ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་ཚོགས་འདུའི་འབྲེལ་ཡོད་མི་དོན་བྱ་བའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། འདེམས་བསྐོ་བྱ་རྒྱུ་ཡིན་པའི་མི་སྣས་ལས་འགན་མ་འཁུར་གོང་གི་གཏམ་བཤད།
ཚོགས་འདུའི་ཐོག《ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་ཡང་ན་མེད་པར་བཟོ་རྒྱུར་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི》སྐོར་གྱི་གསལ་བཤད་ལ་ཉན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དབྱང་ཧྥུང་ཁྲུན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར》ཉན།
ཚོགས་འདུའི་ཐོག《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི》ནང་གི་ནོར་སྲིད་ཐད་ཀྱི་ཁྲིམས་སྲོལ་དང་འབྲེལ་བ་ཡོད་པའི་གྲོས་ཞིབ་བསམ་འཆར་དང་། 《ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི》ནང་གི་ཁོར་ཡུག་མ་རྩ་ཐད་ཀྱི་ཁྲིམས་སྲོལ་དང་འབྲེལ་བ་ཡོད་པའི་གྲོས་ཞིབ་བསམ་འཆར་པར་འགྲེམས་བྱས།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར(མ་ཟིན)》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པའི་ཚོགས་འདུའི་གྲོས་རིམ(འཆར་ཟིན)》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུར་སྤྲད་ནས་བརྡས་ཐག་གཅོད་དུ་འཇུག་རྒྱུ་རེད།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུའི་སྟེང་འདེམས་བསྐོ་བྱེད་པར་ཕུལ་བ།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་ཚོགས་སུ་ཞུགས་པའི་མི་སྣའི་མིང་ཐོ(འཆར་ཟིན)》གཏན་འབེབས་བྱས།
ཚོགས་འདུའི་ཐོག《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན། )》དང《མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུར》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་བྱ་བར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་མི་སྣར་བསྐོ་གཞག་དཔང་ཡིག་སྤྲད།
ཚོགས་འདུའི་ཐོག་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས།
ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིག་སོགས་ཚོགས་འདུར་ཟུར་ཞུགས་བྱས།།