ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས16ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཏེ། ཞིང་ཆེན་ཏང་ཨུས་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཡག་པོར་འཚོག་རྒྱུའི་བྱ་བའི་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་། ཚོགས་ཆེན་གྲ་སྒྲིག་སྒྲིག་་གཞིའི་ཚན་ཁག་སོ་སོའི་བྱ་བའི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུ་ལས་ཚོགས་ཆེན་གྲ་སྒྲིག་སྒྲིག་གཞིའི་ཚན་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ཏེ། “གཟབ་ནན་དང་།     ཞིབ་ཕྲ། དོན་དངོས། ཕན་མཐོ”ཞེས་པའི་བླང་བྱ་ལྟར། རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ།  གྲ་སྒྲིག་བྱ་བ་ཕན་ནུས་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་དགོས་ཞེས་བསྟན།

ཚོགས་འདུ་ལས་ཚོགས་ཆེན་གྲ་སྒྲིག་སྒྲིག་གཞིའི་ཚན་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྔར་ལས་འགན་འཁྲི་ཁག་ཁུར་དང་དངོས་སྒྲུབ་དངོས་གཉེར། ཏན་ཏིག་ནུས་ལྡན་གྱི་གྲ་སྒྲིག་བྱ་བར་བརྟེན་ནས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་ཏེ། གྲོས་ཚོགས་ལས་གྲོས་འཆམ་འབྱུང་བའི་གྲོས་ཆོད་དང་ཆོད་དོན་གྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དངོས་སུ་མཚོན་པར་བྱེད་དགོས། ཚོགས་ཆེན་ལ་གྲ་སྒྲིག་ཡག་པོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། ནན་ཏན་གྱིས་འགན་འཁུར་བའི་རྣམ་འགྱུར་དང་། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས། ཏན་ཏིག་དང་ཞིབ་ཚགས་ཀྱི་སྤྱོད་ཚུལ། དངོས་སྒྲུབ་ཕན་མཐོའི་བྱེད་ཐབས་བཅས་ཀྱི་ཐོག་ནས་ཚོགས་འདུའི་གྲ་སྒྲིག་དང་ཞབས་ཞུའི་བྱ་བ་ཡག་པོར་སྒྲུབ་དགོས། རྩ་འཛུགས་འགོ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་བླང་བྱ་དང་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་ཀྱི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ཏེ། ལེགས་སྒྲིག་ནན་ཏན་དང་ཚང་བཤེར་ཆད་གསབ་བྱས་ནས་གྲ་སྒྲིག་བྱ་བར་ནོར་འཁྲུལ་གཏན་ནས་མི་འབྱུང་བར་ཁག་ཐེག་བྱ་དགོས། བྱ་བའི་སྒྲིག་ཁྲིམས་དང་ཚོགས་འདུའི་སྒྲིག་ཁྲིམས་ནན་མོ་ཡོང་བར་བྱས་ཏེ། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། མི་སྣ་ཚོགས་འདུར་ཞུགས་པ་དང་། ཚོགས་རའི་སྒྲིག་ལམ། ཚོགས་འདུའི་གསང་སྲུང་སོགས་ཀྱི་ཐད་བླང་བྱ་ནན་མོ་བཏོན་ནས། སེམས་ཤུགས་ཚོགས་འདུའི་ལས་འགན་ཐད་གཅིག་སྡུད་བྱེད་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།