ཟླ1ཚེས16ཉིན། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་དང་ཞིང་ཆེན་ཏང་ཨུའི་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གསར་དར་ཁྱབ་ཁོངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སྒྲོག་བཤད་སྙན་ཞུའི་ཚོགས་འདུ་དང་། མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་ཅེས་པའི་བརྗོད་དོན་སྒྲོག་བཤད་སྤེལ། ཞིང་ཆེན་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་ལས་བཟོ་པའི་འཐུས་མི་སྟོང་ལ་ཉེ་བ་ཚོགས་འདུར་ཞུགས།
སྒྲོག་བཤད་སྙན་ཞུས་དངོས་སྒྲུབ་མདུན་སྐྱོད་དང་རྣམ་པ་གསར་པ་གཏོད་པ་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ནས་གོ་བ་གཏིང་ཟབ་ལེན་པ་བརྗོད་བྱར་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་དབྱེ་ཞིབ་བྱས་ཤིང་། ལྗང་མདོག་འཕེལ་རྒྱས་དང་གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གོ་སྐབས་འགྲེལ་བཤད་བྱས་ཏེ། དམངས་གཉེར་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་ཁྲིད་སྟོན་འདོན་སྤྲོད་བྱས། བརྗོད་དོན་སྒྲོག་བཤད་བརྒྱུད་རིམ་ཁྲོད། རྨ་འབྲི་རྫ་གསུམ་གྱི་ལས་ཡུལ་དང་པོའི་སྐོར་ཞིབ་ལས་མི་དང་སྐྱེ་ཁམས་ལྟ་སྲུང་བ། རོང་འབྲོག་མང་ཚོགས་ཀྱི་རང་བྱུང་སློབ་གསོའི་དགེ་རྒན་བཅས་ཀྱིས་མཚོ་འཕགས་མཐོ་བའི་ས་ཁུལ་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པའི་དཀའ་སྡུག་གི་བརྒྱུད་རིམ་བཤད་པ་བརྒྱུད། ཡིད་ཆེས་བརྟན་པོ་མངོན་པར་བྱས་པ་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་རིན་ཐང་དང་དུས་རབས་ཀྱི་དོན་སྙིང་ལ་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བར་མྱོང་ཚོར་ཟབ་མོ་ཐོབ་པར་བྱས།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཏང་ཨུའི་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཁག་ཉེར་བདུན་གྱི་ཁོངས་གཏོགས་ལས་རིགས་ཀྱི་ཏང་ཨུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྤྱི་ཚོགས་རྩ་འཛུགས་སུ་བསྐྱོད་པ་དང་དམངས་གཉེར་ཁེ་ལས་སུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་ཞིང་། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། འཆད་ཁྲིད་ལ་བརྟེན་ནས་དམངས་སེམས་གཅིག་སྡུད་བྱས་པ་བརྒྱུད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གསར་དར་ཁྱབ་ཁོངས་སུ་རྩ་བ་ཚུགས་ནས་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།