2026ལོའི་མཚོ་སྔོན་ཞིང་ཆེན་གྱི་དམག་བསྡུ་བྱ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས15ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་དམག་བསྡུ་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས2025ལོར་དམག་དཔུང་དང་ས་གནས་རིམ་པ་ཁག་གིས་དམག་མི་བསྡུ་བའི་བཀའ་རྒྱ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན། དམག་དཔུང་དང་ས་གནས་ཀྱི་སྒྲིལ་ཤུགས་གཅིག་བསྡུས། མཐའ་མཇུག་དོན་འཁྱོལ་ནན་འཛིན་བཅས་བྱས་ནས་དམག་མི་བསྡུ་བའི་ལས་འགན་ལེགས་འགྲུབ་བྱས་ཏེ་དམག་དཔུང་འཛུགས་སྐྲུན་ལ་མཚོ་སྔོན་གྱི་སྤུས་ལེགས་དམག་མི་སྐྱེལ་འདྲེན་བྱས་པ་བསྟན།

ཚོགས་འདུ་ལས་དམག་བསྡུ་བྱ་བ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞིའི་ལས་གྲྭ་ཞིག་ཡིན་པ་དང་། དམག་སྟོབས་ལས་དོན་གྱི་འགོ་ཁུངས་ལས་གྲྭ་ཞིག་ཡིན་ལ། དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རང་སྐྱོར་ལས་གྲྭ་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་ལས་འགན་གཟབ་ནན་ཞིག་ཡིན། 2026ལོར་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་སྟོབས་དགོངས་པ་ལག་ལེན་མཐར་ཕྱིན། དམག་བསྡུ་བྱ་བའི་འགན་འཁྲི་དང་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་དེ། སྤྱོད་གཙང་དམག་བསྡུ་གཟབ་ནན་གྱི་བཅོས་སྐྱོང་གཏིང་ཟབ་སྤེལ་ཏེ། དམག་བསྡུ་བྱ་བའི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དམག་བསྡུ་བྱ་བའི་སྤྱི་ཡོངས་ཀྱི་སྒྲིལ་ཤུགས་ཆགས་པ་དང་། དམིགས་འབེན་གཏན་འཁེལ་དང་འགན་འཁྲིར་ཤུགས་སྣོན། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། དམག་བསྡུའི་ལས་འགན་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། རྒྱལ་སྟོབས་འདུན་མ་དང་དམག་སྟོབས་འདུན་མ་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་གསར་པ་འཇོག་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་དམག་བསྡུ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགོ་ཁྲིད་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།