དམངས་འཚོའི་བྱ་ཐབས་ལེགས་པར་སྤྱད་ནས་མང་ཚོགས་ཀྱི་འཚོ་བར་ཕན་པ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ལོ་གསར་བའི་ནང་། དམངས་འཚོའི་བྱ་ཐབས་གསར་པ་རབ་དང་རིམ་པ་གཅིག་སྡུད་སྒོས་དོན་འཁྱོལ་བྱས་ནས། མང་ཚོགས་ཀྱི་འཚོ་བར་དོན་དན་པའི་སྟབས་བདེ་དང་དངོས་ཕན་བསྐྲུན།  

ལོ་གསར་བར་སླེབས་མ་ཐག 2026ལོའི་འཛད་སྤྱོད་ཐོན་རྫས་ཀྱི“རྙིང་ཚབ་གསར་བརྗེའི”བྱེད་སྒོ་རྒྱལ་ཡོངས་སུ་སྤེལ། ད་ལོ་འཁྱགས་སྒམ་དང་གོས་འཁྲུལ་འཕྲུལ་ཆས་སོགས་ལྗང་མདོག་ཁྱིམ་སྤྱོད་གློག་ཆས་རིགས་ཆེན་པོ་དྲུག་ཉོ་བའམ། བེད་མེད་དང་གོ་བརྗེ་རླངས་འཁོར་ལ་དེ་མཚུངས་ཀྱི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་མ་ཟད། རིག་ནུས་ཤེལ་མིག་དང་རིག་ནུས་ཁྱིམ་ཆས་ཐོན་རྫས་ཀྱང་ཁ་གསབ་ཀྱི་ཁྱབ་ཁོངས་སུ་བཞག་ཡོད།

དོན་དམ་པའི་“རྒྱལ་ཁབ་ཀྱི་ཁ་གསབ”ཀྱིས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་བའི་དུས་མཚུངས་སུ། རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་ཡིས་ཡང་དམངས་འཚོ་ལེགས་བཅོས་ཐད་ཕན་ཁེ་བསྐྲུན། 2026ལོར་རྒྱལ་ཁབ་ཀྱིས་དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་བཀོད་སྒྲིག་བྱས་ནས། གཞིས་ཁུལ་རྙིང་པར་གློག་སྐས་དང་རྒན་གསོའི་ལས་ཁུངས་ཀྱི་སྒྲིག་བཀོད་གསར་སྒྱུར་ལ་རྒྱབ་སྐྱོར་བྱས་ཤིང་། ས་ཆ་མང་པོས་ཀྱང་དེར་བསྟུན་ནས་སྲིད་ཇུས་ཆ་ཚང་བཟོས། ཉིན་འདི་དག་ལ་ཧུའུ་ནན་ཁྲང་ཧྲ་རྫོང་ཨན་ཧྲ་གྲོང་རྡལ་དུ། ས་གནས་དེ་གས་རྒན་གསོ་ལྟེ་གནས་དེར་ཉལ་ཁང་དུ་འགྱེལ་བར་ཞིབ་དཔྱད་ཚད་ལེན་གྱི་ལེ་ཏ་དང་ཛ་དྲག་སྐད་བརྡའི་མ་ལག་སོགས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། བར་ཁྱམས་དང་ཅོག་ཙེ། རྐུབ་སྟེགས་ལ་ཡང་སྒྱུར་བཀོད་བྱེད་བཞིན་འདུག 

མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ཏེ་གནད་འཁེལ་ཇུས་འདོན་བྱས་ལ། ད་ལོའི་ཚུན་དུ། དམངས་འཚོའི་སྲིད་ཇུས་རབ་དང་རིམ་པར་དྲོད་འཁོལ་ལྡན། སྨན་གསར114རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་ནང་བཅུག་པ་དང་། ལས་བཟོ་བའི་སྨན་བཅོས་འགན་སྲུང་གི་མི་སྒེར་རྩིས་ཁྲའི་མ་དངུལ་ཞིང་ཆེན་བརྒལ་ནས་མཉམ་རོགས་བེད་སྤྱོད་བྱས་ཆོག་ལ། མང་ཚོགས་ཀྱིས་ནད་ལ་ལྟ་བར་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ལག་བརྒྱུད་ཁང་པ་ཁག་ཅིག་གི་ཉོ་འཚོང་མ་རྩ་དང་ལག་ཡོད་ཁང་བའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཚད་ཇེ་དམའ་རུ་བཏང་ནས། སྡོད་དམངས་ཀྱི་ཁྱིམ་ཚང་གི་འགྱུར་མེད་རང་བཞིན་གྱི་སྡོད་ཁང་དགོས་མཁོ་སྐོང་ཐུབ། བུ་བཅོལ་ཁང་གི་སློབ་ཡོན་ཚད་ལྡན་དུ་བཏང་བ་དང་། སྤྱིར་བཏང་གི་མཐོ་འབྲིང་སློབ་གནས་མང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ལ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱས།

ཉེ་ལམ། ལོ་གསུམ་མན་གྱི་བྱིས་པ་དམར་འབྱར་ལ་ཁ་ཕྱོགས་པའི2026ལོའི་བྱིས་པ་གསོ་བའི་ཁ་གསབ་ཕྱོགས་ཡོངས་ནས་ཞུ་ལེན་བྱེད་མགོ་བརྩམས་ནས། བྱིས་པ་རེས་ལོ་རེར་སྒོར་སུམ་སྟོང་དྲུག་བརྒྱ་བླངས་ཆོག 2026ལོར་ས་གནས་ཁག་གིས་ད་དུང་ཀུན་ཕན་རྟེན་གནས་འབུམ་གཅིག་ཁྲི་ལྔ་གསར་དུ་བསྣན་ནས། གྲོང་ཁྱེར་དེ་བས་མང་བར་ཡུན་རིང་ནད་སྐྱོང་འགན་བཅོལ་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་རྨས་སྐྱོན་འགན་སྲུང་ཚོད་ལྟ་རྒྱལ་ཡོངས་སུ་རྒྱ་ཆེར་བཏང་ནས། དམངས་འཚོའི་བྱ་ཐབས་ཞིབ་ཚགས་དེ་བས་མང་བས་མང་ཚོགས་ལ་དེ་བས་མང་བའི་བདེ་སྐྱིད་བསྐྲུན་ངེས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།