སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་བྱུང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱ་ཐབས་སྔར་ལས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་དོ་དམ་ཁྲོད་འཇུག་པ། སྔར་བས་བློ་རིག་གསལ་ཞིང་བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཚོགས་ཞུགས་བློ་མཐུན་ཚོས་དོ་སྣང་ཆེན་པོ་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ནི། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཡང་ཡིན། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་རྩོམ་པའི་ལོ་ཡིན་པས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་དུ་འགྱུར་བར་བསྟུད་མར་སྐུལ་འདེད་བཏང་སྟེ། ལས་གཞི་སོ་སོའི་དམིགས་འབེན་ལས་འགན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚད་གཞི་སྔར་བས་མཐོ་བ་དང་བྱ་ཐབས་སྔར་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ནས་ཐབས་ཇུས་བཀོད་སྒྲིག་གནང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱེད་པར་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་སྒྲུབ་བཅས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་ནས། བློ་རྩེ་གཅིག་སྒྲིམ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་རང་ངོས་གསར་བརྗེ་ནི་གཙོ་བོར་བཅོས་སྐྱོང་དབང་ཆར་གནས་ཤིང་། དབང་ཆ་ལམ་ལུགས་ཀྱི་དོ་དམ་ཁྲོད་འཇུག་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། དབང་ཆ་ལམ་ལུགས་ཀྱི་དོ་དམ་ཁྲོད་འཇུག་པར། ལམ་ལུགས་དང་གཏན་འབེབས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་ཚགས་དམ་ཞིང་རྙོག་འཛིང་མེད་པ་དང་། ནུས་ལྡན་གོ་ཆོད་ཡོང་བར་བྱ་དགོས་པ་མ་ཟད། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་རྒྱབ་སྟེ། འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སློབ་གསོ་པུའུ་རུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ཝང་ཁྲེང་ཝུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་གཟིགས་རྒྱང་ཡངས་པོས་ང་ཚོར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས།     སྡོད་མངགས་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་ཡིན་པའི་ཆ་ནས། ལྟ་རྟོག་གི་ནུས་པ་འདོན་སྤེལ་བྱས་ཏེ། ལས་རིགས་ཁྱབ་ཁོངས་ཁྲོད་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཁ་ཤས་ཀྱི་རྩ་དོན་རགས་རིམ་ཡིན་ལ། དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་མེད་པ། ཁྲིམས་སྲོལ་ལམ་ལུགས་མི་འདྲ་བའི་བར་གྱི་འབྲེལ་མཐུད་དམ་ཟབ་མིན་པ། འཐུས་ཤོར་ཡོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མགྱོགས་མྱུར་སྒོས་བཟོ་བཅོས་དང་ཁ་གསབ་བྱེད་དགོས་ལ། ལམ་ལུགས་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ལམ་ལུགས་ཚགས་དམ་ཞིང་རྙོག་འཛིང་མིན་ལ་ནུས་ལྡན་སྒོས་སྤྱོད་གོ་ཆོད་པར་བྱས་ཏེ། ནུས་མེད་ཀྱི་བྱེད་ཐབས་སྔོན་འགོག་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་བཀག་རྡོ་ལྟ་བུ་ཡིན་ཞིང་། རུལ་སུངས་ལ་རྒོལ་བ་ནི་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་རེད། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མེད་པར་རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་། ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ། ངན་པ་གཙང་སེལ་བཅས་བྱས་ཏེ་རུལ་སུངས་པར་གཞའ་ས་མེད་པར་བྱེད་དགོས།

ཅང་ཞི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཚབ་ཀྲུའུ་རེན་ཧྲི་ཡུས་པའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་རྒོལ་བུའི་ལམ་བུའི་དོན་སྙིང་རྒྱས་བཤད་གཏིང་ཟབ་གནང་སྟེ། གཞི་གཅིག་གིས“་རུལ་སུངས་མི་བྱེད་པ་གསུམ”ལ་སྐུལ་རྒྱུར་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་། ང་ཚོས་གཞི་གཅིག་གིས“རུལ་སུངས་མི་བྱེད་པ་གསུམ”ལ་སྐུལ་འདེད་གཏོང་ཤུགས་ཇེ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་བྱ་ཡུལ། གནད་དོན་གཙོ་བོ་བཅས་ལ་དམ་པོར་དམིགས་ནས། རྡུང་རྡེག་ཚ་ནན་གཏོང་རྒྱུ་རྒྱུན་འཁྱོངས་དང་། ལམ་ལུགས་ཀྱི་དོ་དམ་གཟབ་ནན་དུ་གཏོང་དགོས་ལ། ཚན་རྩལ་ལ་བརྟེན་ནས་རུལ་སུངས་ལ་རྒོལ་ནུས་ཆེ་རུ་གཏོང་བ་དང་། གྱོད་དོན་ལ་བརྟེན་ནས་བཅོས་བསྒྱུར་དང་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རུལ་སུངས་དག་ཐེར་གྱི་བཅོས་སྐྱོང་བྱེད་པའི་ཕྱོགས་བསྡུས་ཕན་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཧེ་ལུང་ཅང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པེན་ཞུའེ་ཝུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་རིག་སྔར་བས་གསལ་ཞིང་བློ་རྩ་བརྟན་པོས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ང་ཚོ་དུས་ནམ་ཡང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་དུ་ཡོད་ལ། ནམ་ཡང་རུལ་སུངས་ལ་ངོ་རྒོལ་བྱེད་བཞིན་པ་རྒྱུན་འཁྱོངས་བྱས་ཏེ། མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཡོངས་ཀྱི་བསམ་གཞིགས་འཛུགས་དགོས་ལ། ཉེས་ཆད་དྲག་པོ་གཅོད་པ་དང་། གནད་འཁེལ་དག་ཐེར། ནུས་ལྡན་སྔོན་འགོག མཉམ་དུ་དམ་འཛིན་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་དགོས། ང་ཚོས་ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་། སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ཁྲིམས་ནན་སྲུང་།  རུལ་སུངས་ལ་ངོ་རྒོལ་བཅས་ཕན་ཚུན་འབྲེལ་མཐུད་བྱས་ཏེ། དོན་དམ་དུ་གཟབ་ནན་གྱི་ཁོར་ཡུག་བསྐྲུན་དགོས་ལ། དར་སྲོལ་བཟང་པོ་ཞིག་སྐྲུན་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།