ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་ཟླ1ཚེས16ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། གཟེར་འདེབས་སྙིང་སྟོབས་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད་སྤྱོད་ཚུལ་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས་པ་བསྟན།

ཚོགས་འདུའི་ཐོག་གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ་བཅོས་སྐྱོང་བྱ་བར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་དེ་བས་མང་བ་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ། རིམ་པ་ཁག་གི་ཏང་ཡོན་དང་ལས་བྱེད་པར་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་ནས་བྱ་བ་སྒྲུབ་པ། རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་བྱ་བ་མང་པོ་སྒྲུབ་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མངོན་ཆེའི་གྲུབ་འབྲས་ལ་མཐོང་ཆེན་དང་མངོན་མེད་གྲུབ་འབྲས་ལ་མཐོང་ཆེན་བྱེད་པའི་ཁྲིད་ཕྱོགས་བཙུགས་ནས། ཁྱད་པར་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས། “ཡོ་བསྲང་བཅོས་སྐྱོང་དྲུག་”སྔར་ལས་ལྷག་པར་གཏིང་ཟབ་ཏུ་གཏོང་བ་དང་། འཕྲལ་ཕན་འཕྲལ་གཉེར་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པ། བཅོས་སྐྱོང་སྡོམ་རྩིས་རྫུན་བཟོ་ཡོ་བསྲང་བྱེད་པ།། སྒྲིག་འགལ་ངང་དཔྱད་བསྡུར་གཟེངས་བསྟོད་དང་གསར་སྐྲུན་དཔེ་སྟོན་བྱེད་སྒོ་ཡོ་བསྲང་དང་བཅོས་སྐྱོང་བྱེད་དགོས། གཞི་རིམ་གྱི་མངོན་མེད་ཁུར་པོ་དག་བཅོས་དང་། “ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་”དག་ཐེར་བཅོས་སྐྱོང་། ལྟ་སྐུལ་ཞིབ་བཤེར་དང་། བརྟག་དཔྱད་དཔྱད་ཞིབ། འཕྲེད་ཕྱོགས་སྤེལ་རེས་བཅས་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་བྱ་དགོས། “སྣང་བརྙན་བཟོ་སྐྲུན”དང་“སྲིད་དོན་བྱས་རྗེས་བཟོ་སྐྲུན”གྱི་སྔོན་འགོག་ལམ་སྲོལ་འཐུས་ཚང་དུ་བཏང་ནས། འཆར་འགོད་སྒྲིག་བཟོ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་དགོས།

《ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་》ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“རེའུ་མིག་ཀུན་ཤེས་”འཛུགས་སྐྲུན་ཟབ་སྤེལ་བྱེད་པ། གཞི་རིམ་བཅོས་སྐྱོང་གི་“རང་སྟེང་གི་ནུས་པ་ལས་བརྒལ་བའི་ལས་འགན་ཁུར་བའི་”འབུར་ཐོན་གནད་དོན་ཐག་བཅད་དེ། དུས་སྟོན་དང་འགྲེམ་ཚོགས་གླེང་སྟེགས་ཀྱི་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་དུ་གཏོང་དགོས། རྒྱུན་རྣམ་ཅན་དུ་ཞིབ་བཤེར་བརྡ་ཁྱབ་བཏང་ནས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས།

ཚོགས་འདུ་ལས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ཤུགས་མཉམ་འདོན་བྱས་ནས། བྱེད་ཐབས་དངོས་ལ་བརྟེན་ནས་རྩ་ལག་མཉམ་བཅོས་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ་དང་། ས་གནས་རིམ་པ་སོ་སོའི་ཏང་ཨུ་ཡིས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ། རིམ་པ་སོ་སོའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱིས་རྒྱུན་ཆད་མེད་པར་བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ།ཁག་ཁུར་འབད་འཐབ་དང་དངོས་སྒྲུབ་ལ་མཐོང་ཆེན་དང་ཕན་འབྲས་བརྩོན་ལེན་བྱེད་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས་པ་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།