ས་ཁུལ་མང་པོས་ན་ནིང་གི་གཉེན་སྒྲིག་ཐོ་འགོད་བྱས་ཚུལ་ཁྱབ་སྒྲོག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

དམངས་སྲིད་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། 2025ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གཉེན་སྒྲིག་ཐོ་འགོད་མི་གྲངས་ཁྲི353.9ཟིན་པ་དང་། དེ་ནི་ན་ནིང་གི་དུས་མཚུངས་ལས་ཁྲི10.9ཇེ་མང་དུ་ཕྱིན་ཡོད། 2024ལོར་རྒྱལ་ཡོངས་ཀྱི་གཉེན་སྡེབ་ཐོ་འགོད་ལས་ཁུངས་དང་ཐོ་འགོད་བྱེད་ས་ཁྱོན་བསྡོམས4190ཡོད་པ་དང་། དེའི་ནང་གཉེན་སྒྲིག་ཐོ་འགོད་ལས་ཁུངས1134ཡོད། ལོ་ཧྲིལ་པོར་ཁྲིམས་ལྟར་མི་ཁྲི610.6ཡིས་གཉེན་སྒྲིག་ཐོ་འགོད་བྱས་པ་དང་། དེ་ལས་གཉེན་སྒྲིག་ལ་ཐོ་འགོད་བྱས་ཚད4.3‰ཟིན་པ་དང་། གཉེན་ཐོར་ལ་ཐོ་འགོད་བྱས་ཚད་ཁྲི262.1ལ་བསླེབས། 2023ལོ་དང་བསྡུར་ན་གཉེན་སྒྲིག་ཐོ་འགོད་གྱི་མི་གྲངས20.5%མར་ཆག་ནས་ལོ་རྒྱུས་ཟིན་ཐོ་གཏོད་ཡོད་པ་རེད། ན་ནིང་གི་གཉེན་སྒྲིག་ཁྲོད་དུ། ལོ25ནས29བར་གྱི་གཉེན་སྒྲིག་མི་གྲངས་ཁྲི428.8ཟིན་ཞིང་བསྡུར་ཚད35.1%ཟིན་ཡོད་པ་རེད།    

ཧྲང་ཧའེ་གྲོང་ཁྱེར་དམངས་དོན་ཅུའུ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། 2025ལོར། གྲོང་ཁྱེར་ཡོངས་ཀྱིས་གཉེན་སྡེབ་ཐོ་འགོད175092བསྒྲུབས་པའི་ནང་། གཉེན་སྒྲིག་ཐོ་འགོད125102དང་གཉེན་ཐོར་ཐོ་འགོད49990རེད། ཟླ5པའི་ཚེས10ཉིན་ནས་གཉེན་སྡེབ་ཐོ་འགོད“རྒྱལ་ཡོངས་སུ་སྒྲུབ་ཆོག་པའི”སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་ནས་བཟུང་། ཧྲང་ཧའེ་གྲོང་ཁྱེར་ཡོངས་ནས“རྒྱལ་ཡོངས་ནས་སྒྲུབ་ཆོག་པའི”གཉེན་སྡེབ་ཐོ་འགོད41332བསྒྲུབས་པ་དང་། དེའི་ནང་གཉེན་སྒྲིག་ཐོ་འགོད34040དང་གཉེན་ཐོར་ཐོ་འགོད7292ཡོད་ལ། སོ་སོ་དུས་མཚུངས་ལས་གཉེན་སྒྲིག་ཐོ་འགོད་སྤྱི་འབོར་ཀྱི38.49%དང21.3%ཟིན།

2025ལོར་ཧྲང་ཧའེ་ནས་གཉེན་སྒྲིག་ཐོ་འགོད་བྱས་པའི་མི་གྲངས་སྤྱིའི་ཆ་ནས2024ལོ་དང་བསྡུར་ན38.7%འཕར་བ་རེད། གཉེན་སྒྲིག་ཐོ་འགོད་ཀྱི་ལོ་ཚད་ཐད་ནས། ཧྲང་ཧའེ་གྲོང་ཁྱེར་དམངས་དོན་ཅུའུ་ཡི་གཞི་གྲངས་ལྟར་ན། 2025ལོར། ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱི་ཐེངས་དང་པོར་གཉེན་སྒྲིག་པའི་ཆ་སྙོམས་ཀྱི་ལོ་ཚད་ལོ29.7ཡིན་པ་དང་། དེའི་ནང་སྐྱེས་པ་ལོ30.3དང་བུད་མེད་ལོ29.1རེད། གྲོང་ཁྱེར་ཡོངས་ཀྱི་ཉིན་གཅིག་གི་གཉེན་སྒྲིག་ཐོ་འགོད་བྱས་ཚད་ལ་བལྟས་ན། “5·20”དང་“5·21”“ཟླ8པའི་ཚེས29ཉིན”(七夕)བཅས་རིང་གི་གཉེན་སྒྲིག་བྱས་ཚད་ཆེས་མང་བ་རེད། “རྒྱལ་ཡོངས་སུ་སྒྲུབ་ཆོག་པའི”སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་རྐྱེན་གྱིས་ཉིན་འདི་གསུམ་གྱི་ཐོ་འགོད་བྱེད་ཚད་ན་ནིང་གི་དུས་མཚུངས་ལས42.92%དང་། 79.04%། 16.18%བཅས་འཕར་ཡོད་པ་རེད།

ཧྥུའུ་ཅན་ཞིང་ཆེན་དམངས་སྲིད་ཐིང་གི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར། 2025ལོར་ཞིང་ཆེན་ཡོངས་ཀྱི་གཉེན་སྒྲིག་ཚད169756ཡིན་པ་དང་དུས་མཚུངས་ལས12%འཕར་བ་རེད། 2025ལོའི་ལོ་མགོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས“བདེ་སྐྱིད་ཀྱི་གཉེན་སྒྲིག”ཅེས་པའི་བཟའ་ཚང་ཐོ་འགོད་ཞབས་ཞུའི་སྟེགས་བུ་གཏོད་པར་བརྩོན་ལེན་བྱས་ནས་བཟའ་ཚང་ཐོ་འགོད“རྒྱལ་ཡོངས་སུ་སྒྲུབ་ཆོག་པ”ཕྱོགས་ཡོངས་ནས་ལག་བསྟར་བྱསཔ་དང་། གཉེན་སྒྲིག་གི་གོམས་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཏེ། གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུ་ཤུགས་ཆེན་སྤེལ་བ་རེད།

ཉིན་ཤས་གོང་། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྲུའུ་ཧྲན་ཆུས་དམངས་དོན་ཅུའུ་ཡིས2025ལོའི་བཟའ་ཚང་ཐོ་འགོད་ཀྱི་གཞི་གྲངས་ཁྱབ་སྒྲོག་བྱས། དེའི་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོར་ཆུས་ཡོངས་ནས་གཉེན་སྒྲིག་ཐོ་འགོད6180བྱས་པ་དང་དུས་མཚུངས་ལས8.1%འཕར་བ་རེད། ཐོ་འགོད་གྱི་ཚེས་གྲངས་འདེམས་པའི་ཐོག“5·20”ནི་ཆེས་དགའ་བསུ་ཐོབ་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད། ལོའི་ཁྱབ་ཚུལ་ནས་བལྟས་ན། ལོ25ནས29བར་ཐོ་འགོད་བྱས་པའི་མི5042ཟིན་པ་དང་། དེས་གཉེན་སྒྲིག་མི་གྲངས་བསྡོམས་འབོར་གྱི40.79%བཟུང་ཡོད་པ་དང་། ན་ནིང་ལས་བརྒྱ་ཆའི་གྲངས2.27འཕར་ནས་གཉེན་སྒྲིག་ཐོ་འགོད་ཀྱི་གཙོ་ཤུགས་སུ་གྱུར།

ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་གྱི2025ལོའི་གཉེན་སྒྲིག་ཐོ་འགོད་གཞི་གྲངས་ཉེ་ཆར་ཁྱབ་སྒྲོག་བྱས་ཤིང་། ཁྱོན་བསྡོམས་གཉེན་སྒྲིག་མཁན38486ཐོ་འགོད་བྱས་ཡོད་པ་རེད། 2025ལོར། གྲོང་ཁྱེར་ཡོངས་ཀྱི་ཐེངས་དང་པོར་གཉེན་སྒྲིག་ཚད་བསྡོམས་འབོར་གྱི77.9%ཟིན་ཡོད་པ་དང་།ཅང་སུའུ་ཐའེ་ཀྲོའུ་རུ2025ལོར་བསྡོམས་པའི་གཉེན་སྒྲིག་མཁན18678ཡིས་ཐོ་འགོད་བྱས་ཡོད་པ་རེད། །

ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་ལོ་ན་དང་འཚམ་པའི་གཉེན་སྒྲིག་དང་བུ་བཙའ་དར་སྤེལ་ཤུགས་ཆེན་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་གཉེན་སྒྲིག་བུ་བཙའི་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་བཏང་ད། མིག་སྔར། རྒྱལ་ཡོངས་ཀྱི་ཞིང་ཆེན29ཡིས་གཉེན་སྒྲིག་གི་གུང་གསེང་ཇེ་རིང་དུ་བཏང་བ་དང་། དེའི་ནང་ཧྲན་ཞི་དང་ཀན་སུའུ་ནི་གུང་གསེང་ཆེས་རིང་བ་ཡིན་ལ། གཉེན་སྒྲིག་གུང་གསེང་ལ་ཉིན30ཡོད་པ་རེད། 

དེ་དང་ཆབས་ཅིག་ཏུ། གཉེན་སྒྲིག་ཐོ་འགོད་ཀྱི་སྟབས་བདེ་ཚད་ཆེ་རུ་ཕྱིན་ཡོད། 2025ལོའི་ཟླ5པའི་ཚེས10ཉིན་གསར་དུ་བཟོ་བཅོས་བྱས་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལག་བསྟར་བྱས་པ་ནས་བཟུང་། གཉེན་སྒྲིག་ཐོ་འགོད་ཀྱི་ས་ཁོངས་ཚོད་འཛིན་མེད་པར་བཟོས་ནས་གཉེན་སྒྲིག་འཛིན་ཡིག་ལེན་པར་ཁྱིམ་ཐོ་མི་དགོས་པ་མ་ཟད། གཉེན་སྒྲིག་ཐོ་འགོད་རྒྱལ་ཡོངས་སུ་སྒྲུབ་ཆོག་པ་རེད། དེ་ནི་གཞན་ཡུལ་དུ་ཡུན་རིང་བོར་ལས་ཀ་བྱེད་མཁན་ཀྱི་མི་རྣམས་ལ་མཚོན་ན། གཉེན་སྒྲིག་ཐོ་འགོད་སྟབས་བདེར་བཏང་ཡོད་པ་རེད། ། རགས་རྩིས་བྱས་པ་ལྟར་ན། སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། རྒྱལ་ཡོངས་སུ“ཞིང་ཆེན་ལས་བརྒལ་ནས”གཉེན་སྒྲིག་ཐོ་འགོད་བྱེད་པའི་གྲངས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད།  དེ་དང་ཆབས་ཅིག་ཏུ། གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་སུ་སྒྲུབ་ཆོག་པའི”སྲིད་ཇུས་ལག་བསྟར་བྱས་རྗེས། ཡུལ་སྐོར་བྱེད་ས་རུ་ཡང་གཉེན་སྒྲིག་བྱེད་ཐུབ་པས། གྲོང་ཁྱེར་དང་མཛེས་ལྗོངས་ཁུལ་མི་ཉུང་བ་ཞིག་གིས“འཛིན་ཡིག་ལེན་ས”བཙུགས་ཏེ་གཉེན་སྒྲིག་ཐོ་འགོད་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བས།   ན་གཞོན་མང་པོ་ཞིག་གིས་གཞན་ཡུལ་དུ་གཉེན་སྒྲིག་བྱེད་པར་དགའ་བོ་བྱེད་ཀྱིན་ཡོད་དོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།