"ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས"མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས13ཉིན་གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས”ཞེས་པ་བརྗོད་གཞིར་བཟུང་བའི་མུ་འབྲེལ་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ལས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་འདུ་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ། རྫོང98%ཡིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་བཏོད་དེ་དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལག་ལེན་གྱི་མཐོ་ས་བསྐྲུན།

ཏང་གིས་མི་རིགས་བྱ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་པར་རྣམ་པ་གསར་པ་བརྩམས། རྒྱལ་ཡོངས་སུ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་རིམ་པ་བཞིའི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་གཙོ་བོས“ཚོགས་གཙོ་ཟུང”གི་འགན་འཁུར་པའི“བྱ་བའི་སྣེ་ཁྲིད་སྒྲིག་སྲོལ་བརྟན་པོ”ཐོག་མར་གསར་གཏོད་བྱས། དམངས་དོན་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་གྱི་ལམ་སྲོལ་གསར་པ་བཙུགས་ཏེ་ཨུ་ཡོན་ལས་ཁུངས་ཏང་ཨུ་དང་། སྲིད་གཞུང་། མང་ཚོགས་ཚོགས་པ་བཅས་ཀྱི་ལས་ཁུངས་གཙོ་བོ45བར་རྒྱ་སྐྱེད། གསར་འཛུགས་བྱ་བར་ཆེད་དོན་བྱ་དགའ་དང་། དཔེ་སྟོན་འགུལ་རྣམ་དོ་དམ། ཕྱོགས་གསུམ་པའི་ཚོད་དཔག དཔེ་སྟོན་དཔེ་མཚོན་ལ་གཟེངས་བསྟོད། ཆེད་ལས་དཔུང་ཁག་འགན་སྲུང་ལ་སོགས་ཡུན་རིང་སྤྱོད་གོ་ཆོད་པའི་བྱ་བའི་ལམ་སྲོལ་གསར་དུ་བཙུགས། “སྲ་བརྟན་བཟོ་བའི”གཙོ་གནད་དེ་མི་རིགས་བྱ་བ་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་སྐུལ་འདེད་བཏང་།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཐད་ལ་གོམ་སྟབས་གསར་པ་སྤོས།“སྲ་བརྟན་དུ་གཏོང་བ” དེ་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་། ལས་བྱེད་སློབ་གྲྭ། ལས་བྱེད་དྲ་ཁང་བཅས་ཀྱི་འཛིན་གྲྭ་གཙོ་བྱས་པའི་སློབ་ཁྲིད་ཀྱི་འཆར་གཞི་དང་ཟབ་སྦྱོང་གི་ནང་དོན་དང་། རིམ་པ་སོ་སོའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་དང་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ནང་བཅུག “སྲ་བརྟན”ཞིབ་འཇུག་ལྟེ་གནས་དང་ཞིབ་འཇུག་རྟེན་གཞི་བཙུགས་ཏེ། 《མེ་ཏོག་བཞད་པ། 》《གངས་རིའི་ས་གཞི 》《ཐང་སྟོང་དུ》སོགས“སྲ་བརྟན”མངོན་པའི་བརྩམས་ཆོས་སྤུས་ལེགས་ཁག་ཅིག་བཏོན་པ་དང་། མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིLOGOཁྱབ་གདལ་བེད་སྤྱོད་བྱས་པ་དང་། ལོ་ངོ44རིང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་རེའི་བྱེད་སྒོ་མཚམས་མ་ཆད་པར་སྤེལ། ལོ་ངོ20བསྟུད་མར་ལས་བྱེད་པ་ཁྲི་གྲོང་ཚོ་དང་དགོན་པར་དྲིལ་སྒྲོག་བྱེད་དུ་མངགས། ལོ་ངོ11ལ་དགོན་པའི་ཁྲིམས་སྐྱོང་དྲིལ་སྒྲོག་ཟླ་རེའི་བྱེད་སྒོ་སྤེལ་མཚམས་མ་ཆད་པར་སྤེལ། ལོ་རྒྱུས་རིག་གནས་ཀྱི་ལུས་རྩལ་ཁང་དང་སྤྱི་པའི་རིག་གནས་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལུས་རྩལ་ཁང་དང་བརྗོད་བྱ་གཙོ་བོའི་སྤྱི་གླིང་གསོ་སྐྱོང་དང་བསྐྲུན་ཏེ།  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་ལེན་རྣམ་གྲངས་རེས་སྐོར་འགྲེམས་སྟོན་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཚོགས་འདུ། མི་རིགས་རང་སྐྱོང་ས་གནས་ཀྱི་རྟེན་འབྲེལ་བྱེད་སྒོ་སོགས་བྱེད་སྒོ་ཆེ་གྲས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་བ་དང་། སྤྱི་ཚོགས་ཡོངས་ཀྱི“ཐུན་མོང་བཞིའི”ཐུན་མོང་སྒྲིག་གཞིའི་འདུ་ཤེས་དང་། “ཁས་ལེན་ལྔའི”བསམ་བློ་སྔར་བས་མི་སེམས་སུ་འཇགས།

མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་གསར་པ་ཐོབ། ཁ་གཏད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྣེ་ཁྲིད་བྱ་ཡུལ་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་བྱ་སྤྱོད་དང་གཞོན་ནུ་ལོ་ཆུང་གསོ་སྐྱོང་བྱ་སྤྱོད་སོགས“འབྲེལ་འདྲེས་གསུམ”གྱི་བྱ་སྤྱོད་ཁག་བཅུ་ལག་བསྟར་ཤུགས་ཆེན་བྱས་ཏེ། ཕན་ཚུན་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་པར་ཆ་རྐྱེན་བསྐྲུན། མི་རིགས་ཁག་གི་མང་ཚོགས་ཁྲི20ཡིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང300ལྷག་དུ་འཐེན་ཐུག་ཐོན་ལས་གཉེར་སྐྱོང་བྱེད་ཀྱི་ཡོད། འཚེམ་དྲུབ་མ་ཁྲི30ཡིས་མཛུབ་རྩེ་ནས“ཁབ་རྩལ”ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་བཞེངས་སྐྲུན་བྱས། གངས་འདབས་ཀྱི་འབྲོག་མིའི་སྤོ་ལོ་རུ་ཁག་ཀུའེ་ཀྲོའུ་གྲོང་ཚོའི་རིམ་འདས་དང་རྩྭ་ཐང་གི་རྐང་རྩེད་སྤོ་ལོ་གཞོན་ནུ་པེ་ཅིང་གི་བཟོ་པའི་ལུས་རྩལ་ར་བའི་གར་སྟེགས་སུ་བསྐྱོད།   “ལྕེ་རྩེའི་འཐེན་ཐུག་སྟེ། ”“མཛུབ་རྩེའི་མཚོ་སྔོན་འཚེམ་དྲུབ། ”“རྐང་རྩེད་སྤོ་ལོ་ཆུང་ཆུང་ལ་མཐུན་སྒྲིལ་ཆེན་པོ་ཡོད་པ། ”བཅས་ནི་རྒྱལ་ཡོངས་སུ་གྲགས་པའི“འབྲེལ་འདྲེས་གསུམ”གྱི་གསེར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དང་རོང་འབྲོག་པའི་བརྙན་འཕྲིན་གཏམ་བཤད་འགྲན་སྡུར་ཆེན་པོ་གཉེར། ལོ13རིང་གི《དེང་རབས་རྒྱ་ཡིག་ཚིག་མཛོད》རྒྱ་བོད་ཤན་སྦྱར་གྱི་རྩོམ་སྒྲིག་ཡོངས་སུ་གྲུབ་ནས་འགྲེམས་སྤེལ་བྱས། གཞིས་ཁུལ་གྱི“སེ་འབྲུའི་ཁྱིམ་གཞིས”388གསར་གཏོད་ཀྱིས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་གཉེན་ཉེ་བརྗོད་བྱ་གཙོ་བོར་བྱས་པའི་གཞི་ཁུལ་གྱི“ཆ་སྒྲིག”དང་། “ཁྱིམ་ཚང་བརྒྱའི་གསོལ་སྟོན”བྱེད་སྒོ་བཅས་རྒྱ་ཁྱབ་ཏུ་སྤེལ་བས། མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་བཞིན་ཉེ་ཞིང་ཕན་ཚུན་རོགས་རམ་གྱི་མཛའ་མཐུན་སྔར་བས་ཇེ་ཟབ་ཏུ་ཕྱིན།

མི་རིགས་ཁག་ཐུན་མོང་ཐོག་དེང་རབས་ཅན་དུ་བསྐྱོད་དེ་རྣམ་པ་གསར་པ་མངོན་པར་སྐུལ་འདེད་བཏང་།  ནོར་སྲིད་ཀྱིས་དམངས་ཚིས་ལ་སྤྱོད་པའི་གཏོང་སྒོ་ཐོག་མཐའ་བར་གསུམ་དུ75%ཡན་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་ཚིས་དོན་དག་དངོས་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་ཐད་མ་དངུལ་སྒོར་དུང་ཕྱུར20.22བཏང་ནས་དོན་འཁྱོལ་བྱས་ཤིང་། དེ་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ལས་སྒོར་དུང་ཕྱུར5.73མང་བ་དང་། དུས་མཚུངས་ལས39.5%འཕར། “མཉམ་འདྲེས”ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་ཏེ། མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱས། དམངས་སྤྱོད་ཉོ་ཚོང་དང་དམངས་སྤྱོད་ཐོན་རྫས་ཐོན་སྐྱེད་དངུལ་བུན་གྱི་སྐྱེད་ཀ་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་བྱས། ཁེ་ལས107ལ་སྐྱེད་ཀ་གསབ་པའི་མ་དངུལ་སྒོར་ཁྲི8613ལོངས་སྤྱོད་བྱས་ནས་དམངས་སྤྱོད་ཉོ་ཚོང་དང་དམངས་སྤྱོད་ཐོན་རྫས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་།

མི་རིགས་ཀྱི་བྱ་བ་ཁྲིམས་ལྟར་བཅོས་སྐྱོང་བྱེད་སྐབས་ཡར་རྒྱས་གསར་པ་ཡོང་བར་བྱ་དགོས། ཞིང་ཆེན་རིམ་པ་དང་རང་སྐྱོང་ཁུལ་དྲུག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁེར་སྤྱོད་སྲོལ་ཡིག་སྔ་རྗེས་སུ་བཏོན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་བརྩི་སྲུང་དང་སློབ་སྦྱོང་། ཁྲིམས་བཀོལ་སྤྱོད་ཐད་སློབ་གསོ་བཏང་ནས་ཁྲིད་སྟོན་བྱས་པར་མ་ཟད།  རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པར་མཐའ་འཁྱོངས་དང་། མི་རིགས་བྱ་བ་བཅོས་སྐྱོང་དེ་མཉམ་སྐྲུན་དང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་འདྲེས་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་བའི་ཁྲིམས་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་།  མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་མངོན་གསལ་དོད་པོས་ཇེ་ཆེར་ཕྱིན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།