ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་ཧྥིང་ཁང་གིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བཟང་བོ་བྱས་ནས་སྤུས་ཚད་མཐོན་པོས་ལས་ཞུགས་བྱེད་པར་ནུས་ཡོད་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་དང་། དེ་ནི་ང་ཚོའི་བྱ་བའི་ཤུགས་འདོན་ས་གཙོ་བོ་ཡིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་ཇུས་ཀྱིས་བྱེད་ནུས་བསྩོལ་རྒྱུ་ཁྲིད་སྟོན་དུ་བྱས་ནས་དགོས་མཁོ་བཀོད་སྒྲིག་དང་ཁྱད་ལྡན་ཟོང་རྟགས་ཀྱི་སྐུལ་ཁྲིད། མི་ཚོགས་གཙོ་བོའི་འགན་སྲུང་སོགས་བྱེད་ཐབས་བརྒྱུད་དེ་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་སྟོང་གཅིག་དང་བརྒྱད་བརྒྱ་བཅུ་བཞི་ལ་སླེབས་པ་དང་ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མི་ཉིས་བརྒྱ་དོན་དགུ་ལས་ཞུགས་བྱས་ཤིང་། མཁར་གྲོང་གི་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱས་ཚད་མི་སྟོང་གཉིས་དང་ལྔ་བརྒྱ་ཞེ་བརྒྱད་ལ་སླེབས་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱས་ཚད་མི་ཐེངས་ཁྲི་གཉིས་དང་བརྒྱད་བརྒྱ་བཅུ་གཉིས་ལ་སླེབས་ཡོད།
2025ལོར། རྨ་ལྷོ་ཁུལ་གྱིས་ལས་ཞུགས་བྱ་བར་གཅིག་གྱུར་སྐུལ་འདེད་བཏང་སྟེ་ལས་ཞུགས་ཡར་སྐུལ་གྱི་འགུལ་སྐྱོད་ཇུས་གཞི་དྲུག་སོགས་སྲིད་ཇུས་བཏོན་པ་དང་། སྲིད་ཇུས་ཀྱིས་མཐུན་སྦྱོར་དང་མ་དངུལ་གྱིས་གཟིགས་སྐྱོང་། ཞབས་ཞུའི་འགན་སྲུང་བཅས་མཉམ་བསྲེས་ཀྱི་མུ་ཕྲེང་ཡོངས་ཀྱི་ལས་ཞུགས་སྐུལ་འདེད་མ་ལག་བསྐྲུན་ནས་སྤུས་ཚད་མཐོ་མཐོ་བའི་ལས་ཞུགས་ཐད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།
དགོས་མཁོ་བཀོད་སྒྲིག་ཐད་རྨ་ལྷོ་ཁུལ་གྱིས་གཞི་རིམ་དུ་ལས་གནས་བཀོད་སྒྲིག་བྱེད་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་གཞི་རིམ་དུ་ལས་ཞུགས་ཞབས་ཞུ་བཟང་བོ་ལོངས་སྤྱོད་བྱེད་ཐུབ་པར་བྱས། རང་འགུལ་ངང་འབྲི་ཆུའི་ཟུར་གསུམ་གླིང་སོགས་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དང་སྦྲེལ་མཐུད་བྱས་ཏེ་ལས་གནས་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་སྤེལ་ནས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཚོགས་སྒྲིག་རྣམ་པས་གནས་གཞན་ལས་ཞུགས་བྱེད་པར་རྩ་འཛུགས་བྱས། རྫོང་གཅིག་ལ་ཟོང་རྟགས་གཅིག་གི་ཁྱད་ལྡན་ངལ་ལས་ཟོང་རྟགས་བསྐྲུན་ནས་གཅན་ཚའི་ཤིང་བཟོ་དང་ཐུན་རིན་གྱི་རི་མོ་བ། ཧོར་གྱི་རྡོ་བརྐོས་བཅས་ཁུལ་རིམ་པའི་ངལ་ལས་ཟོང་རྟགས་གསུམ་གསར་དུ་ངོས་འཛིན་བྱས་ནས་རོང་འབྲོག་མང་ཚོགས་ཀྱིས་རང་ས་གནས་ནས་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས།