ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རང་རྒྱལ་གྱི་ས་ཆའི་ཐོན་ཁུངས་སྤྱོད་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱིས་ས་ཞིང་གྲོན་ཆུང་དང་ཞིབ་བསྡུས་བེད་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཕན་ནུས་དམའ་བའི་ས་ཆ་དང་བེད་མེད་ས་ཆ་ཕན་སྒྱུར། ཐོན་ལས་གླིང་ཁུལ་གྱི་ས་ཆ་བེད་སྤྱོད་བྱེད་པའི་ཆེད་དོན་བཅོས་སྐྱོང་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ཡར་རྒྱས་བྱུང་ནས། ས་ཆའི་ཐོན་ཁུངས་སྤྱོད་པའི་ཕན་འབྲས་མངོན་གསལ་སྒོས་ཆེ་རུ་ཕྱིན།

རང་བྱུང་ཐོན་ཁུངས་པུའུ་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སིའི་སི་ཀྲང་གཞོན་པ་ཀྲོའུ་ཐིན་གྱིས་བཤད་རྒྱུར། 2025ལོར། རང་རྒྱལ་གྱིས་ཕན་ནུས་དམའ་བའི་ས་ཆ་ཡང་བསྐྱར་གསར་སྤེལ་ཚོད་ལྟ་བྱེད་པའི་གྲངས་འབོར100བར་མང་དུ་བཏང་སྟེ། ཕན་ནུས་དམའ་བའི་ས་ཞིང་མུའུ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བདུན་ཡང་བསྐྱར་གསར་སྤེལ་བྱས་ལ། རྒན་གསོ་དང་ལུས་རྩལ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་ལ་དམིགས་ནས། རྒྱབ་སྐྱོར་སྲིད་ཇུས་འདོན་རྒྱུར་གཞོགས་འདེགས་བྱས་ཤིང་། གསོག་འབོར་བར་སྟོང་གི་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་།

རང་བྱུང་ཐོན་ཁུངས་པུའུ་ཡིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་སུ། རང་རྒྱལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་མཁོ་འདོན་གསོག་འབོར་དང་འཕར་ཚད་གཅིག་གྱུར་འཆར་འགོད་དང་། ཡུལ་བབ་དང་བསྟུན་ནས་ལུགས་མཐུན་གྱི་བསྲེས་སྦྱོར་བསྡུར་ཚད་མཁོ་འདོན་ལམ་སྲོལ་བཙུགས་ཏེ། བེད་མེད་དུ་བསྐྱུར་བའི་ས་ཞིང་ཐག་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་ངེས། དུས་མཚུངས་སུ། གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་གྱི་སྡེ་བའི་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ས་སྤྱོད་སྲིད་ཇུས་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ནས། ས་གནས་ཁག་གིས་ཕན་ནུས་དམའ་བའི་ས་ཞིང་ཡང་བསྐྱར་གསར་སྤེལ་བྱེད་པར་མཛུབ་སྟོན་བྱས་ཏེ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་འདེགས་སྐྱོར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།