["འོད་སྟོང་འཕྲོ་བའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”བཅོས་བསྒྱུར་གྱི་ལེའུ་གསར་པ། ]མཚོ་སྔོན་ཞིང་ཆེན་གྱིས2026ལོའི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་དོན་དག་དངོས་ཁྱབ་སྒྲོག་བྱས།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས2026ལོའི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་དོན་དངོས་ཁག17ཁྱབ་སྒྲོག་བྱས། དེའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས10དང་ཞིང་ཆེན་རིམ་པའི་རྣམ་གྲངས7ཡོད།
རྒྱལ་ཁབ་ཀྱི་ངོས་ནས།
གཅིག་ནི་ཤང་གྲོང་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1000གསར་དུ་བསྣན་ནས་བྱིས་པའི་རྒྱུན་མཐོང་ནད་རིགས་དང་འབྱུང་སླ་བའི་ནད་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཏེ། བྱིས་ནད་ཚན་ཁག་གི་ཞབས་ཞུ་སྔར་བས་སྲ་བརྟན་དང་ཤུགས་སྣོན་བརྒྱབ་སྟེ་འཕྲོད་རུང་རང་བཞིན་དང་སྟབས་བདེ་རང་བཞིན་ཆེ་རུ་གཏོང་དགོས། རང་ཞིང་གི་འཆར་གཞི་ནི། མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤང་གྲོང་གི་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་བྱིས་པའི་རྒྱུན་མཐོང་ནད་རིགས་དང་འབྱུང་སླ་བའི་ནད་ཀྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏང་རྒྱུ་དེ་རེད།
གཉིས་ནི་རྫོང110གསར་དུ་བསྣན་ནས་སེམས་ཁམས་སྒོ་བསྟེན་ཞབས་ཞུ་མཁོ་འདོན་བྱས་ཏེ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱ་དགོས། རང་ཞིང་གི་འཆར་གཞི་ལྟར་ན། རྫོང5གསར་དུ་བསྣན་ནས་སེམས་ཁམས་སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཞིང་ཆེན་ཡོངས་སུ་སེམས་ཁམས་སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་རྫོང30ལ་མཁོ་འདོན་བྱ་རྒྱུ་རེད།
གསུམ་ནི་རིམ་པ་གསུམ་པའི་གཞུང་གཉེར་སྨན་ཁང་ཚང་མས་བདེ་ཐང་ལུས་པོའི་ལྗིད་ཚད་དོ་དམ་སྒོ་བསྟེན་སྨན་ཁང་ཞབས་ཞུ་མཁོ་འདོན་བྱས་ནས་དལ་བའི་ནད་ཀྱིས་མི་ཚོགས་ཀྱི་བདེ་ཐང་ལ་གནོད་པ་ཇེ་ཆུང་དུ་གཏང་རྒྱུ། རང་ཞིང་གི་འཆར་གཞི་ནི། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་དང་ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གིས་བདེ་ཐང་གི་ལྗིད་ཚད་དོ་དམ་སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་མཁོ་འདོན་བཀོད་སྒྲིག་བྱས་ཏེ། 2026ལོར་ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང100%ཚང་མར་བདེ་ཐང་གི་ལྗིད་ཚད་དོ་དམ་སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་མཁོ་འདོན་ཐུབ་པར་འགན་སྲུང་བྱ་རྒྱུ་རེད།
བཞི་ནི་ཞིང་ཆེན་དང་གྲོང་ཁྱེར་གཞི་རྩའི་ཚན་པར་བྱས་ཏེ། རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་ཞིབ་བཤེར་རྣམ་གྲངས་ཕན་ཚུན་ཁས་ལེན་ཉུང་མཐར་ཡང་རྣམ་གྲངས300ཟིན་པར་སྐུལ་འདེད་བཏང་སྟེ། ནད་པའི་སྨན་བཅོས་ཀྱི་མྱོང་ཚོར་ཇེ་ལེགས་སུ་བཏང་སྟེ་འགྲོ་གྲོན་དང་དུས་ཚོད་གྲོན་ཆུང་བྱ་རྒྱུ། རང་ཞིང་གི་འཆར་གཞི་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཞིབ་བཤེར་ཕན་ཚུན་ཁས་ལེན་གྱི་རྣམ་གྲངས300ཡན་ཟིན་པའི་རྨང་གཞིའི་ཐོག་ཞིབ་བཤེར་མཇུག་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་གཞུང་གཉེརས་སྨན་ཁང་གིས་བཟུང་བའི་བསྡུར་ཚད100%ཟིན་ནས་ཞིབ་བཤེར་གྱི་སྤུས་ཚད་གཙོ་གནད་ཐོག་ཇེ་མཐོར་གཏོང་རྒྱུ།
ལྔ་ནི་རྒྱུན་སྡོད་མི་འབོར་ཁྲི6ལས་བརྒལ་བའི་རྫོང་ཚང་མས་ཁྲག་གི་བསིང་བཅོས(血液透析)ཞབས་ཞུ་འདོན་སྤྲོད་བྱེད་ཐུབ། རྒྱལ་ཡོངས་སུ་ཤང་གྲོང་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས350གསར་དུ་བསྣན་ཏེ ཁྲག་གི་བསིང་བཅོས་ཞབས་ཞུ་མཁོ་འདོན་དང་། ནད་པར་ཐག་ཉེ་ནས་ཞབས་ཞུ་ཐོབ་པར་སྔར་བས་སྟབས་བདེ་བཟོ་རྒྱུད། རང་ཞིང་གི་འཆར་གཞི་ལྟར་ན། བྲག་དཀར་རྫོང་དང་། འབའ་རྫོང་། རྨ་ཆེན་བཅས་རྫོང་གསུམ་གྱི་ཁྲག་གི་བསིང་བཅོས(血液透析)ཁང་མུ་མཐུད་འཛུགས་སྐྲུན་དང་། རྫ་སྟོད། ཁྲི་འདུ། རྩེ་ཁོག་བཅས་རྫོང་གསུམ་གྱི་ཁྲག་གི་བསིང་བཅོས(血液透析)ཁང་གསར་སྐྲུན་བྱ་བར་སྐུལ་འདེད་དམ་འཛིན་བྱས་ཏེ། 2026ལོར་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི5ནས་ཁྲི10བར་གྱི་རྫོང11ཚང་མར་ཁྲག་གི་བསིང་བཅོས་ཞབས་ཞུ་མཁོ་འདོན་ཐུབ་པ་མ་ཟད་ད་དུང་རྒྱུན་སྡོད་མི་འབོར་ཁྲི5མན་གྱི་རྫོང་གསུམ་སྟེ་ཝུའུ་ལན་དང་། དགའ་བདེ། འབྲི་སྟོད་བཅས་སུ་ཁྲག་གི་བསིང་བཅོས(血液透析)ཞབས་ཞུ་མཁོ་འདོན་ལ་སྐུལ་འདེད་གཏོང་རྒྱུ།
དྲུག་ནི་རྒྱལ་ཡོངས་ཀྱི་སྨན་ཁང་ཁྲི1ཡིས་མངལ་སྦྲུམ་སྔ་དུས་ལ་གཅེས་སྐྱོང་སྒོ་བསྟེན་སྨན་ཁང་ཞབས་ཞུ་མཁོ་འདོན་བྱས་ནས་མངལ་སྦྲུམ་སྔ་དུས་ཀྱི་བློ་འདྲི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བུ་བཙའི་ནུས་པ་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ། རང་ཞིང་གི་འཆར་གཞི་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྨན་ཁང145ཡིས་མངལ་སྦྲུམ་སྔ་དུས་ལ་གཅེས་སྐྱོང་བྱེད་པའི་སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་མཁོ་འདོན་བྱས་ནས་མངལ་སྦྲུམ་སྔ་དུས་ཀྱི་བློ་འདྲི་མཛུབ་ཁྲིད་ལ་ཤུགས་སྣོན་བྱ་རྒྱུ།
བདུན་ནི་རྒྱལ་ཡོངས་སུ་ཀུན་ཕན་བཅོས་སྐྱོང་བྱ་ཡུལ་ཁྲི15གསར་དུ་བསྣན་ནས་ཁྱིམ་ཚང་གི་བཅོས་སྐྱོང་ཁུར་པོ་ཇེ་ཡང་དུ་བཏང་སྟེ་ས་གནས་ཀྱི་གནས་ཚུལ་དང་བསྟུན་པའི་བཅོས་སྐྱོང་བྱེད་ཚད་ཇེ་མཐོར་གཏོང་རྒྱུ། རང་ཞིང་གི་འཆར་གཞི་ནི། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བླང་བྱ་གཞིར་བཟུང་སྟེ་སྤྱི་ཕན་བཅོལ་གནས་གསར་དུ་འཕར་བའི་ལས་འགན་ལེགས་གྲུབ་བྱས་ཏེ། བྱ་བའི་གཙོ་གནད“1+N”བཅོལ་གཉོར་གསོ་སྐྱོང་ཞབས་ཞུའི་མ་ལག་ཧུར་ཐག་བཙུགས་ནས་སྟབས་བདེ་ཞིང་། རིན་གོང་དང་ལེན་ཐུབ་པ། སྤུས་ཚད་འགན་སྲུང་ཡོད་པ་བཅས་ཀྱི་སྤྱི་ཕན་བཅོལ་གཉོར་གསོ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ནས་ཧུར་བརྩོན་སྒོས་བཅོལ་གཉོར་གསོ་སྐྱོང་བྱེད་ཚད་ཇེ་མཐོར་གཏོང་རྒྱུ།
བརྒྱད་ནི་ལོ13ལ་སླེབས་པའི་བུ་མོ་ཚོར་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་མིའི་ནུ་ཏོག་སྐྲན་ནད་ཀྱི་ནད་དུག人乳头瘤病毒(HPV)རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཏེ་འགོས་ཚད་དང་ནར་སོན་རྗེས་མངལ་སྐེའི་འབྲས་སྐྲན་འབྱུང་ཚད་ཇེ་དམའ་རུ་གཏོང་རྒྱུ། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཚང་མས་གཟའ་མཇུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱས་ནས་རིམས་འགོག་སྨན་ཁབ་ཀྱི་ཞབས་ཞུ་སྤྱོད་ཆོག་པའི་རང་བཞིན་སྔར་བས་ཆེ་རུ་གཏང་རྒྱུ། རང་ཞིང་གི་འཆར་གཞི་ནི། ཀྲུང་དབྱང་གིས་སྤྱི་པའི་འཕྲོད་བསྟེན་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་མིའི་ནུ་ཏོག་སྐྲན་ནད་ཀྱི་ནད་དུག人乳头瘤病毒(HPV)རིམས་འགོག་སྨན་ཁབ་ཉོ་སྒྲུབ་གྲོན་དངུལ་སྒོར་ཁྲི275དོན་འཁྱོལ་ཐུབ་པར་བརྩོན་ལེན་དང་། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་ནུ་ཏོག་སྐྲན་ནད་ཀྱི་ནད་དུག人乳头瘤病毒(HPV)རིམས་འགོག་སྨན་ཁབ་ཐེངས་ཁྲི10ཉོ་སྒྲུབ་བྱ་རྒྱུ། མཚོ་སྔོན་ཞིང་ཆེན་གྱི་རིམས་འགོག་འཆར་འགོད་ལྟར་ ཆ་འཕྲིན་དོ་དམ་མ་ལག”བརྒྱུད་ཁོངས་གཏོགས་ཁུལ་གྱི་རིམས་འགོག་འཆར་འགོད་ནང་རིམས་འགོག་སྨན་ཁབ་སྤྱོད་པའི་དགོས་མཁོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་རིམས་འགོག་སྨན་ཁབ་དོ་དམ་གོ་རིམ་སྔར་བས་ཇེ་ལེགས་སུ་བཏང་སྟེ། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་མིའི་ནུ་ཏོག་སྐྲན་ནད་ཀྱི་ནད་དུག人乳头瘤病毒(HPV)རིམས་འགོག་སྨན་ཁབ་རྒྱག་ཚད90%ལ་བསླེབ་པ་བྱ་རྒྱུ། ། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཚང་མར་གཟའ་མཇུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་སྤྱོད་ཐུབ་པའི་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ།
དགུ་ནི“ནུབ་ལུགས་གསོ་རིག་པས་ཀྲུང་ལུགས་གསོ་རིག་སྦྱོང”པའི་རྐང་འཛིན་ཤེས་ལྡན་པ3200གསོ་སྦྱོང་བྱས་ཏེ། མང་ཚོགས་སྔར་བས་མང་པོར་སྤུས་ལེགས་དང་སྟབས་བདེ་བའི་ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་གྱི་ཞབས་ཞུ་ཐོབ་ཏུ་འཇུག་དགོས། ཞིང་ཆེན་གྱི་འཆར་གཞི་ལ། ཞིང་ཆེན་ཡོངས་གྱིས“ནུབ་ལུགས་གསོ་རིག་པས་ཀྲུང་ལུགས་གསོ་རིག་སྦྱོང་པ”དང་“བོད་ལུགས་གསོ་རིག་པས་ནུབ་ལུགས་གསོ་རིག་སྦྱོང་པའི”རྐང་འཛིན་ཤེས་ལྡན་པ100གསོ་སྦྱོང་བྱ་རྒྱུ།
བཅུ་ནི“དུས་ཚིགས་དང་བདེ་ཐང་”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཡོངས་སུ་བདེ་ཐང་ཤེས་བྱའི་འཆད་ཁྲིད་ཐེངས་ཁྲི1ཡན་གཉེར་བ་དང་། བདེ་ཐང་ཚན་རིག་ཁྱབ་གདལ་ཞབས་ཞུ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བ་བར་འདྲེས་པར་སྐུལ་འདེད་བཏང་སྟེ། གྲོང་མིའི་བདེ་ཐང་བྱང་ཚད་སྔར་བས་མཐོ་རུ་གཏང་རྒྱུ། ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི“དུས་ཚིགས་དང་བདེ་ཐང་”ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། བདེ་ཐང་ཤེས་བྱའི་འཆད་ཁྲིད་ཐེངས200གཉེར་ཏེ། བདེ་ཐང་ཚན་རིག་ཁྱབ་གདལ་ཞབས་ཞུ་མང་ཚོགས་ཀྱི་རྒྱུན་གཏན་བྱ་བ་དང་འཚོ་བའི་ནང་འདྲེས་བར་སྐུལ་འདེད་གཏོང་རྒྱུ།
ཞིང་ཆེན་རིམ་པའི་ངོས་ནས།
གཅིག་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་སྤྱོད་མགོ་ཚུགས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་བསྡུར་ཚད50%ཡན་དུ་བསླེབ་པར་སྐུལ་ཁྲིད་བྱ་རྒྱུ།
གཉིས་ནི“སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི”བྱེད་སྒོ་མུ་མཐུད་སྤེལ་ནས་ཤང་གྲོང་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པའི་ཚད་གཞི་བསྡུར་ཚད90%ཡན་ལ་བསླེབ་པར་འགན་སྲུང་བྱ་རྒྱུ།
གསུམ་ནི་ཟི་ལིང་གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ཏེ་རྫོང་ཁོངས་ཀྱི་སྨན་ཁང་དུ་སྡོད་པའི་བསྡུར་ཚད60%ཡན་ཟིན་རྒྱུ་དང་། རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་ཞིབ་བཤེར་རྣམ་གྲངས་ཕན་ཚུན་ཁས་ལེན་ཉུང་མཐར་ཡང300ཟིན་ཐུབ་པ། ཞིབ་བཤེར་མཇུག་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་གཞུང་གཉེར་སྨན་ཁང་གི་བསྡུར་ཚད100%ཟིན་ཐུབ་པར་སྐུལ་འདེད་གཏོང་རྒྱུ།
བཞི་ནི་ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་ཁང་དུ་གཉོར་སྐྱོར་བྱེད་མཁན་མི་དགོས་པའི་ལྟ་སྐྱོང་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་རྒྱུ།
ལྔ་ནི་ལོ0ནས3བར་གྱི་ཕྲུ་གུ་ཁྲི19ལ་ཕྲུ་གུ་གསོ་གཉོར་གྱི་ཁ་གསབ་སྟེར་རྒྱུ།
དྲུག་ནི་གསོ་སྐྱོང་བཅོལ་གཉོར་ཞབས་ཞུའི་ཁ་གསབ་དཔེ་སྟོན་ཚོད་ལྟ་བྱས་ཏེ། སྤྱི་ཕན་གསོ་སྐྱོང་དང་བྱིས་པ་གསོ་སྐྱོང་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་སྟེ། སྟབས་བདེ་དང་། རིན་གོང་དང་ལེན་བྱེད་ཐུབ་པ། སྤུས་ཚད་འགན་སྲུང་ཡོད་པ་བཅས་ཀྱི་སྤྱི་ཕན་གསོ་སྐྱོང་ཞབས་ཞུ་འདོན་རྒྱུ།
བདུན་ནི་སློབ་ལོ་ལོན་པའི་བྱིས་པ་མི་ཐེངས་ཁྲི80ལ་རིན་གཉིས(双价)HPVདང་། མཆིན་ཚད་ཀ་པ། (甲肝) ཀླད་རྒྱུངས་སྐྱི་ཚ་གཉེན་རམས། (流脑) རྒྱུངས་པའི་སྐྱ་རྫས་གཉེན་རམས། (脊髓灰质炎) སོགས་རིམས་འགོག་སྨན་ཁབ་རིགས11རིན་མི་དགོས་པར་རྒྱག་རྒྱུ།