མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་འབྲེལ་ཡོད་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ཏང་ཀྲུང་དབྱང་གིས་ལོ་རེར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་ཆེད་དུ་ཉན་པ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དེས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ནུས་ཡོད་སྒོས་མངོན་པར་བྱས་ཡོད། ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། བསམ་སྦྱོར་གཉིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ལས་འགན་སྟེང་རང་རྟོགས་སྒོས་གཅིག་གྱུར་བྱེད་པ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ནས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་བཟང་པོར་སྒྲུབ་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྤྱོད་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། སློབ་སྦྱོང་སློབ་གསོ་དང་ཞིབ་འཇུག་འགྲེལ་ཀློག དྲིལ་སྒྲོག་ཁྱབ་གདལ་ཐད་ཤུགས་བཏོན་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་མང་ཚོགས་ཅན་གྱི་ཁྱབ་སྤེལ་དང་གོ་བདེ་ཅན་གྱི་འགྲེལ་ཀློག ལག་ལེན་ཅན་གྱི་འཁོར་སྐྱོད་བཅས་ལ་སྔར་ལས་སྐུལ་འདེད་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་གཅིག་བསྡུས་དང་དྲིལ་སྒྲོག་གསར་གཏོད་གཏིང་ཟབ་ཏུ་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཏམ་རྒྱུད་བཟང་པོར་བཤད་དགོས། དྲིལ་སྒྲོག་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དམ་འཛིན་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དམ་འཛིན་ནན་མོ་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བརྟན་སྲུང་བྱས་ནས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་རྣམ་པ་གསར་པ་རྒྱུན་མཐུད་ངང་གཏོད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས〈ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་བའི་སྐོར་གྱི་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པའི〉ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་པ་དང་། རང་ཞིང་གི་ཡིག་ཆ་ཨང་དང་པོ་གཏན་འབེབས་བྱེད་རྒྱུ་ནི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་ཞིང་གི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་འགག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ལ་དམིགས་ནས་ལངས་གནས་སྔར་ལས་མཐོན་པོས“ཞིང་གསུམ”བྱ་བར་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་སྔར་ལས་བཟང་པོས་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བ། མཉམ་ཤུགས་སྔར་ལས་ཆེན་པོས་བྱ་བ་དོན་འཁྱོལ་དམ་འཛིན་ནན་མོ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་འབྲེལ་ཡོད་རྒྱུ་ཆར་གྲོས་ཞིབ་བྱས་པ་དང་། 2025ལོའི་ཏང་ཨུ་དང(ཏང་ཙུའུ)ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱས་པའི་ཐད་ཀྱི་འགན་སྒྲུབ་སྙན་ཞུའི་གྲོས་དཔྱད་གནས་ཚུལ་ལ་ཉན།
གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།