ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི2025ལོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས། འདས་པའི་ལོ་གཅིག་ལ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ལ་དམིགས་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་བཟང་པོའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་ལ་འགན་སྲུང་བརྟན་པོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། ང་ཚོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་ལས་བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་ལག་བསྟར་བྱེད་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་ལ་ཕན་ནུས་ཡོད་པའི་སྒོ་ནས་དབང་ཆའི་ལམ་ལུགས་གཟེབ་ཏུ་འཇུག་པའི་བླང་བྱ་གལ་ཆེན་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བླང་བྱ་གལ་ཆེན་ལ་སྔར་ལས་རིག་པ་དྭངས་མོ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་བླང་བྱ་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་བླངས་ནས། ནམ་ཡང་ལམ་དུ་ཡོད་པའི་སྙིང་སྟོབས་དང་ཡིད་ཆེས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་འདས་ཟིན་པའི་ལོ་གཅིག་གི་ནང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་པའི་གསུང་བཤད་གལ་ཆེན་ལས་དམ་དུ་དམིགས་ནས་ཆབ་སྲིད་ལྟ་སྐུལ་ལ་ཤུགས་བསྣན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ལ། སྒྲིག་འགལ་བཟའ་བཏུང་དང་། སྒྲིག་འགལ་ལག་སྐྱེས་སྟེར་ལེན་གྱི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་ཤུགས་གཏིང་ཟབ་ཏུ་བཏང་བ་དང་། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱས་ཤིང་། ནུས་ཤུགས་ཡོད་རྒུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་དངོས་འབེབས་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ།  བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཏང་གི་ལྟེ་བའི་ལས་འགན་ཐོག་གཅིག་ཏུ་བསྡུས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་སྔོན་དུ་ལག་བསྟར་དང་དོན་འཁྱོལ་བྱེད་རྒྱུར་ཁག་ཐེག་བྱེད་དགོས། ལམ་ལུགས་བཅོས་སྐྱོང་གི་དབང་ཆ་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་རྒྱུར་ཤུགས་བསྣན་ནས། ཏང་གི་ལས་དོན་དང་སྲིད་དོན་གྱི་གསལ་ཚད་སྔར་ལས་མཐོར་འདེགས་བྱས་ཏེ།     “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དོན་འཁྱོལ་གཏིང་ཟབ་བྱས་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་གཟབ་ནན་སྒོས་ལག་ཏུ་བསྟར་བ་དང་།   “གལ་ཆེན་གསུམ་དང་ཆེན་པོ་གཅིག”གི་ཐབས་ཇུས་ཀྱི་རྐྱེན་སྲོལ་དོན་འཁྱོལ་བྱས་ནས་དབང་ཆ་དང་འཁོར་སྐྱོད་ཚད་ལྡན་ནན་མོ་ཡོང་བར་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི“སྔར་བཞིན་གཉིས”ཀྱི་བརྡར་གཅོད་གལ་ཆེན་དམ་འཛིན་ནན་མོ་བྱས་ནས། ཁྱབ་ཁོངས་གཙོ་བོའི་རུལ་སུངས་གནད་དོན་འབུར་ཐོན་དུ་བཅོས་སྒྲིག་དང་། རྣམ་པ་གསར་པའི་རུལ་སུངས་དང་མི་མངོན་པའི་རུལ་སུངས་སྔོག་འདོན་ཞིབ་ཕྲ་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ།     རུལ་སུངས་འབྱུང་བའི་གནད་དོན་དང་ཆ་རྐྱེན་སྔར་ལས་ནུས་ལྡན་ངང་མེད་པར་བཟོ་དགོས། རིམ་པ་སོ་སོའི་ཏང་ཨུས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་རིམ་པ་སོ་སོའི་སྒྲིག་ཁྲིམས་ལྟ་སྐུལ་ཀྱི་འགན་འཁྲི་ལ་ཤུགས་སྣོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། མཉམ་འགུལ་གཞོགས་འདེགས་ལ་ཤུགས་བསྣན་ཏེ་ཕྱོགས་སོ་སོའི་ལྟ་སྐུལ་དམ་དུ་སྦྲེལ་ནས། མུ་ཕྲེང་ཡོངས་ཀྱི་མཉམ་ལས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།