“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་མཚོ་སྔོན་གྱི་གཞུང་ལམ་ཤར་གཏོང་གི་ལམ་ཐག་སྤྱི་ལེ་ཁྲི10ལས་བརྒལ་བའི་འཆར་གཞི་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས13ཉིན། གསར་འགོད་པས2026ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱས་པ་ལྟར་ན། 2030ལོར་བསླེབ་དུས་མཚོ་སྔོན་གྱིས“ཐོད་བརྒལ་གཉིས”(གཞུང་ལམ་ཤར་གཏོང་གི་ལམ་ཐག་སྤྱི་ལེ་ཁྲི10ལས་བརྒལ་བ་དང་། མྱུར་བགྲོད་གཞུང་ལམ་ཤར་གཏོང་གི་ལམ་ཐག་སྤྱི་ལེ6000ལས་བརྒལ་ཐུབ་རྒྱུ)དང་། “མཐོར་འདེགས་གསུམ”(རྫོང་མཁར་གྱི་མྱུར་བགྲོད་རིམ་པ་དང་པོའི་གཞུང་ལམ་སྡུར་ཕྲེང85%དང་། གྲོང་རྡལ་གྱི་རིམ་པ་གསུམ་པའི་གཞུང་ལམ་སྡུར་ཕྲེང93%ཟིན་པ། མི་འབོར་ཅུང་མང་བའི་རང་བྱུང་གྲོང་ཚོའི་ཨར་ལམ་སྡུར་ཕྲེང85%ཟིན་པ།)“སྦྲེལ་མཐུད་བཞི”(བར་ཁྱམས་འབྲེལ་མཐུད་དང་། གྲོང་ཁྱེར་བར་སྦྲེལ་མཐུད། གྲོང་ཁྱེར་དང་གྲོང་གསེབ་བར་སྦྲེལ་མཐུད། མཛེས་ལྗོངས་བར་སྦྲེལ་མཐུད)མངོན་འགྱུར་བྱས་ཏེ། བདེ་འཇགས་དང་སྟབས་བདེ། ལས་ཕྱོད་ཆེ་བ། ལྗང་མདོག དཔལ་འབྱོར། བསྟུན་ཤུགས། མཉེན་ཆ་བཅས་ཀྱི་དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཐོག་མར་བསྐྲུན་པའི་འཆར་གཞི་ཡོད་པ་རེད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནི་རྨང་གཞིའི་སྒྲིག་བཀོད་དྲ་སྦྲེལ་ཁ་གསབ་དང་འབྲེལ་ཐག་དམ་པའི་འགག་སྒྲོལ་དུས་སྐབས་དང་། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་ཇེ་ལེགས་དང་མ་རྩ་ཇེ་དམའ་ཕན་འབྲས་ཇེ་ཆེར་གཏོང་བའི་དུས་སྐབས་དང་། ལས་རིགས་འཕེལ་རྒྱས་ཀྱི་འགུལ་ནུས་སྒྱུར་བའི་དུས་སྐབས་། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་སེལ་བའི་འགག་རྩའི་དུས་སྐབས་བཅས“དུས་སྐབས་བཞི་རྩེག”པའི་འཐབ་ཇུས་འགག་སྒོ་སུ་བསླེབ་ཡོད་པས། མ་ལག་ལྡན་པའི་སྒོ་ནས་འགྲན་སློང་ལ་ལན་འདེབས་དང་གོ་སྐབས་དམ་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“དམིགས་འབེན་གཅིག་ལ་དམིགས་པ་དང་། འཁོར་ལོ་བཞིའི་སྐུལ་སྒུལ་ལ་ཤུགས་སྣོན་པ། འབྲེལ་བ་ཆེན་པོ་ལྔ་གཅིག་གྱུར་འཆར་འགོད་བྱེད་པ། ཁ་ཕྱོགས་ཆེན་པོ་དྲུག་ཁ་གསལ་བའི“1456”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་རེད།

“དམིགས་འབེན་གཅིག”ལ་དམིགས་པ་ནི“དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་དམིགས་འབེན་དེ་ཡིན། “འཁོར་ལོ་བཞིའི་སྐུལ་འདེད”ལ་ཤུགས་བསྣན་ནས། “རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཞབས་ཞུ་ཇེ་ལེགས་སུ་གཏོང་བ། འགུལ་ནུས་ཇེ་མང་དུ་གཏོང་བ། རིགས་སྒྱུར་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འཁོར་ལོ་བཞི་མཉམ་དུ་སྐྱོད་པའི་རྣམ་པ་ཆགས་སུ་བཅུག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་འདོན་དགོས། “འབྲེལ་བ་ཆེན་པོ་ལྔ”གཅིག་གྱུར་འཆར་འགོད་བྱ་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་ཁྱབ་པའི་ལྟེ་བའི་རིན་ཐང་གི་ཁྲིད་སྟོན་དང་གཞི་རྩའི་སྲུང་བྱ་ཡིན། “སྤྱི་འབོར་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བའི”འབྲེལ་བ་དང་། “སྔོན་ལ་དཔེ་སྟོན་བྱེད་པ་དང་མཐར་ཕྱིན་འགན་ལེན་བྱེད་པའི”འབྲེལ་བ། “བགྲོད་ལམ་ཆེན་པོར་ཤུགས་སྣོན་པ་དང་འཁོར་རྒྱུག་ཕྲ་མོ་གཏོད་པའི”འབྲེལ་བ། “འགུལ་ནུས་གསར་པ་གསོ་སྐྱོང་དང་འགུལ་ནུས་རྙིང་པ་གསར་སྒྱུར”གྱི་འབྲེལ་བ། “ལྗང་མདོག་འཕེལ་རྒྱས་དང་བདེ་འཇགས་འཕེལ་རྒྱས་གཏོང་བའི”འབྲེལ་བ་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བཟོ་དགོས།  “ཕར་རྒོལ་གྱི་ཁ་ཕྱོགས་གཙོ་བོ་དྲུག”ཁ་གསལ་བཟོ་བ་དང་། ལས་འགན་དང་དུས་ཚོད་རེའུ་མིག ལམ་ཐིག་རིའུ་མིག་བཅས་བཟོས་ནས་འགག་རྩའི་མངའ་ཁོངས་ཀྱི་ལས་འགུལ་ཕྱོགས་སྟོན་དང་ལག་བསྟར་ཐབས་ལམ་བཟོས་ཏེ། ཕྱི་ཕྱོགས་ཀྱི་བགྲོད་ལམ་ཕན་ཚུན་འབྲེལ་མཐུད་བྱེད་པར་སྐུལ་འདེད་དང་། ས་ཁོངས་ཀྱི་ལམ་དྲ་ཕན་ནུས་ཆེ་ཞིང་ཤར་གཏོང་ཐུབ་པར་སྐུལ་འདེད། འགྲིམ་འགྲུལ་ཐོན་ལས་གྱི་གསར་གཏོད་དང་མཉམ་འདྲེས་ལ་སྐུལ་འདེད། གཞི་གྲངས་དང་ཤེས་རིག་ཕྱོགས་སྒྱུར་དང་ལྗང་མདོག་ནུས་ཤུགས་སྤྲོད་བར་སྐུལ་འདེད། བདེ་འཇགས་དང་མཉེན་གཤིས་འགན་ལེན་བརྟན་པོ་འཛུགས་པར་སྐུལ་འདེད་བཅས་བཏང་སྟེ། ཟོག་འགྲེམས་ཀྱི་མ་རྩ་ཇེ་དམའ་དང་སྤུས་ཚད་མཐོ་བའི་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་སོ། ། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།