
ཟླ1པོའི་ཚེས15ཉིན། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་བསྡུས།
རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཚེས15ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་དངོས་འབེབས་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་པ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན། ཏང་གི་ལས་དོན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཐིག་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ཏང་གི་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོར་རྩོམ་པ་མངོན་འགྱུར་བྱས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ཐད་རྩ་འཛུགས་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚེ་ཆི་ཡིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་བསམ་བློ་གཅིག་གྱུར་དང་འདོད་འདུན་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཟོལ་མེད་ཀྱིས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་ཆགས་པར་བྱེད་པ་དང་ལག་ལེན་དུ་བསྟར་ནས། དངོས་འཛིན་ནན་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡང་དག་པའི་མི་བཀོལ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྐབས་བརྗེ་འདེམ་བསྐོ་གོ་སྐབས་སུ་བྱས་ཏེ་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱེད་དགོས། ནན་སྲུང་དང་བྱམས་བརྩེ་ཟུང་འབྲེལ་བྱེད་པ་དང་སྐུལ་ལྕག་དང་ཚོད་འཛིན་མཉམ་འཛུགས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པའི་དཔུང་སྡེའི་ནང་གི་སྒུལ་ཤུགས་དང་སྤྱིའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྤྱིའི་བྱེད་ནུས་མཐོར་འདེགས་གཏོང་དགོས། ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མི་གཅིག་བསྡུས་གསོ་སྐྱོང་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཇོན་མིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས།
ཀྲུང་ཀྲུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐེ་ཧྥིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་བྱ་བར་བཀོད་སྒྲིག་བྱས། ཁོས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་དགོས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བློ་རྩ་ཇེ་བརྟན་དུ་གཏོང་དགོས་པ་དང་། ས་གནས་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་བྱ་བ་ཏན་ཏིག་ངང་སྤེལ་དགོས་ལ། དབང་ཆར་དོ་དམ་ནན་མོ་བྱས་ཏེ་དཔོན་རིགས་ལ་བཅོས་སྐྱོང་བྱེད་པ་དང་གཞི་རིམ་དམ་འཛིན་དང་རྨང་གཞིར་ཤུགས་སྣོན། རྩ་བ་བརྟན་ཚུགས་བཅས་ཀྱི་བྱ་བར་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཕུལ་བྱུང་འཇོན་མི་གཅིག་བསྡུས་གསོ་སྐྱོང་བྱས་ནས། དོན་དངོས་འགུལ་སྐྱོད་ལས་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་པའི་རུ་འདྲེན་པ་བཟང་བོ་བྱེད་དགོས།