ཞིང་ཆེན་ཏང་ཨུས་ཞིང་སྡེ་དང་འབྲོག་ཁུལ་གྱི་བྱ་བའི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས14ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་ཞིང་སྡེ་དང་འབྲོག་ཁུལ་གྱི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད་གཏམ་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིཞིང་གསུམབྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་ལ་རྐང་འཛུགས་པ་དང་། བསམ་བློ་གཅིག་གྱུར་དང་ཐུན་མོང་ངོས་འཛིན་གཅིག་སྡུད། དངོས་འཛིན་དངོས་གཉེར་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས་ཞེརས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། མགོན་པོ་བཀྲ་ཤིས་སོགས་འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་པ་དང་། ཚེ་རིང་ཐར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཡིག་ཐོག་ནས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་རེད།

ཝུའུ་ཞའོ་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་དམ་པོར་དམིགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་བཏང་བར་བརྟེན། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྒྲིག་གཞིའི་རང་བཞིན་གྱི་ལེགས་སྒྱུར་བྱུང་བ་དང་། རོང་འབྲོག་ཁུལ་གྱི་བཅོས་སྐྱོང་ཐད་མ་ལག་རང་བཞིན་གྱི་མཐོར་འདེགས་བྱུང་སྟེ། ཞིང་ཆེན་ཡོངས་ཀྱིཞིང་གསུམབྱ་བ་འགག་སྒྲོལ་དཀའ་སེལ་བྱས་པ་དང་དེར་ཕན་འབྲས་མངོན་གསལ་བླངས། ལོ་ལྔའི་འཆར་འགོད་བཅོ་ལྔ་པརདམིགས་ཚེ། ཞིང་གསུམབྱ་བར་འཕྲད་པའི་གོ་སྐབས་ནི་འགྲན་སློང་ལས་དྲག་པས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དངོས་གཉེར་སྔོན་བརྩོན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ད་ལོའིཞིང་གསུམགཙོ་གནད་བྱ་བ་དངོས་སུ་དམ་འཛིན་ལེགས་པོ་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་པ་དང་། ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་ཐེག་ནུས་གཙོ་བོ་རུ་བྱེད་པ། ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་གཙོ་བོར་བཟུང་ནས། མཐོ་སྒང་གི་འདེབས་འཛུགས་ལས་རིགས་ཀྱི་སྤུས་ལེགས་ཐོན་ནུས་རྒྱ་བསྐྱེད་པ་དང་། ཞིབ་ཚགས་ལས་སྣོན་འཕེལ་རྒྱས་སུ་གཏོང་བ་དངཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་གསོ་སྤེལབཅས་མཉམ་འདྲེས་ཀྱི་ཐོན་ལས་མུ་ཕྲེང་གི་རྒྱུན་བསྲིང་བ། ལྗང་མདོག་དང་སྐྱེ་ལྡན། སྤུས་ལེགས། བདེ་འཇགསབཅས་ཀྱི་ཟོང་རྟགས་སྣང་བརྙན་བསྟུད་མར་བསྐྲུན་ནས། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྟོང་ཁྲིའི་ལས་གཞིའིཉམས་མྱོང་བེད་སྤྱོད་ལེགས་པོ་བྱེད་པ། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་དང་ཐོན་ཁུངས་དག་སྒྲིག་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ། ཞིང་སྡེའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། རོང་འབྲོག་ཁུལ་གྱི་གསོན་ཤུགས་བསྐྱེད་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་བྱེད་ཐབས་རིགས་བཅུབེད་སྤྱོད་ལེགས་པོ་བྱས་ནས། ངལ་ལས་ཚོང་རྟགས་ཀྱི་མིང་གྲགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ། ལས་ཞུགས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་པོར་སྲུང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་དང་བྱ་བའི་མ་ལག་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། ཏང་གིཞིང་གསུམབྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་འགན་འཁྲི་དངོས་འབེབས་བྱེད་པ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་། བྱ་བའི་ལམ་ལུགས་མ་ལག་གསར་གཏོད་བྱེད་པ། ཞིང་ཕྱུགས་ལས་རིགས་ཤེས་པ་དང་རོང་འབྲོག་ཁུལ་ལ་དགའ་ཞེན་ཡོད་པ། རོང་འབྲོག་མང་ཚོགས་ལ་དགའ་བབཅས་ཀྱི་ལས་བྱེད་པའི་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཞིང་ལས་ཞིང་སྡེ་བྱ་བ་ལེགས་པར་སྒྲུབ་པའི་འཇོན་ནུས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་ཆུ་ཚད་སྔར་ལས་མཐོན་པོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་དགོས་ལ། འབྲུ་རིགས་བདེ་འཇགས་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ཚད་མཐའི་ལས་འགན་དམ་འཛིན་ལེགས་པོ་བྱེད་པ། ཞིང་སྟོབས་ཞིང་ཕན་ཞིང་ཕྱུགས་སྲིད་ཇུས་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་བསྐྲུན་འཆམ་མཐུན་གྱི་གྲོང་གསེབ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་བཅོས་སྒྱུར་གྱི་གཙོ་གནད་ལས་འགན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆ་རྐྱེན་ཕན་ཚུན་ལ་ཕྱོགས་པར་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འབད་པས་བསྐྲུན་ནས། རོང་འབྲོག་ཁུལ་དུ་གཞི་རྩའི་ཆ་ནས་དེང་རབས་འཚོ་བའི་ཆ་རྐྱེན་འཛོམས་པར་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཕྱུག་ཅིང་སྐྱིད་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱིཞིང་གསུམགྱི་ལེའུ་གསར་པ་འབད་པས་འབྲི་དགོས་ཞེས་བསྟན།

ཚེ་རིང་ཐར་གྱིས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གཏམ་བཤད། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།