མཚོ་སྔོན་གྱི་རིས་གསུམ་ཉ་རྒྱལ་སྤྱི་ལ་ཐད་ཀར་སྐྱེལ་བར་ཐོད་བརྒལ་གསར་པ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས12ཉིན། ཐེ་ལན་ཡུའེ་ཅེ་མཁའ་འགྲུལ་གྱི་གནམ་གྲུ་འཕུར་ཐེངསVZ-3691ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ཏེ“གནམ་གྲུའི་ལྟེ་བར་དངོས་ཟོག་འཁྱེར་བའི”མཚོ་སྔོན་གྱི་རིས་གསུམ་ཉ་ཏུན་གཅིག་གྲངས་ཆུང་བརྒྱད་བདེ་བླག་ངང་མན་ཀུའུ་ལ་བསྐྱལ་ནས་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཐད་ཀར་སྐྱེལ་འདྲེན་མངོན་འགྱུར་བྱུང་ལ།     སྐྱེལ་འདྲེན་ཧྲིལ་པོའི་དུས་ཡུན་དེ་སྔའི་རྒྱལ་སྤྱིའི་བར་བརྒྱུད་བྱེད་སྟངས་ལས་ལྡབ6ཇེ་མཐོར་སོང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གསར་པ“ཕྱིར་གཏོང་བྱེད་པར”ཆོད་ཆེའི་བགྲོད་ལམ་གསར་པ་བཏོད།

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱིར་གཏོང་གཞི་ཁྱོན་རྒྱ་སྐྱེད།     ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་བཅས་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། “གནམ་གྲུའི་ལྟེ་བར་དངོས་ཟོག་འཁྱེར་བའི”ལས་སྒོ་རྣམ་པ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ད་ཡོད་ཀྱི་རྒྱལ་སྤྱིའི་བར་བརྒྱུད་བགྲོད་ལམ་བརྟན་བརླིང་འཁོར་གཉེར་བྱེད་པའི་རྨང་གཞིའི་ཐོག རྒྱལ་སྤྱིའི་བར་བརྒྱུད་ཟོང་འདྲེན་གནམ་གྲུ་ཡོངས་ཀྱི་མཁའ་འགྲུལ་ལམ་ཐིག་ཐོག་མར་བཏོད།   ད་ཐེངས་མན་ཀུའུ་ལ་ཐད་ཀར་འཕུར་སྐྱོད་བྱས་པའི་གོ་སྐབས་ལ་བརྟེན་ནས་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་རྒྱལ་སྤྱིའི་ཐད་གཏོང་མཁའ་འགྲུལ་ཟོང་འགྲུལ་ཐག་གཅོད་ཇུས་གཞི་རང་འགུལ་ངང་ཇུས་འགོད་དང་གནད་འཁེལ་སྒྲིག་བཟོ་བྱས་ནས། སྒོ་ཁྲལ་དང་མཁའ་འགྲུལ་ཀུང་ཟི་སོགས་ཕྱོགས་མང་པོའི་ཐོན་ཁུངས་ཆོད་ཆེའི་གཅིག་འདོམས་མཐུན་སྦྱོར་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཕུར་ཐེངས་དང་པོའི་དངོས་ཟོག་སྐྱེལ་འདྲེན་བདེ་བླག་དང་གྲུ་སྟེགས་བརྟན་བརླིང་། སྐྱེལ་འདྲེན་ཆོད་ཆེ་བཅས་ཡོང་བར་འགན་སྲུང་བྱས་ནས། “མཚོ་སྔོན་གྱི་དངོས་ཟོག་མཚོ་སྔོན་ནས་ཕྱིར་གཏོང་བྱེད་པའི”མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་རིམ་སྤར་མངོན་འགྱུར་བྱས།

མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་ཟི་ལིང་ནས་མན་ཀུའུ་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་གྱི་མཁའ་འགྲུལ་ལམ་ཐིག་གི“གནམ་གྲུའི་ལྟེ་བར་དངོས་ཟོག་འཁྱེར་བའི”ལས་སྒོ་རྒྱུན་མཐུད་བརྟན་བརླིང་འཁོར་གཉེར་བཅས་བྱས་ཏེ། མཚོ་སྔོན་གྱི་རིས་གསུམ་ཉ་ཕྱིར་གཏོང་རྒྱུན་རྣམ་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།     དེ་དང་ཆབས་ཅིག་ཟླ1ཚེས20ཉིན་དང་ཚེས22ཉིན་ཅིན་ཏུང་དང་ཧྲོན་ཧྥུན་གྱི་ཟོང་འདྲེན་གནམ་གྲུ་ཡོངས་ཀྱི་མཁའ་འགྲུལ་ལམ་ཐིག་བསྟུད་མར་གཏོད་དེ། མཚོ་སྔོན་གྱི་དུས་ཚིགས་རང་བཞིན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་སྐྱེལ་གྱི་དྲ་རྒྱ་སྔར་བས་ཇེ་དམ་དུ་བཏང་ནས་མཁའ་འགྲུལ་ཟོང་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་མཁའ་འགྲུལ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།