སྤྱོད་ཀྱི་ཉོ་ཚོང་དང་ཕྱིར་འཚོང་གི་བསྡུར་ཚད4:1བར་ཇེ་ཆུང་དུ་ཕྱིན་པ་དང་།    ཐེངས་དང་པོར“ཉོས་པ་མང་པོ”ནས“བཙོང་བ་ལེགས་པའི”ཕྱོགས་སུ་བསྒྱུར་ཡོད།     འཛད་སྤྱོད་ཀྱི་རྣམ་པར་སྣ་མང་མཉམ་འདྲེས་བྱུང་བ་དང་།   ཐེངས་དང་པོར་བར་ཁྱད་ཅན་གྱིIPརྣམ་པ་ཆགས་པ་དང་།   ཐེངས་དང་པོར་རྒྱུན་རྣམ་ཅན་གྱི་ཐད་སྦྲེལ་རྐྱེན་སྲོལ་བཙུགས་ནས། གསར་གཏོད་ཀྱི་སྒོ་ནས“ཚོང་དོན་གཟའ་འཁོར་གཉིས་ཀྱི་གྲལ་སྒོར་ཚོགས་འདུའི”རྐྱེན་སྲོལ་བཙུགས།  ལོ་ཧྲིལ་པོར་བྱ་བ་ཁག་བདུན་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ་པ་དང་།   བྱ་བ་ཁག་གཉིས་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ཆེན་པོ་བཅུའི་ནང་ཚུད་དེ།     འཛད་སྤྱོད་ཐོན་རྫས་ཀྱི་རྙིང་ཚབ་གསར་བརྗེས་བྱ་བར་ཚོང་དོན་པུའུ་གྱིས་མིང་འདོན་བསྔགས་བརྗོད་ཐོབ་པས།     ཚོང་དོན་བྱ་བའི་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་བསྟན།

ཚོགས་འདུ་ལས2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་པའི་ཆ་ནས།     ཞིང་ཆེན་ཡོངས་ཀྱི་ཚོང་དོན་བྱ་བས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱས་ཤིང་།  སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང“ཐོན་ལས་གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ནས།     “འཕར་ཚད་ལེགས་སྒྱུར་སྒུལ་ནུས་ཇེ་དྲག་དང་།     གསོག་ཚད་གློད་དེ་ནུས་ཕྱོད་མཐོར་འདེགས། གྲངས་ཚད་གསར་པ་སྐྱེད་སྲིང་བྱས་ནས་རྣམ་པ་གསར་པ་གཏོད་རྒྱུ”གཙོ་ཐིག་ཏུ་བཟུང་ནས།     ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ཀྱི་ཤོང་སྐྱེད་སྤུས་འདེགས་དང་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་བརླིང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཕྱི་དངུལ་གྱི་གསོག་ཚད་ཇེ་བརྟན་དུ་བཏང་ནས་འཕར་ཚད་རྒྱ་བསྐྱེད་དང་། སྒོ་འབྱེད་སྟེགས་བུའི་བྱེད་ནུས་ཇེ་དྲག་དང་ནུས་རིམ་མཐོར་འདེགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།