མཚོ་སྔོན་དུ་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ7ལ་འཕར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་རིམ་པའི་མཚོ་སྐོར་རུ་བ་སྤོ་བའི་རིག་གནས་ཉམས་ལེན་ས་ཁུལ་ལས་མཚོ་ལྷོ་དང་མཚོ་སྐོར་རུ་བ་སྤོ་བའི་རིག་གནས་ཉམས་ལེན་ས་ཁུལ་ལས་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་རྒྱུར་ཆོག་མཆན་ཐོབ། ཟླ1པའི་ཚེས14ཉིན་བར་དུ། མཚོ་སྔོན་དུ་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ7ལ་འཕར།

“རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ”བཙུགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ལོ་རྒྱུས་རིག་གནས་གསོག་འཇོག་གང་མང་བྱེད་པ་དང་རྒྱུན་མཐུད་ཀྱི་རྣམ་པ་བཟང་བོ་མངོན་པར་བྱེད་པ། རིན་ཐང་ཆེན་པོ་དང་ཁྱད་སྟོབས་བཅས་མངོན་ཐུབ་པའི་རིག་གནས་ཀྱི་རྣམ་པར་ཁྱོན་ཡོངས་རང་བཞིན་གྱི་སྒོ་ནས་སྲུང་སྐྱོབ་བྱེད་ཀྱིན་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་དུ། མཚོ་ནུབ་ཀྱི་ཏེ་ཏུའུ་སོག་པོའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་། ཧུའུ་ཀྲུའུ་ཡི་ཧོར་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། ཞུན་ཧྭ་ཟ་ལར་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། ཟི་ལིང་གི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། མཚོ་ཤར་གྱི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། མཚོ་ལྷོའི་མཚོ་སྔོན་པོ་བསྐོར་བའི་རུ་བ་སྤོ་བ་ཡི་རིག་གནས་སྐྱེ་ཁམས་ཚོད་ལྟ་ཁུལབཅས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ7ཡོད།

ད་ལོར་ཆོག་མཆན་ཐོབ་མ་ཐག་པའི་མཚོ་སྔོན་པོ་བསྐོར་བའི་རུ་བ་སྤོ་བ་ཡི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གཞི་རྟེན་དུ་བཟུང་ནས། མཚོ་སྔོན་པོའི་མ་བཅོས་རང་བྱུང་ཁམས་ཆེན་མོའི་ཁྱད་ཆོས་ལ་བརྟེན་ཏེ། མི་རིགས་མང་པོའི་མཉམ་འདྲེས་རྨང་གཞིར་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་དེའི་དེང་རབས་ཅན་གྱི་མཚོན་ཚུལ་ལ་བརྟེན་པ། སྐྱེ་ཁམས་དང་མི་ཆོས་རིག་གནས་མཉམ་གནས་བྱེད་པའི་མཐོ་སྒང་ས་བབ་ཁྲོད་རིམ་གྱིས་གྲུབ་པའི་རུ་བ་སྤོ་བའི་རིག་གནས་གཙོ་བོ་ཡིན་པའི་མཉམ་འདུས་རྣམ་པ་ཡི་ས་ཁོངས་རིག་གནས་མ་ལག་ཅིག་གྲུབ་ཡོད། དེར་ཞིང་ལས་རིག་གནས་དང་ཆབ་སྲིད་རིག་གནས། ཉོ་ཚོང་རིག་གནས། སྐྱེ་ཁམས་རིག་གནས། གཙང་བོའི་འབབ་རྒྱུད་ཀྱི་རིག་གནས། སྲོལ་རྒྱུན་ལག་ཤེས་བཟོ་ལས་རིག་གནས། མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་སོགས་རིག་གནས་ཀྱི་རྣམ་པ་མཉམ་འདྲེས་བྱས་ཡོད་པའི་དབང་གིས། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པའི་ལོ་རྒྱུས་ཀྱི་དཔང་པོ་དང་། གསོན་སྟོབས་ཀུན་ནས་རྒྱས་པའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།