ཉེ་ལམ་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་གྲོང་ཚོའི་ལས་དོན་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། 2026ལོར་མཚོ་སྔོན་གྱིས་མུ་མཐུད་དུ་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ལས་འགན་ལ་མུ་མཐུད་དུ་ནན་ནན་བཅག་བཅག་བྱས་ཏེ། འབྲུ་རིགས་དང་སྣུམ་རྒྱུ་ཡི་འདེབས་འཛུགས་ཀྱི་རྒྱ་ཁྱོན་སོ་སོ་ནས་སྤྱི་ཆིང་ཁྲི29.67དང་། སྤྱི་ཆིང་ཁྲི14.8ཡན་ནས་བརྟན་ཐུབ་ཅིང་། ཐོན་འབོར་ཏུན་ཁྲི110དང་ཏུན་ཁྲི30ཡན་དུ་བརྟན་ཐུབ་པར་འགན་ལེན་བྱ་རྒྱུ་བྱས་འདུག
2026ལོའི་དཔྱིད་རྨོ་ཐོན་སྐྱེད་ལ་འགན་སྲུང་བྱ་ཆེད། མཚོ་སྔོན་གྱིས་སྔ་མོ་ནས་ཞིང་ལས་ཐོན་སྐྱེད་ཐད་མ་དངུལ་དུང་ཕྱུར4.34གཤམ་སྤྲོད་བྱས་ཡོད་ཅིང་། རྒྱ་ཁྱོན་ཆེ་སའི་འབྲུ་སྣ་རྐྱང་བའི་ཐོན་འབོར་མཐོར་འདེགས་སྐུལ་འདེད་རྫོང12གཙོ་བྱས་ཏེ། སྒྲིག་གཞི་ཧྲིལ་བོའི་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་ནས་ས་ཁོངས་རང་བཞིན་གྱི་ཐོན་འབོར་མང་ལ་ཕན་འབྲས་མཐོ་བའི་འདེབས་འཛུགས་རྟེན་གཞི་སྐོར་ཞིག་བཙུགས་ནས་སྣ་ཆིག་རྐྱང་གི་ཐོན་འབོར་གྱིས་སྤྱིའི་ཐོན་འབོར་འཕར་ཐུབ་བྱ་རྒྱུ། འདེབས་འཛུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། འབྲུ་བརྟན་སྣུམ་འཕར་འདེབས་རྒྱ་ཆེར་བསྐྱེད་ལ་མུ་མཐུད་ནས་སྐུལ་འདེད་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་ལ་ཤུགས་བསྣན་ཏེ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་ཁུལ་གྱི་ཆུ་གྲོན་ཆུང་དང་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་ཇེ་ཆེར་བཏང་ནས་གནོད་འགོག་དང་ཐོན་འབོར་གཏན་འཇགས་ཀྱི་ནུས་པ་ཇེ་ཆེར་གཏང་རྒྱུ།
ད་ལོར་ཚད་གཞི་མཐོ་ཤོས་ཀྱི་ཞིང་ས་འཛུགས་སྐྲུན་ལ་འཆར་ཇུས་ལེགས་པོ་ཞིག་བཟོས་ནས་ཞིང་ལས་ཀྱི་ལས་ཀ་ཁག་སྔ་མོ་ནས་སྤེལ་ཏེ། ཟླ10བའི་ཟླ་མཇུག་གི་སྔོན་ལ་འཛུགས་སྐྲུན་དང་སྒྱུར་བཅོས་ལས་འགན་བདེ་བླག་ཏུ་འགྲུབ་པར་འགན་ལེན་བྱ་རྒྱུ། ལས་གཞིའི་སྤུས་ཚད་ལ“ཕྱིར་མིག་ལྟ་བ”དང་ཆེད་དོན་དག་ཐེར་འགུལ་སྐྱོད་བཅས་ཀྱི་ལས་ཀ་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། ལས་གཞི་ཐོག་མར་གཏན་འཁེལ་དང་། ཨར་སྐྲུན་གྱི་རྒྱུ་སྤུས། མ་དངུལ་དོ་དམ། ཚོང་འགུག་དངུལ་གཏོང་། རྩིས་བཤེར་དོ་དམ་ལ་སོགས་པའི་གོ་རིམ་ཡོངས་ལ་དམ་འཛིན་ནན་འཛིན་བྱས་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་གནད་དོན་གཙང་སེལ་ཐུབ་པར་འགན་ལེན་བྱ་རྒྱུ་རེད། རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། རྨོ་ཞིང་སྲུང་སྐྱོབ་གི་ཁ་གསབ་སྲིད་ཇུགས་དོན་འཁྱོལ་ནན་མོ་བྱ་རྒྱུ་དང་། རྨོ་ཞིང“གཞན་བསྒྱུར”ལ་དག་ཐེར་ནན་མོ་དང་“དྲོད་ཁང་ཆེན་མོ”ཡི་གནད་དོན་ལྟ་རྟོག་དང་དོ་དམ་རྒྱུད་ཆད་མེད་པར་ལག་བསྟར་བྱས་ནས་རྨོ་ཞིང་གི་སྤུས་ཚད་རྩིས་བཤེར་ལས་ཀ་ཏན་ཏན་ཏིག་གིས་བསྒྲུབ་རྒྱུ་རེད།